མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སླར་ཡང་བཙོན་འཇུག

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཆབ་སྲིད་བཙོན་ཟུར་གསུམ་ལ་བོད་ནང་ཁུལ་གྱི་གསང་བ་ཕྱིིར་སྒྲོག་པའི་ཉེས་མིང་འོག་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་ ༨ ཡན་གྱི་ཁྲིམས་ཐག་བཅད་འདུག

བོད་གཞུང་དྲ་བའི་སྟེང་གནས་ཚུལ་བཀོད་པ་ལྟར་ན། རྒྱ་གཞུང་གིས་ལོ་སྔོན་མའི་ལྷ་སའི་ཞི་རྒོལ་ཁྲོད་མཉམ་ཞུགས་གནང་མེད་ཅིང། ལྷ་ས་རུ་སོ་སོའི་ལས་གནས་སྟེང་བྱ་བ་སྒྲུབ་བཞིན་པའི་ཆབ་སྲིད་བཙོན་པ་བོད་མི་གསུམ་ལ་ལྷ་སའི་བདེ་སྲུང་ལས་ཁུངས་ཀྱིས་ལོ་སྔོན་མ་འི་ཕྱི་ཟླ་ ༣ པ་ནས་གློ་བུར་ཁྱིམ་ནས་བཙན་གྱིས་ཁྲིད་དེ་བཀག་ཉར་བྱས་ཡོད་འདུག་ལ། ཉེ་ཆར་ཁོང་ཚོ་གསུམ་ཀར་ཁྲིམས་ཆད་ཚེ་བཙོན་དང་ལོ་བརྒྱད་ལྷག་བཅད་ཡོད་པ་རེད།

དེ་དག་ཁྲོད་ཕ་ཡུལ་སྟག་རྩེ་ནས་ཡིན་ཞིང་རང་ལོ་ ༣༩ ཡིན་པའི་དབང་འདུས་ལགས་ནི།  སྔོན་མ་ལྷ་སའི་གཙུག་ལག་ཁང་གི་གྲྭ་བ་ཡིན་པ་དང་།  ༡༩༨༩ ལོའི་ལྷ་སའི་ཞི་རྒོལ་ཁྲོད་འཛིན་བཟུང་བཙོན་འཇུག་ལོ་ ༣ རིང་བྱས་ཤིང་། བཙོན་ཁང་གི་དུ་ཡུན་མ་རྫོགས་པར་ ༡༩༩༡ ལོར་བཙོན་ཁང་དུ་ཆབ་མདོ་བཅིངས་གྲོལ་ཐོབ་སྟེ་ལོ་འཁོར་བཞི་བཅུ་ལོན་པའི་དུས་སྐབས་དང་བསྟུན་བཙོན་པ་ཁག་ཅིག་གི་ངོ་རྒོལ་བྱས་སྐབས་ཡང་བསྐྱར་ལོ་ ༤ ལ་བཙོན་འཇུག་བྱས་ཡོད་འདུག མི་ལོ་བདུན་རིང་གི་བཙོན་ཁང་གི་དུས་ཡུན་རྫོགས་ཏེ་ལྷ་ས་རུ་རེག་དུག་ནད་ཚའི་སྐོར་ལ་ཕྱག་ལས་གནང་གི་ཡོད་ནའང་། ལོ་སྔོན་མའི་ནང་ལྷ་སའི་བདེ་སྲུང་ཚན་པས་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་ཉེས་མིང་འོག་བཙན་ཁྲིད་བྱས་ཏེ་ཉེ་ཆར་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁོ་བོའི་ཚེ་གང་གི་ཆབ་སྲིད་ཀྱི་དབང་ཆ་འཕྲོག་ཡོད་པ་མ་ཟད། ཚེ་བཙོན་གྱི་ཁྲིམས་ཆད་བྱས་ཡོད་འདུག

དེ་བཞིན་སྐྱེས་ཡུལ་ལྷ་ས་ནས་ཡིན་ཞིང། ལྷ་སའི་གངས་ལྗོངས་མགྲོན་ཁང་གི་ལས་ཀ་བྱེད་བཞིན་པའི་རང་ལོ་ ༤༠ ཡིན་པའི་ཕུན་ཚོགས་རྡོ་རྗེ་ལགས་ཀྱང་། ༡༩༨༩ ལོར་ཆབ་སྲིད་ཀྱི་དོགས་གཞིའི་འོག་གྲྭ་བཞི་བཙོན་ཁང་ནས་དུས་བཀག་བཙོན་འཇུག་ལོ་ ༡༠ བྱས་ཡོད་པ་དང་། ལོ་སྔོན་མའི་ཞི་རྒོལ་གྱི་རྗེས་སུ་ལྷ་སའི་བདེ་སྲུང་ཚན་པས་གསང་བའི་སྒོ་ནས་ཕྱི་ཕྱོགས་ལ་གནས་ཚུལ་མཁོ་སྤྲོད་བྱེད་བཞིན་པའི་ཉེས་མིང་འོག་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་སྔ་ལོ་ཕྱི་ཟླ་ ༡༠ བའི་ནང་དུས་བཀག་བཙོན་འཇུག་ལོ་ ༡༠ དང་ཚབ་སྲིད་དབང་ཆ་ལོ་ ༥ འཕྲོག་པའི་ཁྲིམས་ཆད་བྱས་ཡོད་པ་རེད། 

སྐྱེས་ཡུལ་ཁམས་ཚ་བ་དཔའ་ཤོད་ནས་ཡིན་ཞིང་། རང་ལོ་ ༤༠ ཡིན་པའི་ཚེ་དབང་རྡོ་རྗེས་ལགས་ཀྱང་ ༡༩༨༩ ལོའི་ལྷ་སའི་ཞི་རྒོལ་སྐབས་འཛིན་བཟུང་བྱས་ཏེ་གསང་བའི་སྒོ་ནས་ཏེ་ལོ་ ༣ རིང་བཙོན་འཇུག་བྱས་ཡོད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་ལ། ལོ་སྔོན་མའི་ཞི་རྒོལ་གྱི་སྐབས་དང་བསྟུན་ཏེ་རྒྱ་གཞུང་ལྷ་སའི་བདེ་སྲུང་ཚན་པས་གསང་བའི་སྒོ་ནས་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། ཆབ་སྲིད་དབང་ཆ་ལོ་ ༥ འཕྲོགས་པ་དང་དུས་བཀག་བཙོན་འཇུག་ལོ་བཅུ་ཡིན་པའི་ཁྲིམས་ཐག་བཅད་ཡོད་པ་རེད།

གོང་གསལ་གྱི་མི་སྣ་འདི་དག་བཙོན་འཇུག་ཁྲིམས་ཆད་བྱས་ཏེ་ཡུན་རིང་འགོར་ཡོད་ནའང་། རྒྱ་གཞུང་གིས་ད་ལྟའི་ཆར་ཡང་ནང་མི་དང་གཉེན་ཉེ་སུ་ལའང་ཐུག་འཕྲད་ཀྱི་གོ་སྐབས་སྤྲོད་ཀྱིན་མི་འདུག་ལ། བཙོན་ཁང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་ཤེས་རྟོགས་ཐུབ་ཀྱིན་མེད་པ་རེད།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༥ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 15

  1. གཅེན་པོ། says:
    ལོ་ 17 སྔོན།

    ཚ་ཕྲུག་འདུན་མཚོ་ལགས་དངོས་གནས་བསམ་ཆར་ཡག་པོ་འདུག
    བདེན་པ་རེད།
    ཨོ་རྩལ་འགྲན་བསྡུར་ཚར་སོང་།།
    བྱེས་འབྱོར་ངར་ཤུགས་ཟད་སོང་།།
    གཞུང་སྒེར་ཚོགས་པ་གཉིས་པོ།།
    སྐྱིད་པའི་གཉིད་ལ་རོལ་སོང་།།

    Reply
  2. ཚ་ཕྲུག་འདུན་མཚོ་ says:
    ལོ་ 17 སྔོན།

    གནས་ཚུལ་འདི་དང་འདི་འདྲ་བའི་རིགས་དེང་གི་ཆ་མང་དུ་ཕྱིན་ཀྱང་།
    བྱེས་སྡོད་བོད་མི་ཚོ་ད་དུང་ཡང་གོ་མེད་ཚོ་མེད་སྡོད་ན་ལས་འབྲས་ལ་འགྲོ་མིན་བསམ་བློ་གཏང་དགོས་པ་ཆག་ཡོད་༢༠༠༧ ལོ་གཞིས་སྡོད་བོད་མི་རྣམས་མ་ལངས་སྔོན་ལ་ཤུགས་ཆེན་པོ་ཞིག་ལངས་ནས་གཞིས་སྡོད་ཆོལ་གསུམ་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་བྱས་ནས་ད་ལྟའི་བར་དུ་ཚང་མ་ཆད་པར་ལང་ཀྱང་།
    རྒྱ་ངམར་གྱི་ཨོ་རྩལ་ཚོགས་ཚར་རྗེས་བྱེས་སྡོད་བོད་མི་ཚང་མ། མ་མེ་ཁྲོམ་དཀོར་ཙམ་ལས་ལས་འགུལ་གཞན་གང་ཡང་དཔེལ་མི་ཐུབ་པའང་མི་དཔེལ་བ་འདི་རྒྱུ་མཚན་གང་ལ་ཐུག་ཡོད་དམ། ང་ཚོའི་ལས་འགུལ་དཔེལ་རྒྱུ་ནི་རྒྱ་དམར་གྱི་ཨོ་རྩལ་ཚོགས་ཡ་དཀག་རྒྱུའི་ཆེད་མིན་པ། རང་གི་ས་ཆ་རང་ལག་ཏུ་ལེན་རྒྱུ་དེ་ཡིན་ན་རང་ས་རང་ལག་ཏུ་མ་ལོན་བར་དུ་ལས་འགུལ་དཔེལ་དགོས་རྒྱུ་གལ་ཆེ་སྙམ།།

    Reply
  3. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    དཔའ་རྒྱལ་ས་ལྷ་ནས་བབས་ཤོག།
    རྟགས་རྫུ་འཕྲུལ་རྒྱ་ལ་སྟོན་རོགས།།
    འདི་སངས་རྒྱས་བསྟན་པའི་དོན་ཡིན།།
    བོད་མགོ་ནག་མི་ཡི་ཆུས་ཡིན།།

    བུ་གེ་སར་ཆོ་འཕྲུལ་ཐོན་ཤོག།
    སྡང་དགྲ་བོ་ཆོམ་ལ་འབེབ་རོགས།།
    འདི་ཉམ་ཆུང་མི་ཡི་སྡུག་ཡིན།།
    ཁྲག་མིག་ཆུ་གཉིས་ཀྱི་དུས་ཡིན།།

    Reply
  4. གཅེན་པོ། says:
    ལོ་ 17 སྔོན།

    གཞི་ལུས་དཔའ་བོ་ནམ་མཁའི་མཇའ་ལྟར་ཡལ།།
    བྱེས་འབྱོར་སྤུན་གྲོགས་མར་མེའི་ཁྲོམ་བསྐོར་དགའ།།
    དུས་ཚོད་རྟ་ཕོ་མི་དལ་བགྲོད་ལ་བྲེལ།།
    གངས་ཅན་ཕུགས་བསམ་བར་སྣང་ཁམས་ཀྱི་གྲོགས།།

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    གཡུ་སེང་ཨ། ཅི་ཞིག་རེད།

    Reply
  6. གཡུ་སེང་ཨ says:
    ལོ་ 17 སྔོན།

    hallo hallo hallo …………………………

    Reply
  7. སོག་ཤོད་ལྷག་བསམ། says:
    ལོ་ 17 སྔོན།

    རྒྱ་ནག་་ཀླ་ཀློ་གྲོང་རྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོངརྒྱ་ནག་་ཀླ་ཀློ་གྲོང

    Reply
  8. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    གཤེད་མ། གཤིན་རྗེའི་ཁབ། སྲིན་པོའི་ཡུལ ཀླ་ཀློའི་གྲོང་།

    Reply
  9. བདེ་ཆེན་སྒྲོལ་མ། says:
    ལོ་ 17 སྔོན།

    རྒྱ་འདི་བ་ཚང་གི་ཁ་ནང་ལ་དུག་འཇོགརྒྱ་འདི་བ་ཚང་གི་ཁ་ནང་ལ་དུག་འཇོགརྒྱ་འདི་བ་ཚང་གི་ཁ་ནང་ལ་དུག་འཇོགརྒྱ་འདི་བ་ཚང་གི་ཁ་ནང་ལ་དུག་འཇོགརྒྱ་འདི་བ་ཚང་གི་ཁ་ནང་ལ་དུག་འཇོགརྒྱ་འདི་བ་ཚང་གི་ཁ་ནང་ལ་དུག་འཇོགརྒྱ་འདི་བ་ཚང་གི་ཁ་ནང་ལ་དུག་འཇོགརྒྱ་འདི་བ་ཚང་གི་ཁ་ནང་ལ་དུག་འཇོགརྒྱ་འདི་བ་ཚང་གི་ཁ་ནང་ལ་དུག་འཇོག

    Reply
  10. བདེ་ཆེན་སྒྲོལ་མ། says:
    ལོ་ 17 སྔོན།

    ཨ་ཤུ་རེ་ཁོ། རྒྱ་འདི་ཚང་གིས་འདུག་གི་མི་འཇུག་གི།
    ཕ་ཡུལ་གྱི་ཤ་རུས་གཅིག་པའི་སྤུན་ཟླ་ཚོ་དངོས་གནས་སྙིང་རེ་བརྗེ།
    ཡིན་ནའང༌། ང་ཚོ་སྐྱིད་པ་ལའང༌།

    རྒྱ་འདི་བ་ཚང་གི་ཁ་ནང་ལ་དུག་འཇོག

    Reply
  11. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    དགྱ་ནག- དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག- དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག- དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག- དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག- དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག- དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག དགྱ་ནག

    Reply
  12. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    ཕོ་ཤི་རེ་་་་་་་་་་་་་་ཡང་འདི་ནས་བཙོན་ལ་བཅུག་ཚར་འདུག
    ད་གང་དྲག
    མར་མེའི་ཁྲོམ་ནི་ཁྲོམ་སྐོར་རང་རེད།
    མིའི་སྲོག་བཅད་ཅིང་བཙོན་ལ་བཟུང་ནའང་རླུང་བུའི་གསེབ་ནས། ཡང་ལ་དེ་ཚོ་དམར་ལམ་ལམ་འབར་ཁ་ཨེ་ཉན་བལྟ་རྒྱུ་དེ་རེད།
    ད་གང་དྲག་ཡ།

    Reply
  13. བསེ་རུ། says:
    ལོ་ 17 སྔོན།

    ང་ཡང་འདི་ལྟར་ལག་པ་འདར་གྱིན་མཆན་འདི་འདེབས་བཞིན་ཡོད།
    མིག་ཆུ་འཁོར་གྱིན། སེམས་ཁམས་རླབས་ཕྲེང་བཞིན་གཡོ་གིན།

    འཐབ་གྲོགས་ལགས།
    མི་རིགས་འདིའི་ཆེད་དུ་ཡོད་ཚད་མྱངས་ཟིན་ཀྱང་།
    ད་དུང་མུན་ནག་འདོམ་གང་དེར་བགྲོད་དགོས་པ་ཅི་ཞིག་གི་ལན་ཆགས་ཡིན་ནམ།
    འཐབ་གྲོགས་ལགས།
    ང་ཚོས་མནར་གཅོད་དང་གདུག་རྩུབ་སོགས་ཀྱི་འོག་ལུས་ཟུངས་མ་ཟད་ཀྱི་བར།
    ཟུངས་ཁྲག་མ་སྐམ་པའི་བར། ཐོད་པ་ས་ལ་མ་གཡུགས་ཀྱི་བར། ཇི་ཙམ་ཞིག་མྱངས་པ་མ་ལགས་སམ། ད་དུང་འདི་ལྟར་སྐྱོ་གར་ལ་ཕྱིར་དྲན་ཞིག་གི་ཚུལ་དུ་སྙིང་རྗེ་མེད་པའི་གཤིན་ཁ་ན་ཚུད་སྐབས། བདེན་པའི་བུ་ཆུང་གི་ཚེ་སྲོག་དེ་འཇིག་རྟེན་གྱི་དམྱལ་བ་རུ་སྐྱེལ་དགོས་པའི་གསར་འགྱུར་འདི་ལྟར་སྒྲོག་སྐབས། ང་ལག་པ་འདར་བཞིན། སེམས་པ་བརྒྱལ་ལ་ཁད་དུ། མིག་ཟུང་མཆི་མས་གང་བཞིན། འདས་དོན་ལ་ཕྱིར་དྲན་བྱེད་ཞོར། འབྱུང་འགྱུར་ལ་བསམ་གཞིགས་སྐོར་གྱིན། ད་ལྟ་ཐོས་མི་འདོད་པའི་གཏམ་ངན་རྣ་བར་གོ་ཡང་།
    ང་ནི་ས་མཐའི་ཡུལ་གྱར་བ་ཞིག་སྟེ། ལག་སྟོང་ཁ་སྟོང་དུ་ལུས་པའི་དཔའ་བོ་སྡར་མ་ཞིག་ཡིན་པ་རྟོགས། ད་དུང་ང་དང་ང་འདྲ་བའི་གང་ཟག་ཇི་ཙམ་ཞིག་ཡོད་དམ།
    འཐབ་གྲོགས་ལགས།
    འདི་ལྟར་གསར་འགྱར་གྱི་ཁྲོད་ནས་ཁྱེད་རྣམས་ཀྱི་མཛད་རྗེས་ཡལ་ན་ཅི་འདྲའི་ཕངས་པ་ཞིག་མ་རེད་དམ།
    འདི་ལྟར་ལས་འབྲས་ལ་བསམ་གཞིགས་ཤིག་སྐོར་ཐུབ་ན།
    མི་ཚེ་སྟོང་ཟད་ཅིག་མ་ཡིན་པ་ང་ཚོས་ངེས་པ་རྙེད་ཡོད་པ་མ་ཡིན་ནམ།
    འཐབ་གྲོགས་ལགས། ང་ཚོའི་མི་རིགས་འདི་ད་དུང་འདི་ལྟར་་་་་་

    Reply
  14. བསེ་རུ། says:
    ལོ་ 17 སྔོན།

    སྔོན་མ་འི། སྔོན་མའི།
    ནད་ཚ། ན་ཚ།
    ཚབ་སྲིད། ཆབ་སྲིད།

    Reply
  15. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་མི་རེ་རེ་བཙོན་དུ་བཅུགས། བོད་མི་རེ་རེ་བརྡུང་བརྡེག་བཏང་། བོད་མི་རེ་རེ་གསོད་གཏུབ་བཏང་། རྒྱའི་སྲིད་གཞུང་གིས་ཐབས་ཇུས་འདིས་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese