མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱད་ཆོས་གསུམ་ལྡན་གྱི་བཀའ་ཁྲི།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

བདུད་མུ་ཟི།

ད་ལོ་དྲ་རྒྱ་དང་དུས་དེབ།  གསར་ཤོག་དང་བགྲོ་གླེང་། ཟབ་སྦྱོང་སོགས་སུ་མི་མང་གིས་དོ་སྣང་བྱེད་ས་དང་།  དྲི་བ་དྲིས་ལན་ནི་ ༢༠༡༡ ལོའི་བཀའ་ཁྲི་སུ་འོས་མིན་དང་། ཁྱད་ཆོས་གང་འདྲ་ཚང་དགོས་མིན་དེ་རེད་ལ། སྤྱི་ཚོགས་ནང་ངར་ཤུགས་ཀྱིས་གླེང་གིན་འདུག དེ་དང་སྟབས་བསྟུན་རྩོམ་པ་པོ་འགའ་རེས་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱད་དེ། འབྱུང་འགྱུར་གྱི་བཀའ་ཁྲི་འདི་ལྟ་བུ་དགོས་པ་རེད་ཅེས་གང་ཟག་སྒེར་བ་རེ་མཛུབ་སྟོན་བྱེད་མཁན་དང་། ཡང་མི་ངོས་བཟུང་མེད་པར་ ༢༠༡༡ ལོའི་བཀའ་ཁྲི་ལ་ཆ་རྐྱེན་འདི་ལྟ་བུ་དགོས་ཀྱིན་འདུག་ཅེས་བསམ་འཆར་འདོན་པ་ནི་ཧ་ཅང་གི་ཡར་རྒྱས་དང་། མི་མང་གི་གོ་རྟོགས་ཡག་ཏུ་འགྲོ་བཞིན་པ་ལྟ་བུར་ཚོར་བྱུང་།  ད་དུང་ ༢༠༡༡ ལོའི་བཀའ་ཁྲི་ཡང་བསྐྱར་ཟམ་གདོང་རིན་པོ་བཟང་རབས་བཤད་མཁན་དང་། བུད་མེད་ཅིག་དགོས་རབས་གླེང་མཁན་ཡང་ཡོང་གིན་འདུག།  གང་ལྟར་ཡང་། ངས་ཀྱང་རང་ཉིད་ཀྱི་འདོད་པ་ལྟར་ ༢༠༡༡ ལོའི་བཀའ་ཁྲི་ཁྱད་ཆོས་གསུམ་ལྡན་ཅན་ཞིག་ངོས་འཛིན་བྱེད་རྒྱུ་ཡིན་ལ། དེ་ལྟ་བུའི་བཀའ་ཁྲི་དེ་ངས་ལམ་སེང་ཡིད་ལ་ཤར་མ་ཐག་ཤར་མར་ཡིག་ཐོག་ཏུ་བྲིས་པ་ཞིག་མིན་པར། རང་ཉིད་ཀྱིས་ཀྱང་ད་ལོ་བགྲོ་གླེང་རེ་འཚོགས་དུས་ཕར་བཅར་ནས་བཅར་འདྲི་དང་བགྲོ་གླེང་བྱས་པ་ཡིན་ལ། མཚམས་ལན་རེར་རང་ཉིད་ཀྱང་མི་གཞན་གྱིས་སྐད་བཏང་ནས་དེའི་སྐོར་ལ་དྲི་བ་དྲིས་ལན་དང་བཅས་ཉམས་མྱོང་མང་བོ་བརྒྱུད་མཐར་ ༢༠༡༡ ལོའི་བཀའ་ཁྲི་འདི་རེད་ཟེར་རྒྱུ་ཞིག་རྙེད་པ་དེ་རེད། ངས་རྙེད་པའི་འབྱུང་འགྱུར་གྱི་བཀའ་ཁྲི་དེ་ནི་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་རེད། ཁོང་ལ་ཁྱད་ཆོས་གསུམ་ཚང་བ་ནི་དྲན་ཕོད་དང་བཤད་ཕོད་པ། སྒྲུབ་ཕོད་པ་བཅས་རེད།  དང་པོ་དྲན་ཕོད་པ་ཞེས་པ་ལ་སྔོན་འགྲོའི་ཆ་རྐྱེན་གལ་ཆེ་ཤོས་ནི་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀྱི་ཆབ་སྲིད་དང་རྩོད་རྙོག་མགོ་ཚོད་དགོས། ཁོང་ལ་མཚོན་ན་བོད་ནང་ནས་སློབ་གྲྭར་སོང་བ་དང་སློབ་དེབ་བཀླགས་པ། ད་དུང་རྒྱ་ནག་གི་ཆབ་སྲིད་སྐོར་གྱི་དཔེ་དེབ་བཀླགས་པ་ཙམ་མིན་པར། དོན་དངོས་སུ་མིག་ལམ་ནས་མཐོང་ཐོས་དང་བཅས་ཧ་གོ་མཁན་ཞིག་རེད།

གཉིས་པ་བཤད་ཕོད་པ་ཞེས་པ་ལ་སྔོན་འགྲོའི་ཆ་རྐྱེན་བཤད་སྤྱད་ལྕེ་དགོས་པ་རེད། ད་ལྟའི་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་དང་འཛམ་གླིང་མི་མང་གི་རྒྱབ་སྐྱོར་སོགས་ལ་བསམ་གཞིགས་ཞིག་བཏང་ན་ངེས་པར་དུ་སྨྲ་བྱེད་ཀྱི་ལྕེ་གསུམ་དགོས་ཀྱིན་འདུག།བོད་ཀྱི་ཆོས་སྲིད་ཀྱི་འགན་འཁྲི་འཁུར་དགོས་པས་བོད་ཀྱི་སྐད་ཡིག་ལ་བྱང་ཆུབ་པ་ཞིག་དང་ནང་བསྟན་ཆོས་ལུགས་ལ་མ་རྨོངས་པ་ཞིག་དགོས་པ་རེད།

དང་པོ།
རྔ་བ་ཚེ་རྒྱམ་ལགས་ཀྱིས་བོད་ཕྱི་ནང་གི་གཞུང་འབྲེལ་ཚགས་ཤོག་དང་དུས་དེབ་སྟེང་ཚད་ལྡན་གྱི་རྩོམ་ཡིག་གང་མང་སྤེལ་ཡོད་པ་དང་། ལྷག་པར་དུ་ནང་བསྟན་ཆོས་ལུགས་ལ་ལོ་མང་རིང་དོན་གཉེར་ཆེན་པོས་འབད་བརྩོན་བྱས་པར་བརྟེན། ད་ལྟ་ཕལ་ཆེར་རང་མགོ་ཐོན་ཡོད་ལབ་ན་མི་འགྲིག་པ་མེད།

གཉིས་པ། རྒྱའི་སྐད་ཡིག་གི་ཐད་ནས་ཀྱང་བྱང་ཆུབ་པ་ཞིག་ཡིན་པ་ཐའེ་ཝན་དོན་གཅོད་སྐུ་ངོ་ཟུར་བ་དང་། ཐའེ་ཝན་གྱིས་ཁོང་ལ་གཟེངས་རྟགས་ཕུལ་བ་དེས་ར་གསལ་བོར་འཕྲོད་ཐུབ་པས་མང་བོ་འབྲི་མི་དགོས་པར་འདོད།

གསུམ་པ། འཛམ་གླིང་སྐད་ཡིག་གི་ཚབ་མཚོན་དབྱིན་སྐད་དབྱིན་ཡིག་ཀྱང་ངོ་གནོང་མི་དགོས་པ་ཞིག་ཡོད།
གསུམ་པ་སྒྲུབ་ཕོད་པ་ཞེས་པ་ལ་སྔོན་འགྲོའི་ཆ་རྐྱེན་ལེགས་ཉེས་དབྱེ་འབྱེད་མི་བྱེད་པར་ཧོལ་རྒྱུགས་བྱེད་པ་ལྟ་བུ་མིན་པར། ད་ལྟའི་འཛམ་གླིང་གི་སྤྱི་ཚོགས་ཀྱི་གནས་སྟངས་ཧ་གོ་བ་དང་ལྷག་པར་དུ་བོད་ཀྱི་རྩ་དོན་དེ་རྒྱ་ནག་དང་འབྲེལ་ཡོད་པས་བོད་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་སྒྲོམ་གཞི་མགོ་ཚོད་ནས་ལས་དོན་སྒྲུབ་པ། ཁོང་ལ་མཚོན་ན་བོད་ཕྱི་ནང་གཉིས་ཀྱི་མི་མང་དང་སྤྱི་ཚོགས་ཀྱི་གནས་སྟངས་ཡོད་ཚད་དངོས་སུ་རིག་ནས་ཉམས་མྱོང་བསགས་བསྡད་ཡོད་པ་ཞིག་རེད།

འདི་ལྟ་བུའི་ ༢༠༡༡ ལོའི་བཀའ་ཁྲི་ནི་རང་ཉིད་ཀྱིས་བསམ་གཞིགས་གང་མང་བཏང་བ་དང་མི་མང་གིས་རམ་འདེགས་འོག་དྲི་བ་དྲིས་ལན་སོགས་བརྒྱུད་པ་ལ་བརྟེན་ནས་རྙེད་པ་ཡིན། འོན་ཀྱང་ཁྱེད་ཅག་སྤུན་ཟླ་ཚོས་ཀྱང་འདི་ལྟ་བུའི་མི་སྒེར་བ་རེ་ངོ་སྤྲོད་བྱེད་ཐུབ་ན་དགེ་མཚན་ཆེ་བར་མཐོང་ངོ་། །

འབྲེལ་ཡོད་གསར་འགྱུར།

The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

ཆུ་ཚོད་ ༡༧ སྔོན་ལ།
This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]
Mobile App

འདི་ལོའི་འཛམ་གླིང་གི་མཚོ་རླུང་ཚབས་ཆེ་ཤོས་ཇ་མ་ཡེ་ཀ་རུ་བྱུང་།

ཆུ་ཚོད་ ༡༧ སྔོན་ལ།
འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱི་རྒྱ་གར་ལྷ་ོཕྱོགས་ཁུལ་འོས་བསྡུའི་གོ་རྟོགས་སྤེལ། ༢༠༢༥།༡༠།༢༢ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་ནང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གོ་རྟོགས་སྤེལ་གྱི་འདུག

ཆུ་ཚོད་ ༡༨ སྔོན་ལ།
འཁོར་སྐར་ནས་བླངས་བའི་བོད་ལྷུན་རྩེ་རྫོང་ཁོངས་ཀྱི་མཁའ་དམག་རྟེན་གཞི།
Mobile App

བོད་ལྷུན་རྩེ་རྫོང་ཁོངས་སུ་མཁའ་དམག་གི་རྟེན་གཞི་ཞིག་འཛུགས་སྐྲུན་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་ཀྱི་དཀྱིལ་འཁོར་གྱི་བཟོ་བཀོད་ལྡན་པའི་ལྷ་ཁང་མཐའ་མ་རྗེ་འབུམ་སྒང་དེ་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་ཏུ་བསྒྱུར།

༢༠༢༥/༡༠/༢༧
Sophie Richardson and Geshe Lobsang Monlam Honoured with 2025 Snow Lion Human Rights Award in Berlin, Germany at 25th Oct. 2025. Photos: Andreas Müller/ICT
Mobile App

གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ།

༢༠༢༥/༡༠/༢༧

མཆན། 17

  1. lobsang says:
    ལོ་ 16 སྔོན།

    བདུད་མུ་ཟི་ལགས། ཉིདཀྱིས་བསམ་ཚུལ་ལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད། དངོས་གནས་བཀའ་ཁྲིའི་འོས་གཞི་ལ་ཁོང་ལས་ལྷག་པ་ཞིག་མེད་སྙམ། གང་ཡིན་ཞེ་ན། དབྱིན་ཇི་ཐར་ཐོར་རེ་ཤེས་པ་ཙམ་གྱི་འགྲིག་གི་མི་འདུག་ བོད་རང་གི་རིག་གཞུང་གི་ཕྱིག་དགོས་པ་དང༌། དེའི་ཐོག་ལ་རྒྱ་ནག་གི་གནས་བབ་ཤེས་མཁན་ཞིག་ངེས་བར་དགོས་པས་རྒྱ་ནག་གི་གནས་བབ་ཤེས་མཁན་ཞིག་ལ་ཁོང་ལས་ལྷག་པ་ཞིག་མེད་སྙམ།

    Reply
  2. བརྩེ་དུང་གི་རྒྱལ་སྲས། says:
    ལོ་ 16 སྔོན།

    དངོས་གནས་བྱས་ན། ཁང་གསར་རྡོ་རྗེའི་ཤེས་རྟོགས་དང་ཉམས་མྱོང་གིས་ང་ལ་བཞག་པའི་ལེགས་ཕྱོགས་ཀྱི་བག་ཆགས་ཟབ་མོ་ཡིན་མོད། ད་ཐེངས་ཁོང་གི་བཤད་ཕྱོགས་འདིས་ང་ལ་རང་དབང་མེད་པར་སྐྱོ་སྣང་ཞིག་སྟེར་བྱུང་། གང་ལགས་ཞེ་ན། འགན་ལེན་དང་རྣམ་དག་གིས་རྒྱུ་མཚན་དང་བརྟག་དཔྱད་ཀྱིས་ཁོངས་མི་འཚོལ་བར་རྒྱ་ཡན་པའི་སྐད་ཆ་བྱུང་དུ་སྨྲས་པས་རེད།

    Reply
  3. གཡུ་སེང་ཨ says:
    ལོ་ 16 སྔོན།

    ཆབ་སྲིད་ཀྱི་གོ་རྟོགས་དམན་པའིཨུ་ཐུགས་ཀྱི་ཁ་ཤེས་མཐོང་དུས་ང་ཐང་ཆད་འགྲོ་གི།རྒྱུ་མཚན་སོ་སོའི་བརྟག་དཔྱད་མ་བཏང་པར་མི་ཞིག་གི་ལབ་ཀྱི་འདུག་ཟེར་ནས་རང་ཉིད་ར་བཟི་ནང་བཞིན་ཡར་ནས་བཤད་པ་ཡར་རྒྱུགས་མར་ནས་བཤད་པ་མར་རྒྱུགས་མཁན་གྱི་རེ་་སོང་ཡོད་ས་རེད།རང་ལུགས་མེད་མཁན་འདི་ཚོ་སྙིང་རྗེ་་་་་་་་་་་།དཔེར་ན་གསང་གཏོར་དང་གེ་མོ་གེ་དེ་ཚོ་་་་་་་།གནས་ལུགས་འཚོལ་ནས་སོ་སོའི་རིག་པའི་དཔྱོད་དང་མི་བཤད་པ་ལ་ཆགས་འཇོག་བྱེད་དགོས་བ་ཡོད་བ་མ་རེད་ལོ་་་་་་་།

    Reply
  4. གླིང་ཚང་དཔོན་པོ། says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ལགས
    ཁྱོད་ཀྱིས་རྔ་བ་ཚེ་རྒྱམ་ལགས་ཀྱིས་ཆོལ་ཁའི་ཕྱོགས་ཞེན་གྱི་ལས་ཀ་བྱེད་བཞིན་འདུག་ཟེར་པ་དེ་དངོས་ནས་ཁྱོད་ཀྱིས་འགན་འཁུར་ཐུབ་འམ

    Reply
  5. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཨ་རོ་གྲོགས་པོ་ཚོ་རྔ་བ་ཚེ་རྒྱམ་ལ་དབྱིན་སྐད་ཀྱི་ཆུ་ཚོད་ཞན་ལབ་ན་འགྲིག་གི འོན་ཀྱང་ཁྱེད་ཅག་མང་བོ་ཞིག་གིས་ཕྱོགས་ཞེན་ཆེ་རབས་གླེང་བ་དེས་ཁྱེད་ཅག་གི་སེམས་པ་དེ་གསལ་བོར་ལྷང་ལ་བུད་འདུག་ལ། གོང་དུ་བདུད་མུ་ཟིས་《 འདི་ལྟ་བུའི་ ༢༠༡༡ ལོའི་བཀའ་ཁྲི་ནི་རང་ཉིད་ཀྱིས་བསམ་གཞིགས་གང་མང་བཏང་བ་དང་མི་མང་གིས་རམ་འདེགས་འོག་དྲི་བ་དྲིས་ལན་སོགས་བརྒྱུད་པ་ལ་བརྟེན་ནས་རྙེད་པ་ཡིན། འོན་ཀྱང་ཁྱེད་ཅག་སྤུན་ཟླ་ཚོས་ཀྱང་འདི་ལྟ་བུའི་མི་སྒེར་བ་རེ་ངོ་སྤྲོད་བྱེད་ཐུབ་ན་དགེ་མཚན་ཆེ་བར་མཐོང་ངོ་། །》ཞེས་པའི་ཚིག་འདི་ཁྱེད་ཅག་གིས་མི་མཐོང་བ་དེས་སུ་ཞིག་ལ་ཕྱོགས་ཞེན་ཆེ་མི་ཆེ་གསལ་བར་བསྟན་འདུག་ན་ངས་གསལ་བཤད་མི་དགོས་པར་མཐོང་ངོ་། རྣམ་དཔྱད་བེད་སྤྱད་གཏོང་ཨེ་ཤེས་གྲོགས་པོ་བཟི་མཁན་ཚོ།

    Reply
  6. བློ་ཚེ། says:
    ལོ་ 16 སྔོན།

    i don’t accept your concept. Every one has right to say anything. But……………………..

    Reply
  7. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    སྐད་ཡིག་མང་བོ་ཤེས་ན་ལེགས་མོད་ཀྱང་་ཨ་རིའི་སྲིད་འཛིན་གྱིས་ཀྱང་དབྱིན་སྐད་ཁོ་ན་ལས་ཤེས་རབས་མེད་ཚུལ་འདུག་དེ་བཞིན་རྒྱ་ནག་གི་སྲིད་འཛིན་གྱིས་ཡང་རྒྱའི་སྐད་ཡིག་ལས་མི་ཤེས་བ་སོགས་་སོ་སོའི་ལུང་བའི་སྐད་ཡིག་གཙོར་བཟུང་གི་ཐོག་ནས་ཕྱག་ལས་གནང་བཞིན་པ་མ་རེད་དམ།
    ཁྱེད་ཅག་གི་འདོད་པ་ལྟར་ན་ཐེངས་རྗེས་མའི་བཀའ་ཁྲི་དེས་དབྱིན་སྐད་ཕར་ཟད་ཡུ་རོབ་རྒྱལ་ཁག་གི་སྐད་ཡིག་ཀྱང་ཤཻས་དགོས་ཚུལ་རེད། བཀའ་ཟུར་བསོད་ནམ་སྟོབས་རྒྱས་སོགས་དབྱིན་སྐད་མི་ཤེས་མཁན་གང་མང་བྱུང་ཡོད་མོད་་དེ་ཚོས་ཁོངས་འཁྱོལ་ནས་ཚེ་རྒྱམ་གྱིས་ཁུངས་མི་འཁྱོལ་བའི་རྒྱུ་མཚན་གང་ཡིན་ནམ།

    Reply
  8. གསང་གཏོར། says:
    ལོ་ 16 སྔོན།

    རྔ་མ་ཚེ་རྒྱམ་ལ་ཤེས་འཇོན་གཉིས་ལྡན་རེད། ཡིན་ནའང་དབྱེན་ཤེས་ཀྱི་མེད་པ་མ་ཟད། ཕྱོགས་ཞེན་ཆེན་པོ་ཡོད་པའི་སྐད་ཆ་མང་དུ་གོ་རྒྱུ་འདུག རྒྱ་ཡིག་ཤེས་པ་ཙམ་གྱི་ག་རི་ཕན་ཐོག་ཡོད་རེད། རྒྱ་ནག་ལ་ཡོང་འཇུག་གི་མེད། ད་ལྟའི་སྐབས་སུ་རྒྱ་ཡིག་ལས་དབྱེན་ཡིག་གལ་ཆེ་བ་རེད། ལྷག་པར་མིང་དངོས་འདོན་མི་ཕོད་པའི་མི་ཞིག་གི་ཚེ་རྒྱམ་བཀའ་ཁྲིར་ལ་རྒྱབ་སྐྱོར་བྱས་པ་དེས་ཁོང་རང་རྔ་བ་ཚེ་རྒྱམ་ལ་དེ་ཙམ་གྱི་གདེང་འཇོགས་མེད་པ་མཚོན།

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    གསལ་བཤད་བྱ་དགོས་དུས་མ་གཞི་ནས་ཚར་བ་རེད། ཡིན་ཡང་། ༧གོང་ས་མཆོག་གི་མདུན་ན་རྒྱ་ཡིག་གི་ལམ་ནས་འབྲེལ་བ་གནང་ཐུབ་མཁན་ཞིག་དགོས་པ་དངོས་ཡོད་རེད། མ་རེད་དམ།

    Reply
  10. བསེ་རུ། says:
    ལོ་ 16 སྔོན།

    ཡོན་ཏན་ཅན་དང་འཇོན་ཐང་ཅན་གྱི་རྒྱུད་ལ་ལུང་ཚན་གྱི་ཞེན་ཁོག་ཆེན་པོ་ཞིག་ཡོད་ན། དེ་ནི་ནམ་ཡང་བཀའ་ཁྲིར་སླེབས་ཐབས་མེད།

    Reply
  11. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    ཁང་གསར་གྱིས་ཁ་ཉིན་རྒྱ་རི་རིན་པོ་ཆེ་བཀའ་ཁྲིའི་འོས་ཁོངས་སུ་ཕེབས་མི་ཉན་ཚུལ་གྱི་རྒྱུ་མཚན་བགྲང་བ་བཞིན། ད་ཐེངས་ལུང་རིགས་ཀྱིས་ཚེ་རྒྱམ་འགོག་གི་འདུག་སྙམ་མོ།

    Reply
  12. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    རྔ་བ་ཚེ་རྒྱམ་བཀའ་བློན་ཁྲི་པར་འདེམས་རྒྱུར་མོས་མཐུན་མེད།

    དང་པོ། ཁོང་གིས་དབྱིན་ཡིག་ཁུངས་འཁྱོལ་བ་ཤེས་ཀྱི་མེད།

    གཉིས་པ། འཛིན་སྐྱོང་གི་ཉམས་མྱོང་ཕྲན་བུ་ཙམ་ལས་མེད།

    གསུམ་པ། ཆོལ་ཁའི་ཕྱོགས་ཞེན་གྱི་ལས་ཀ་མང་པོ་བྱས་དང་བྱེད་བཞིན་རེད།

    Reply
  13. བློ་བཟང་བརྟན་པ says:
    ལོ་ 16 སྔོན།

    བདུད་མུ་ཟི་ལགས། ཁྱེད་རང་གིས་སྐུ་ཞབས་ཚེ་རྒྱམ་ལགས་ངོ་སྤྲོད་སྟོན་པ་ནི་དངོས་གནས་ཡག་པོ་དང་ཤེས་ལྗོན་ལྡན་པ་ཞིག་འདུག ཡིན་ཡང་ཁོང་ནང་བཞིན་ངོ་ཚོའི་སྤྱི་ཚོགས་སྐུ་ཞབས་དེ་འདྲ་བ་མེད་པ་མ་རེད། ཁྱེང་རང་གིས་ཁོང་དམིགས་དཀར་དགོས་པའི་རྒྱུ་མཚན་གང་ཡིན་ནམ། གཉིས་ནས་ཁོང་ད་ལྟའི་ཆར་གཞུང་ཞབས་པ་ཞིག་རེད། དེར་བརྟེན་ཁོང་བཀའ་ཁྲིར་འོས་གཞིར་ཞུགས་ཆོག་གི་ཡོད་དམ་མེད། རྩ་ཁྲིམས་ཐོག་གཟིགས་ཞིབ་བྱུང་ངམ།

    Reply
  14. བརྩེ་དུང་གི་རྒྱལ་སྲས། says:
    ལོ་ 16 སྔོན།

    བདུད་མུ་ཟི་ལགས། རེ་སྐུལ་ཞིག་བྱེད་རྒྱུ་ཞིག་ལ། ཁྱེད་ཀྱི་བསམ་ཚུལ་དང་མཉམ་དུ་སྐུ་སྒེར་དྲུང་ཆེ་ཚེ་རྒྱམ་ལགས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་བྱེད་ཐུབ་ན། ད་གཟོད་རྒྱུས་ལོན་དང་བརྟག་དཔྱད་བྱེད་རྒྱར་ཕན་ཐོགས་འབྱུང་སྲིད་པ་ཞིག་རེད། མི་རང་རང་གི་བསམ་ཕྱོགས་རེ་འཁྱེར་ཡོང་ནས། ཡག་རབས་དང་འཇོན་རབས་རྐྱང་རྐྱང་གིས་བརྒྱ་བཤད་དང་ཁྲོམ་བསྒྲགས་བྱེད་ཀྱིན་འདུག་པ་དེས་ཕན་ནུས་ཆེར་མི་འདུག་པས། བློ་གཟུ་བོའི་སྒང་ནས་འོས་ཆོས་ཚང་མཁན་གང་ན་སུ་བཞུགས་པ་ཚང་མ་དམིགས་བཀར་བྱེད་ཐུབ་པའི་དབང་དུ་བཏང་ན། ང་ཚོས་ཁོང་ཚོའི་ཆ་རྐྱེན་ལ་བསྡུར་ནས་དཔྱད་འདེམས་བྱས་ཆོག་པ་ཞིག་རེད་ལ། རྩེ་གྲས་དང་ཡག་ཤོས་སླེབས་ཐུབ་པར་ཕན་ནུས་མི་ཉུང་བ་ཞིག་ཐོན་ཐུབ་པ་ཞིག་རེད་སྙམ།

    Reply
  15. གཡུ་སེང་ཨ says:
    ལོ་ 16 སྔོན།

    ཁ་ཡོད་ལག་ཡོད་མཁོ་བ་རྒྱ་བོད་བར་ལ་མཁྱེན་རྟོགས་དངོས་གནས་ཆེ་མཁན་ཞིག་བཀའ་ཁྲི་ལ་འགྲོ་དགོས་ཤུན་ཏུ་ལས་ཀྱང་གལ་ཆེ།རྔ་བ་ཚེ་རྒྱམ་ངེས་པར་དུ་འགྲོ་དགོས་ས་རེད།བདུད་མུ་ཟིའི་བཤད་པ་གནས་ལུགས་འཚོལ།

    Reply
  16. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    གོང་དུ་བདུད་མུ་ཟིས་བཤད་པ་ལྟར་རྔ་བ་ཚེ་རྒྱམ་ལགས་སུ་ཆ་རྐྱེན་དེ་གསུམ་དང་ལྡན་པ་བདེན་པར་མཐོང་། འོན་ཀྱང་ཁོང་ལ་འཛིན་སྐྱོང་གི་ཉམས་ཞན་པོ་མེད་འགྲོ་དྲན་སོང་། ངས་བསམ་པར་བོད་གཞུང་དཔལ་འབྱོར་དྲུང་ཆེ་ཟུར་བ་ཚེ་རིང་བཀྲ་ཤིས་དེང་སྐབས་ཨ་རིར་གནས་བསྡོད་པ་དེ་ལ་རྒྱ་ཡིག་མ་གཏོགས་ཆ་རྐྱེན་ཀུན་ལྡན་དང་སྐྱོན་ཀུན་བྲལ་ལྟ་བུ་ཞིག་ཡོད་པ་རེད་ཟེར་གྱི་འདུག རྩད་གཅོད་ཅིག་གནང་ན་ཡག་པོ་ཡོད་པ་རེད།

    Reply
  17. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཁྱེད་ཀྱི་བསམ་ཚུལ་ལ་བརྩི་བཀུར་ཡོད། ཡིན་ཡང་། རྔ་པ་ཚེ་རྒྱམ་ལགས་ད་ལྟའི་ཆར་སྐུ་སྒེར་ཡིག་ཚང་ནས་བསྡད་ན་སྐུ་མདུན་གྱི་ཕྱག་ལས་མང་པོ་ཞིག་ལ་ཕན་ཐོགས་གི་རེད། དཔེར་ན། སྐུ་མདུན་གྱིས་རྒྱ་རིགས་མི་དམངས་ལ་འབྲེལ་བ་ཤུགས་ཆེན་པོ་ཞིག་འཛིན་གི་ཡོད་དུས་ཚེ་རྒྱམ་ལྟ་བུ་ཞིག་སྐུ་བཅར་ཁོངས་སུ་མེད་དུས་དཀའ་ལས་ཁག་པོ་ཆགས་གི་རེད། ང་ཚོས་བཀའ་ཁྲིའི་འོས་གཞི་འདོན་དུས་ཕྱོགས་མང་པོ་ཞིག་ལ་བསམ་བློ་ཐོངས་དགོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese