བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་འཆར་ལོའི་དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་འཁྱེར་ཡོང་སྟེ་བགྲོ་གླེང་གནང་བཞིན་འདུག
དེ་རིང་རེས་གཟའ་ཟླ་བའི་ཉིན་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་འདས་ལོའི་ཕྱི་ཟླ་ ༡༡ ནང་ཚོགས་པའི་དམིགས་བསལ་ཚོགས་ཆེན་དེ་ལེགས་འགྲུབ་བྱུང་རྗེས། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གནང་བ་ལྟར། སྐབས་བཅུ་བཞི་པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པའི་གྲོས་ཆོད་ཡིག་ཆ་ཨང་ ༧༥ དགོངས་དོན་འོག་དམིགས་བསལ་ཚོགས་ཆེན་ཐོག་ལ་གྲོས་གཞི་ཞིག་གྲོས་ཚོགས་སུ་བཏོན་གནང་མཛད་ཡོད་པ་རེད། དེའང་གྲོས་གཞིའི་མགོ་བརྗོད་ལ། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་པོ། ཞེས་བཏགས་ཡོད་པ་དང་་། ཚོགས་འདུ་ཚུགས་དུས་དང་ཚུགས་ཡུལ་བཅས་ནི། ༢༠༡༠ ལོའི་ ༨ ཚེས་ ༢༦ ནས་ཚེས་ ༣༡ བར་ཞོགས་པ་ཕྱག་ཚོད་ ༩།༣༠ ནས་ཕྱི་དྲོ་ཕྱག་ཚོད་ ༥ བར་ཉིན་དྲུག་གི་རིང་བཞུགས་སྒར་ངྷ་སར་ཚོགས་རྒྱུ་ཡིན་པ་དང་། སྐབས་དེའི་གྲོས་གཞི་ནི་ཆབ་སྲིད་དང། མང་གཙོ་འཕེལ་རྒྱས། ཆོས་དང་རིག་གཞུང། གཞིས་ཆགས་སྲ་བརྟན། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར། བོད་དོན་དྲིལ་བསྒྲགས་དང་རྒྱ་བལ་འབྲུག་གསུམ་ཕུད་ཁ་འཐོར་བོད་མིའི་གནས་སྟངས་བཅས་ལ་བགྲོ་གླེང་བྱ་རྒྱུ་བཅས་ཡིན་པ་དང། དེ་བཞིན་བོད་དོན་བདེན་མཐའ་གསལ་ཐབས་དང། བཙན་བྱོལ་དུ་མང་གཙོ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་ཉེ་དང་བསྟུན་ཏེ། འདས་པའི་ཉམས་མྱོང་ལ་གཞི་བཅོལ་གྱིས་མ་འོངས་ལེགས་སྤེལ་བྱ་ཕྱོགས་ཇི་དགེའི་སྐོར་ཚོགས་ཆུང་ཚང་མའི་ནང་གྲོས་བསྡུར་གནང་རྒྱུ་ཡིན་འདུག ཚོགས་ཆུང་ཆ་བགོས་ཀྱིས་ཉིན་བཞིའི་རིང་བགྲོ་གླེང་ཞིབ་ལྷུག་གནང་སྟེ། ཉིན་མཐའ་མ་གཉིས་རིང་ཚོགས་ཆུང་སོ་སོའི་རྒྱབ་གཉེར་རྣམས་སྤྱི་མོས་ཡིན་ཚེ་བརྗོད་མེད་དང། དེ་མིན་གནད་དོན་སོ་སོར་རྒྱབ་སྐྱོར་དང་དགག་བྱ་བྱ་མིའི་གྲངས་ཚད་ཁ་གསལ་བཀོད་དེ་ཚོགས་ཆེན་དུ་ཕུལ་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་དང། དེ་དག་ཕྱོགས་བསྡོམས་ཀྱིས་རྒྱབ་གཉེར་ཡིག་ཆ་གཏན་འབེབས་དང། ཚོགས་འདུ་མཇུག་བསྡོམས་གནང་རྒྱུ་ཡིན་འདུག་ལ། དམིགས་བསལ་ཚོགས་ཆེན་རིང་གི་ཚོགས་མིའི་ཡོངས་ཁུངས་ཀྱང་ཞིབ་པར་བསྟན་ཡོད་འདུག
ཚོགས་ཆེན་གྱི་མཐའ་མའི་རྒྱབ་གཉེར་རྣམས་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་ལམ་སྟོན་དུ་གནས་བབས་དང་བསྟུན་རྒྱུ་དང། ལྷག་པར་ཚོགས་དྲུང་གི་ལས་འགན་སྒྲིག་སྲོལ་ལྟར་ཚོགས་དྲུང་ལས་ཁུངས་ནས་འགན་བཞེས་གནང་རྒྱུ་དང། ལས་བྱ་འཕར་མ་ཇི་དགོས་བཀའ་ཤག་ནས་གོ་སྒྲིག་ཞུ་རྒྱུ་བཅས་ཡིན་འདུག། ད་ལྟའི་ཆར་གྲོས་ཆོད་འདིར་སྤྱི་མོས་གཏན་འབེབས་མ་བྱུང་ཡང། གྲོས་ཚོགས་སུ་བགྲོ་གླེང་གནང་མུས་སུ་ཡིན་འདུག
བཀྲིས་ཟླ་བ་ལགས་དཀའ་དྲིན་ཆེ། དགའ་བསུ་ཡོད་བདག་ལ་ཆ་མཚོན་ན་བརྡ་དག་དང་ཡི་གེའི་སྒྲ་ཚིགས་སྦྱོར་སྟངས་ཧ་ལམ་ཤེས་གི་མེད། འོན་ཀྱང་ངས་ལྐུགས་པ་ཨུ་གཙུགས་ཀྱིས་རང་གི་ཕ་སྐད་ཐོག་ལ་སྦྱངས་བརྩོན་བྱེད་བཞིན་པ་ཡིན།
སྐུ་ཉིད་ནས་གསུངས་པ་དེར་རྒྱུ་མཚན་ཆེན་པོ་འདུག སྐུ་ཉིད་ནས་ད་དུང་མུ་འཐུད་ནས་ངེད་ཚོའི་དྲ་གྲོགས་བསེ་རུ་དང་འདྲ་བར་བརྡ་དག་དང་ཕྲད་རྣམ་དབྱེ་སོགས་ལ་ཞིབ་འཇུག་དང་དོ་གནང་མང་ཙམ་བྱེད་པའི་རེ་འདུན་ཞུ་རྒྱུ་ཡིན།
སྐུ་ཉིད་ནས་ཕྲན་གྱི་རེ་བ་དེ་ཆུད་བཟོད་མ་བཏང་ན་དེ་ནི་བོད་མི་རིགས་ལ་བླ་ན་མེད་པའི་ལེགས་བསྐྱེད་ཞིག་དང་སྐུ་ཉིད་ཀྱི་མ་ཡུམ་གངས་རི་ལ་ལྷད་མེད་བརྩེ་བ་ཡོད་པར་ངས་ཡིད་ཆེད་བྱེད་གི་ཡིན། འཇུག་ཏུ་སྐུ་ཉིད་ཀྱི་མཚན་བྱང་དེ་དབྱིན་ཡིག་ལས་བོད་ཡིག་ཏུ་བསྒྱུར་བའི་འབོད་སྐུལ་ཞུ།
ཨ་བུ་གངས་དཀར། “དོན་མེད་ཉོག་གཏམ་མ་བཤད་སོ་སོ་གང་བདེ་ན་དེ་བྲིས་ན་བཟང་།”
བློ་བཟང༌། “ངས་ཁྱོད་རང་གི་མིང་ལ་ ཨ་འབུ་གང་ཀར་ ཞེས་བྲིས་ན་ཨེ་ འགྲིགས་”???
ཨ་བུ་གངས་དཀར། “ངས་མིང་ཁྱེད་ལ་ན་ཟུག་སྤྲོད་ཀྱི་འདུག་གམ་”
བློ་བཟང༌། ???????????????????????????????????????????
ངས་མིང་ཁྱེད་ལ་ན་ཟུག་སྤྲོད་ཀྱི་འདུག་གམ་
གཅེན་པོ་ལགས་ཀྱིས་ཚིག་དང་ཡིག་འབྲུ་རེ་ཟུང་ཐོག་ནས་བོད་པའི་སྐད་ཡིག་གོང་མཐོར་གཏོང་དགོས་གསུང་འདུག་པར་ཐུགས་རྗེ་ཆེ། ཐོག་མར་ཁྱོད་ཀྱི་ཡིག་ནོར་ཁག་འདིར་འགོད་རྒྱུ་ཡིན། ༡ང་ཚོ་ལ་ངེད་ཚོ་དང་། ༢ལོ་རྒྱུས་ལ་ལོ་རྒྱུད། ༣མིང་ཚིག་ལ་མིང་ཚིགས། ༤རེ་ཟུང་ལ་རེ་བཟུང་། ༥དུས་གཅིག་ལ་དུས་ཅིག་སོགས་ནོར་བ་ནི་ཡར་རྒྱས་ཀྱི་རྣམ་པ་ཡིན་ནམ། ད་དུང་ཕྲད་དང་རྣམ་དབྱེ་སོགས་ལའང་འཁྲུགས་འདུག མང་གཙོ་དང་དམངས་གཙོ་གཉིས་མ་འབྲི་གོང་དུ་བརྡ་དག་ཅུང་ཟད་སྦྱོང་དང་དེ་ནས་རིམ་བཞིན་བྲི་ན་ཆོག
ངས་ཁྱོད་རང་གི་མིང་ལ་ ཨ་འབུ་གང་ཀར་ ཞེས་བྲིས་ན་ཨེ་འགྲིགས་???
དོན་མེད་ཉོག་གཏམ་མ་བཤད་སོ་སོ་གང་བདེ་ན་དེ་བྲིས་ན་བཟང་།
མང་དང་དམངས་ཀྱི་གོ་དོན་མི་ཤེས་མཁན་རྩོམ་སྒྲིག་པ་ཞིག་ཡིན་གྱི་མ་རེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་མིང་ནོར་གང་ཡང་མ་རེད། དེ་མིང་དོན་མཚུངས་པའི་མིང་ཞིག་རེད། མང་གཙོ་དང་མི་དམངས་ཀྱི་དོན་དང་དག་ཆ་ལ་ཁྱད་པར་ཡོད་རེད།
མང་ཟེར་བ་དེ་མང་པོར་གོ་ཡི་ཡོད་ལ་མང་གཙོ་ཟེར་བ་ག་རི་རེད་ཟེར་ན་མང་བ་ལ་གཙོ་འཛིན་བྱེད་པར་གོ། དམངས་ཟེར་བ་དེ་མི་དམངས་བཀྱུས་མ་དང་སྤྱི་དམངས་ལ་གོ་ཡི་ཡོད། ཡིན་ནའང་གྲོས་ཚོགས་ནང་བོད་གཞུང་མང་ཟེར་བ་དེ་གོ་རྒྱུ་གང་ཡང་མི་འདུག དེ་ལས་གཞུང་དམངས་ཟེར་བ་བེད་སྤྱོད་བྱེད་ན་གོ་དོན་འདུག མང་གཙོར་མང་བེད་སྤྱོད་བྱེད་ན་འོས་པོ་འདུག
ལྷག་པ་ཚེ་རིང་ལགས་ཁྱེད་རང་ཡང་འཐོམ་ཞྭ་གྱོན་འདུག ང་ཚོས་ཚིག་རེ་ཟུང་གི་དག་ཆ་གཅིག་པོ་ནོར་བར་སྐད་རྒྱག་གི་ཡོད་པ་མ་རེད། ང་ཚོས་ང་རང་ཚོར་ཡོད་བཞིན་པའི་ཐ་སྙད་བེད་སྤྱོད་ཆེན་པོ་དག་བེད་མེད་པ་བཟོས་ཏེ་དེ་དག་གི་ཚབ་དུ་ཁུངས་ལུང་མེད་པའི་ཐ་སྙད་གསར་པ་ཁ་ཤས་བཙན་གྱིས་བསྣན་ཡོང་བ་དེར་ནད་ཐེགས་ཀྱི་མི་འདུག་ཟེར་གྱི་ཡོད། ཁྱེད་རང་ལ་བསམ་ཚུལ་གཞན་གང་ཡོད།
དྲ་གྲོགས་ལྷན་རྒྱས་ཚོས་གཞན་གྱི་དག་ཆ་ལ་སྐྱོན་བརྗོད་བྱེད་བཞིན་དུ་རང་ཉིད་ཀྱི་རང་ཉིད་ཀྱིས་ཀྱང་མང་པོ་ནོར་འདུག་པ་དེ་དག་ཅི་ཡིན་ནམ། སྤྱིར་ན་བཙན་བྱོལ་དུ་ཁ་ལ་མི་བདེ་བའི་ཐ་སྙད་གསར་པ་མང་པོ་ཞིག་བདེ་སྤྱོད་གཏོང་བཞིན་ཡོད་པ་དེར་དགོས་པ་་གང་འདུག་གམ།
ངེད་ཚོ་བོད་ལ་རིགས་བཞིའི་དབྱེ་བ་མེད། རིགས་བཞིའི་ལོ་རྒྱུད་ནི་རྒྱ་གར་བའི་ཡུལ་སྲོལ་ཞིག་ཡིན། དེ་བས་བོད་པས་བོད་པའི་བརྡ་སྤྲོད་དང་མཐུན་པའི་མིང་ཚིགས་བེད་སྤྱོད་བྱེད་ན་ཡག་པོ་འདུག བོད་གཞུང་མང་ཞེས་ལབ་ན་གཞུང་མང་པོ་ཞིག་གོ་ཡོང་བ་ལས་དེ་མིན་གཞུང་འཛིན་པ་དང་མི་སེར་དཀྱུས་མའི་བར་གཉིས་མཐུན་གྱི་འབྲེལ་བ་ཞིག་མི་འདུག ཚིགས་དང་ཡིག་འབྲུ་རེ་བཟུང་ཐོག་ནས་བོད་པའི་སྐད་ཡིག་གོང་མཐོར་གཏོང་དགོས་མ་གཏོགས་དེ་མིན་དུས་ཅིག་ལ་ལེགས་བཅོས་ཡོང་ཐབས་དཀའ།། །།
གསེར་རྟ་ཆོས་དབྱིངས་ལགས་ཁྱེད་རང་ནོར་སོང༌། ང་ཚོས་དུས་ཚོད་མ་འཁྱོལ་བར་དོན་མེད་རྩོད་པ་རྒྱག་གི་མེད། ང་ཚོས་མི་རིགས་ཤིག་གི་སྐད་ཡིག་གི་ཤི་སོན་སྐོར་ལ་སྐད་ཆ་ཤོད་རེས་བྱེད་ཀྱི་ཡོད། དགོངས་པ་ཡངས་ཙམ་བཞེས་རོགས་གནང༌།
བོད་གཞུང་མང་ཞེས་བརྗོད་ན་སྐྱོན་ཆ་ཅི་ཡང་ཡོད་པ་མ་རེད་གཞུང་དང་མི་མང་
གཉིས་ཀའི་བསྡུས་མིང་རེད། འདི་འདྲ་རྐྱང་རྐྱང་ལ་རྩོད་རྒྱག་པ་འདི་བོད་པའི་ཁྱད་
ཆོས་རེད། འདི་འདྲའི་རིགས་ལ་རྩོད་པ་བྱས་བསྡད་པའི་དཔེ་ཆ་ཡང་མང་པོ་འདུག
དམངས་གཙོ་དང་མང་གཙོ་གཉིས་ལས། མང་གཙོ་བྲིས་ཀྱང་སྐྱོན་ཆ་ཕལ་ཆེར་མེད་པར་སྙམ། གང་ཡིན་ཞེ་ན་དམངས་ནི་རིགས་བཞིའི་ཁོངས་སུ་གཏོགས་པའི་རིགས་གཅིག་ཡིན། རྒྱལ་རིགས་དང་། རྗེ་རིགས། བྲམ་ཟེ་རིགས། དམངས་རིགས་བཞི་ཡོད། ང་ཚོའི་གཞུང་འདིའི་མི་རིགས་ཡོངས་རྫོགས་དམངས་རིགས་ཡིན་དགོས་དོན་མེད་པར་སྙམ། མང་ནི་མང་པོ་ལ་འཇུག་པ་བདེན་པ་རེད། དེས་ན་མི་མང་པོའི་ཚོགས་པར་མང་གཙོ་བྲིས་མི་ཆོག་པའི་སྐྱོན་ཕལ་ཆེར་མི་མཐོང་ངོ་། དྲྭ་གྲོགས་རྣམ་པ་ཚོས་དཔྱད་པར་ཞུ།
བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་དགེ་རྒན་ཆེན་མོ། གསང་བདག་རྡོ་རྗེ།
སྐད་ཡིག་རིགས་པ་ནི། སུམ་རྟགས་ཀྱི་གཞུང་དང༌། བཀའ་བཅད་སོ་སོའི་དགོངས་དོན་རྩ་འཛིན་བྱེད་དགོས་གཤིས། ཐོན་མིའི་རྟགས་འཇུག་གི་རྩ་གཞུང་དུ། ༼ཕོ་ཡིས་ཕོ་ཡི་མིང་མཐའ་དྲང། །མོ་ཡིས་མོ་ཡི་མིང་མཐའ་དྲང༌། །མ་ནིང་གིས་ནི་མ་ནིང་ངོ་། ༽།ཞེས་པ་དང༌། སྡེབ་སྦྱོར་རྣམས་ཀྱད་དེའི་དབང་གིས་བརྗོད་བདེར་འདྲེན་དགོས་ཞེས་གསུངས།
སྐབས་སུ་བབ་པ་ དམངས་གཙོའི་ དམངས་ ཀྱི་རྗེས་འཇུག་ས་དེ་ཕོ་ཡིག་ཡིན་པ་དང༌། གཙོ། ཞེས་པའི་མིང་གཞི་ཙ་ཡང་ཕོ་ཡིག་ཡིན་སྟབས། དམངས་གཙོ་ཞེས་པ། ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས་པ་དང༌།
མང་གཙོ། ཞེས་པ་རྗེས་འཇུག་ང་ནི་མོ་ཡིག་ཡིན་པ་དང༌། ཙ་ནི་ཕོ་ཡིག་ཡིན་པས། མོ་ཡིས་ཕོ་ཡིག་དྲངས་པར་མི་འོས་པ། ཐོན་མིའི་རྟགས་འཇུག་གི་རྩ་གཞུང་ལས། ༼མོ་ནི་ཕོ་ལ་འཇུག་པ་མིན།༽།གསུངས་པ་དང་པ་དང་འགལ་བ་མ་ཟད། རྒྱལ་བའི་གསུང་རབ་རྣམས་སུ། རྒྱ་གར་སྐད་དུ། ཞེས་པའི་རྒྱ་དཀར་པོ་ཡིན་པ་ལ། གར་དུ་བསྒྱུར་དགོས་པའི་རྒྱུ་མཚན་ནི། རྒྱའ། ཞེས་པ་རྒྱལ་པོས་བཀའ་བཅད་མ་མཛད་གོང་དུ། མཐའ་མེད་ཚང་མའི་རྗེས་སུ་རྗེས་འཇུག་འ་ཡིག་ཡོད་པ་ལ། འ་ཡིག་དེ་མོ་ཡིག་ཡིན་པས། དཀར་པོའི་ཀ་ཡིག་ཕོ་ཡིག་ཡིན་པས། མོས་ཕོ་ཡི་མིང་མཐའ་དྲངས་པར་མི་འོས་སྟབས། མོ་ཡིག་ག་སྦྱར་ནས། རྒྱ་གར་ཞེས་བྱུང་བ་ལྟར་ལགས་ན། ད་ཆ་གཞིས་བྱེས་གཉིས་ཀྱི་སྐད་ཡིག་དབར་འགྱང་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པ་དང༌། བོད་ཀྱི་མཁས་དབང་ཚོས་ཀྱང་བསམ་འཆར་ཡོང་དུས་ཇི་འགེབ་དགོངས་བཞེས་གནང་རོགས་ཞུ༎
ཡང་ཞོར་ཕྲོས་སུ། ཕྱི་ལོ་ཞེས་པ། ཕྱི་པའི་ལོ་དང་ནང་པའི་ལོ་ཞེས། སོ་སོར་དབྱེ་ནས། ནང་པའི་ལོས་ཁུངས་མ་འཁྱོལ་ནས། ཕྱི་པའི་ལོ་བེད་སྤྱོད་བྱེད་པ་འདི་ངོ་གནོང་དགོས་པ་ཞིག་ཡིན་ཞིང༌། དེ་ལས་བོད་ནང་དུ་སྔ་ས་ནས་བེད་སྤྱོད་བྱེད་པའི། སྤྱི་ལོ་ཞེས་བྲིས་ན། འཛམ་གླིང་སྤྱི་ལ་བེད་སྤྱོད་བྱེད་པའི་ལོ་ཡིན་པས། ངོ་གནོང་མི་དགོས་པ་དང༌། དོན་ལ་ཡང་གནས་པར་སེམས་ཞེས་ཀྱང་ཞུའོ༎
དྲ་གྲོགས་ཚོར། ཡི་གེའི་དག་ཆ་དེ་དག་དང་པོ་ཁྲིམས་བཟོ་ལྷན་ཁང་ནས་བཟོ་དགོས་པ་རེད། ཁྲིམས་ཆགས་ཚར་བའི་རྗེས་ལ་དེར་རྩ་འཛིན་ཞུ་དགོས་པ་རེད། དེ་བཞིན་དུ་གཞུང་འབྲེལ་གྱི་དག་ཆ་དེ་ཚོ་ང་ཚོས་གང་བྱུང་དུ་བཅོས་ན་བརྡ་དག་གི་ལུགས་ལ་མི་འགལ་རུང་ཁྲིམས་ལ་འགལ་འགྲོ་གི་རེད། དཔེར་ན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། ལྟ་བུ་ཡིན་ན། མང་གཙོ་ཞེས་པ་འདི་ཁོ་ཚོའི་གཞུང་འབྲེལ་གྱི་མིང་རེད། ཐ་ན། ཁྱོད་ཀྱི་ RC ནང་བཀོད་པའི་རང་གི་མིང་འབྲི་ཕྱོགས་ཀྱི་དག་ཆ་ནོར་སོང་ནའང་ཇི་སྲིད་དེ་ཁྲིམས་ཐོག་ནས་མ་བཅོས་བར་དུ་རྩ་འཛིན་བྱེད་པ་ལས་རང་འདོད་ལྟར་བྲིས་ན་ཁྲིམས་འགལ་ཆགས་འགྲོ་བ་ལྟ་བུ་རེད།
ང་ཚོས་ནམ་རྒྱུན་དམངས་གཙོ་འབྲི་གིན་ཡོད། འོན་ཀྱང་། གཞུང་འབྲེལ་གྱི་མིང་དེ་ཚོ་བསྒྱུར་བཅོས་མ་བྱས་པར་འགོད་གིན་ཡོད།
དྲ་གྲོགས་ཚོ་ཁམས་བཟང་། བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་དང་པོ། ཞེས་བརྗོད་དགོས་པ་ལས་བོད་གཞུང་མང་ཟེར་ན་འགྲིག་གི་མི་འདུག
དཔེར་ན། རྒྱལ་ཁབ་ཁྱོན་ཡོངས་ཀྱི་ཚོགས་འདུ་ཞིག་ཡིན་ན་རྒྱལ་ཡོངས་མི་དམངས་ཚོགས་ཆེན་ལྟ་བུ་དང་། ལུང་པའམ་ཡུལ་ལུང་ཆུང་ཆུང་བྱེ་བྲག་པ་ཞིག་གི་ཚོགས་འདུ་ཡིན་ན་ནི་མང་ཚོགས་ཀྱི་ཚིགས་འདུ་ཟེར་བ་ལྟ་བུ་རེད།
དེར་བརྟེན་མི་ཚིག་དེ་བོད་ཀྱི་སྤྱི་ཚོགས་དངོས་ཀྱི་འཚོ་བའི་གོམས་འདྲིས་ཐད་ལ་དཔྱད་ན་བོད་གཞུང་དམངས་ཟེར་དགོས་པ་ལས་བོད་གཞུང་མང་ཚོགས་ཆེན་ཟེར་ན་ཚོགས་འདུ་མ་འཚོགས་ཀྱི་སྔོན་ནས་མིང་ཚིག་ལ་ནོར་འཁྲུལ་ཤོར་ན་ཕ་རོལ་པོ་དགོད་ཤོར་གྱི་རེད།
དཔེ་ཡག་པོ་རེད་།
གསང་གཏོར་ལགས་ལ་བརྒྱབ་སྐྱོར་ཡོད། བོད་གཞུང་དམངས་ཞེས་མིང་ཚིག་སྟབས་བདེ་འདི་འདྲ་ཞིག་ཡོད་བཞིན་དུ་་་མི་བདེ་ཞིང་འཁྲུལ་གཞི་ཡོད་པའི་གཞུང་མང་ཞེས་མང་དེ་བཅུག་དགོས་དོན་གང་ཡིན་ན། ད་དུང་སྐུ་ངོ་ཚོའི་གསུང་བཤད་ཁྲོད་དུ་ཐ་སྙད་ཁེ་མཚར་དེ་འདྲ་མང་བཅུག་གིན་འདུག དེ་ཚོ་བསམ་བཞིན་དུ་བྱས་པ་ཨེ་ཡིན་མི་ཤེས་མོད། དེའི་ཐད་དོ་སྣང་དང་ཡིད་གཟབ་དགོས་ཀྱི་འདུག་སྙམ།
བོད་གཞུང་མང་ཟེར་ན་གོ་རྒྱུ་གང་ཡང་མི་འདུག
བོད་གཞུང་མང་ཟེར་ན་ག་ི་གོ་ཡི་རེད། དེ་ལས་བོད་གཞུངས་དམངས་ཟེར་ན་མི་ལེགས་སམ། བཙན་བྱོལ་སྤྱི་ཚོགས་ནང་མང་དང་དམངས་གཉིས་ལ་ཁྱད་པར་ཕྱེ་མི་ཤེས་པའི་མི་ཤེས་པའི་ཤེས་ལྡན་པ་ང་ཡིན་ཁོ་ཡིན་ཟེར་མཁན་མང་པོ་ཡོད་རེད། མང་ཟེར་བ་འདི་མང་གཙོ་བེད་སྤྱོད་བྱས་ན་གོ་རྒྱུ་ཡོད་རུང༌། བོད་གཞུང་མང་ཟེར་ག་ི་གོ་རྒྱུ་འདུག ངའི་བོད་གཞུང་མང་པོ་ཡོད་པ་ཞིག་གོ་གི་འདུག དེ་ལས་འདི་སྒྱུར་བཅོས་གཏང་ན་ལེགས་པར་མཐོང༌།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཚོགས་འཆར་གྱི་གྲོས་གཞི་དེ་གྲོས་ཚོགས་སུ་འདོན་མཁན་དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་ཡིན་པར་བརྟེན་སྐབས་དེར་ཚོགས་གཞོན་མེད་སྟབས་གྲོས་ཚོགས་གྲོལ་དགོས་ཆགས་དོན་དེ་ལྟར་རེད་ལགས། གོང་དུ་གསལ་བཤད་བྱ་རྒྱུ་བརྗེད་འདུག
གངས་རིའི་གླིང་བུ་ལགས།
ཁ་སང་ཕྱི་དྲོ་ཆུ་ཚོད་ ༤།༤༥ བར་ལས་རིམ་གཞན་གྱི་ཐོག་དུས་ཚོད་ཕྱིན་ཡོད་པ་དང་། དེ་རྗེས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཚོགས་འཆར་གྱི་གྲོས་འཆར་འདོན་རན་དུས་དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་གྲོས་ཚོགས་སུ་བཞུགས་མེད་པར་བརྟེན་གྲོས་ཚོགས་གྲོལ་གནང་སོང་། ཚོགས་གཞོན་མཆོག་སྐབས་དེར་གཞུང་འབྲེལ་ལས་དོན་གཞན་ཞིག་སྔོན་བསྒྲིགས་ལྟར་ཕྱི་རུ་ཕེབས་དགོས་བྱུང་བ་ཞིག་རེད།
གཉན་མདངས་ཕོ་ཉ་ལགས།
ཕྱི་ཚེས་ ༡༢ རེས་གཟའ་སྤེན་པ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༠༠ པ་ཙམ་གྱི་ཐོག་གྲོས་ཚོགས་ཀྱི་གྲུབ་ཆ་མ་ལོན་ནས་གྲོས་ཚོགས་གྲོལ་དགོས་གྱུར་པ་དངོས་གནས་རེད། སྐབས་དེར་ཚོགས་ཞུགས་མེད་པའི་སྤྱི་འཐུས་རྣམས་དོན་མེད་འཁྱམས་གཡེང་བྱས་པ་ཞིག་མི་ཤེས་ཀྱང་གྲོས་ཚོགས་ལས་གལ་ཆེ་བའི་ལས་དོན་ཞིག་ཡོད་པ་ངས་ཀྱང་མ་ཤེས།
དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་བོད་ཀྱི་བང་ཆེན་གྱི་དྲ་རྒྱར་འདུག
http://www.tibetexpress.net/
དེ་ཉིན་རང་བྲིས་པའི་མཆན་ཞིག་དུས་བབ་ཀྱི་དྲ་རྒྱར་བཀོད་འདུག
https://tibettimes.net/wordpress/news.php?showfooter=1&id=1599
མདོར་དོན་ཕྲན་ལྟ་བུ་ལ་དྲ་རྒྱའི་ལམ་ནས་དགེ་འདོན་སྐྱོན་སེལ་ག་རེ་གནང་ནའང་དང་ལེན་ཞུ་འོས་ཀྱང་སྐབས་དེར་ཚོགས་ཞུགས་མེད་པའི་སྤྱི་འཐུས་དེ་དག་སོགས་ལ་ཐབས་ལམ་གཞན་པ་ཞིག་ནས་གོ་བརྡ་འཕྲོད་ངེས་གནང་དགོས་པ་ལས་དྲ་ལམ་ནས་བཤད་ཀྱང་ཁོ་ཚོས་མི་ཐོས།།
འདི་ཉེན་ཁ་ཆེན་པོ་རེད།མཐུས་ཤོར་མཐུས་ཤོར་རང་རེད།གོང་གི་བཏགས་མིང་དེ་ཚོ་ཉོབ་སོང་།
སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གསུངས་པ་དེ་དངོས་འབྲེལ་རེད། གསར་འགོད་པ་ཙམ་དུ་མ་ཟད་རྩོམ་སྒྲིག་པའི་འཐུས་ཤོར་རེད། དེ་རིང་གི་ལས་རིམ་རྣམ་གཞག་ནང་དུ་གྲོས་འཆར་འདི་ཁྱེར་ཡོང་བ་རེད། ཡིན་ཡང་། བགྲོ་གླེང་གི་དུས་ཚོད་ཕལ་ཆེ་བ་གནད་དོན་གཞན་གྱི་སྟེང་ཕྱིན་སྟབས་བགྲོ་གླེང་གནང་ཐུབ་མེད་པ་བདེན་པ་རེད། འོན་ཀྱང་། ལས་རིམ་གྱི་ཁྲོད་ན་ཡོད་པ་གསར་འགོད་པ་ཁོ་རང་གིས་བཤད་པ་ལྟར་བདེན་པ་རེད། ལྷག་པར་དུ་འདི་ན་གསར་འགོད་པ་དང་རྩོམ་སྒྲིག་པ་ཚོའི་ཚོད་རྩིས་རང་བཞིན་གྱི་གནས་ཚུལ་ཞིག་ཀྱང་མངོན་འདུག འདིའི་རིགས་ནི་རྗེས་མ་མང་ཚོགས་དང་ཀློག་མཁན་གྱི་ངོས་ནས་ཕར་རྒོལ་དང་བཙུར་དགོས་པའི་རིགས་རེད། འདི་ནི་གསར་འགོད་ལས་རིགས་འདི་ཚགས་ཚུད་དུ་འགྲོ་བའི་རྒྱུ་རུ་འགྱུར་གི་རེད་སྙམ།
ངས་ནོར་མེད་ན་ད་ཐེངས་གྱི་གྲོས་ཚོགས་འདུའི་ནང་ནས་ཁ་ཤས་ཤིག་ཚོགས་ཁང་ཕྱི་རོལ་དུ་འཁྱམ་གཡེང་གིས་ཚོགས་འདུའི་བརྒྱ་ཆ་མ་ལོང་བ་ཚོགས་འདུ་གློ་བུར་དུ་གྲོལ་དགོས་ཐུབ་པའི་གནས་ཚུལ་ངན་པ་ཞིག་ཐོས་རྒྱུ་འདུག
ངོ་མ་བདེན་ན། གནས་ཚུལ་འདི་ཚོ་ཐོས་དུས་སྔོན་དུས་སྐུ་དྲག་ཚོས་ཤོ་བག་གིས་ནམ་ཟླ་བསྐྱལ་བའི་ལོ་རྒྱུས་དེ་ཚོ་དྲན་བསྐུལ་བྱས་བྱུང་།
དེ་དུས་བོད་ཀྱི་གནས་སྟངས་ཛ་དྲག་ཡིན་ཡང་མི་དམངས་ཀྱིས་སྐུ་དྲག་ཚོར་བློ་བཅོལ་ཡང་། ཁོང་ཚོས་སྐྱིད་ཉལ་གྱི་ལམ་ནས་བོད་ཆུས་ཁ་འཐོར་བཏང་བ་དོན་གྱིས་ཆགས་ཡོད་ད།
འདི་ཚོ་ལ་རིགས་མཚུངས་ཀྱི་བདེན་ཆ་མེད་པར་ཤོག
བཀུར་འོས་བའི་སྨོན་ལམ་མཐར་ཕྱིན་ལགས། ཁྱེད་ཀྱིས་ གནས་ཚུལ་གཞན་དག་གི་རྐྱེན་པས་གྲོས་ཚོགས་ནང་གྲོས་གཞི་དེ་བཏོན་ཡོད་པ་མ་རེད་ཞེས་གསུངས་འདུག ཡང་གྲོས་ཚོགས་ནང་དུ་་དོན་དག་གང་བྱུང་བ་རེད། གསལ་བཤད་ཞིག་གནང་ན་འགྲིག་གི་རེད་དམ།
བཀླགས་ཟིན་པ་ཡིན། སྨོན་ལམ་ཐར་ཕྱིན་ལགས་ཀྱིས་འདི་འདྲ་ཞིག་བྱུང་མེད་རབས་གསུང་གི་འདུག གསར་འགོད་པའི་འདི་རུ་དྲངས་ཚར་འདུག ད་ནི་དེ་ལ་གསར་འགོད་པའི་ལན་གསལ་བོ་ཞིག་ཡོད་ན་ཡག་པོ་རེད་ལགས།
གསར་འགོད་པ་ལགས། གོང་གསལ་གྱི་གྲོས་གཞི་དེ་དེ་རིང་གི་ལས་རིམ་ཁོངས་སུ་བཞག་ཡོད་ཀྱང་། དེ་རིང་ཕྱི་དྲོ་དུས་ཚོད་དང་གནས་ཚུལ་གཞན་དག་ཞིག་གི་རྐྱེན་པས་གྲོས་ཚོགས་ནང་གྲོས་གཞི་དེ་བཏོན་ཡོད་མ་རེད་ལ་བགྲོ་གླེང་ཚིག་གཅིག་ཀྱང་བྱུང་ཡོད་མ་རེད།