མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གར་སོང་ཆ་མེད་དུ་གྱུར།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང༌། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་སྒེར་གྱི་སྒྲིག་འཛུགས་ཁག་བཅས་ནས་རོགས་མགོན་དང་རྒྱབ་སྐྱོར་འོག་བསོད་སྟོབས་ལགས་ད་ལྟ་གང་དུ་ཡོད་མེད་བརྩད་ཆོད་པ་ཞིག་གནང་རོགས་ཟེར།

བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།། ད་ལོ་ཕྱི་ཟླ་ ༦ ཚེས་ ༧ སྟེ། བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་བོད་རིགས་ཚོང་པ་གཙོ་བོར་གྱུར་བའི་མི་གྲངས་ ༢༠༠ ཙམ་གྱིས་ལྷ་སའི་ཁྲོམ་གཟིགས་ཁང་ནས་མགོ་འཛུགས་ཀྱིས་ཀི་བསྭོ་ལྷ་རྒྱལ་སྒྲོག་བཞིན་ལྷ་ལྡན་གཙུག་ལག་ཁང་དང༌། པོ་ཏཱ་ལའི་མདུན་ཐང་སོགས་སུ་ཁྲོམ་སྐོར་བྱས། དགོང་དྲོ་བོད་མི་ཁག་ཅིག་ལས་འགུལ་གྱི་སྣེ་ཁྲིད་པ་ཡིན་པར་བསྙད་དེ་རྒྱའི་ཉེན་རྟོག་པས་འཛིན་བཟུང་བྱས་སྐོར་གནས་ཚུལ་སྔོན་ནས་སྤེལ་ཟིན་པ་ལྟར། སྐབས་དེར་འཛིན་བཟུང་བྱས་ཁོངས་ནས་ཕལ་ཆེ་བ་རིམ་བཞིན་གློད་ཡོད་འདུག་ནའང༌། ཕ་ཡུལ་སྡེ་དགེ་འཇོ་མདའ་རྫོང་ཁོངས་མཁར་སྒང་ཤང་ནས་ཡིན་པ་རང་ལོ་ ༥༠ ཅན་ཞོ་བེད་བསོདསྟོབས་ལགས་འདས་པའི་ཟླ་གསུམ་ལྷག་རིང་གང་དུ་ཡོད་མེད་དང་སྡུག་སྦྱོང་མནར་གཅོད་ཇི་ལྟར་བཏང་མིན་བཅས་ཀྱི་གནས་སྟངས་ནང་མི་གཉེན་འབྲེལ་སུས་ཀྱང་ཤེས་རྟོགས་བྱུང་མེད་པ་དང༌། འཛིན་བཟུང་བྱས་པ་དེ་དག་གི་ཁྲོད་ནས་ཁོང་གཅིག་པུ་དེ་ལྟར་བཀག་ཉར་བྱེད་དོན་ཅི་ཡིན་ཤེས་རྟོགས་ཐུབ་མེད། ཕྱིར་གློད་ཟིན་པ་རྣམས་ལའང་རྒྱུན་ཏུ་ཞིབ་བརྩད་བྱེད་བཞིན་ཡོད་འདུག བསོད་སྟོབས་ནི་སྔོན་མ་བོད་མི་རྣམས་ལ་ལྷ་སའི་ཁྲོམ་གཟིགས་ཁང་གི་ཐད་དཀའ་ངལ་འཕྲད་སྐབས་དང་རྒྱུན་དུ་བོད་མི་རྣམས་ལ་དཀའ་ངལ་འཕྲད་སྐབས་འགན་ཁུར་གཙོ་བཞེས་གནང་མཁན་ཞིག་ཡིན་པ་རེད། ཁོང་ད་ལྟ་གང་དུ་ཡོད་མེད་དང་ཤི་གསོན་ཅི་ཡིན་ཤེས་རྟོགས་མེད་པར་བརྟེན་ནང་མི་གཉེན་འབྲེལ་རྣམས་ནི་ཉིན་རེ་བཞིན་སེམས་འཚབ་དང་བློ་ཕམ། ཐེ་ཚོམ་དང་རེ་སྒུག་བཅས་ཀྱིས་ཉིན་སོང་ཡང་མཚན་འགྲོ་དཀའ་བའི་གནས་སུ་གྱར་ཏེ་ཞི་བདེ་དང་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང༌། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་སྒེར་གྱི་སྒྲིག་འཛུགས་ཁག་བཅས་ནས་རོགས་མགོན་དང་རྒྱབ་སྐྱོར་འོག་ཁོང་ཉིད་ད་ལྟ་གང་དུ་ཡོད་མེད་བརྩད་ཆོད་པ་ཞིག་དང༌། ཁོང་གང་མགྱོགས་གློད་བཀྲོལ་ཡོང་ཐབས་ཀྱི་རེ་སྐུལ་ཤུགས་ཆེ་ཞུ་བཞིན་འདུག་ཟེར།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༢༢ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 3

  1. བཀྲ་ཤིས། says:
    ལོ་ 17 སྔོན།

    རྒྱལ་གཅེས་ལྷག་བསམ་ཀྱི་ཕྱུག་པའི་བསོད་སྟོབས་ལགས་གར་སོང་ཆ་མེད་དུ་གྱུར་བ་བློ་ཕམ་གྱི་རང་བཞིན་དུ་མི་མཐོང་མཁན་བོད་མི་རྣལ་མ་ཞིག་ག་ལ་ཡོད།
    ལུས་སྲོག་ལ་རྒྱའི་ཆེད་དུ་གཏོང་བཞིན་པའི་དཔའ་བོ་དཔའ་མོ་ཚོའི་ལོ་སྒྱུས་དང་
    རྒྱབ་ལྗོངས་དག་ཤེས་འདོད་མེད་མཁན་ཀྱང་སུ་ཞིག་ཡོད། འོན་ཀྱང་འཁོར་ཡུག་དང་ཆ་རྐྱེན་ཀྱི་རྐྱེན་པས་རེ་ཞིག་རོགས་རམ་བྱེད་ཐབས་བྲལ་བ་མང་པོ་ཞིག་ཡོད་པས།
    རྣམ་པ་ལྷན་རྒྱས་ཚོས་དེ་ལ་བློ་ཕམ་ནམ་ཡང་བྱེད་མི་རུང་།

    Reply
  2. tashi dawa says:
    ལོ་ 17 སྔོན།

    བོད་གཞུང་སྒེར་ཁག་གི་ཚོགས་པ་མང་པོ་ཞིག་ཡོད་པ་དངོས་བདེན་རེད། རྒྱལ་ཞེན་ལྷག་བསམ་ཅན་འདི་འདྲ་རིགས་ལ་རོགས་པོ་གནང་བ་ཉུང་ཉུང་རེད། དངོས་གནས་སྐྱོ་དགོས་པ་ཞིག་མ་ཡིན་ནམ། མི་འདི་ལ་ད་ལྟ་བོད་གཞུང་སྒེར་ཁག་གིས་རོགས་པོ་གང་གནང་ཡོད་དམ། སྐྱོ་བ་ལ།

    Reply
  3. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    ངོ་མ་སྙིང་རྗེ།
    རྒྱལ་གཅེས་མིག་རྒྱང་ཅན་གྱི་དཔའ་བོ་བསོད་སྟོབས་ལགས་ལ་གདུང་སེམས་མཉམ་བསྐྱེད་ཡོད།
    གཞིས་ལུས་བོད་མིའི་ཞུ་འབོད་ལྟར་འགྲོ་བ་མི་ཞིག་གི་ལུས་སྲོག་གི་བདེ་སྡུག་དང་མི་ཚེའི་རིན་ཐང་ལ་བསམས་ནས་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གཙོས་བོད་གཞུང་སྒེར་ཡོངས་ཀྱིས་གནད་དོན་འདི་ཚོ་ལ་ཐུགས་སྣང་གནང་རོགས་ཞུ།
    འདི་ཚོ་དགྲ་བོའི་མདུན་ནས་ལངས་པའི་རྒྱལ་ཞེན་པ་གོང་ན་མེད་པ་རེ་ཡིན

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese