མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒེར་གཉེར་སློབ་གྲྭ་སྒོ་བརྒྱབས་པ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ནག་ཆུ་ས་ཁུལ་གྱི་སྒེར་བཙུགས་སློབ་གྲྭ་གཉིས་སྒོ་རྒྱག་ཏུ་བཅུག་འདུག

ཕྱི་ཚེས་ ༢༢ ཉིན་གནས་ཚུལ་འབྱོར་བ་ལྟར་ན། ༡༩༩༧ ལོར་ལྷ་སའི་ནག་ཆུ་ས་ཁུལ་སྤེ་རོའུ་རྫོང་གི་མཁན་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་ནག་ཆུ་རྫོང་པད་དགའ་ཞང་གི་ཉེ་འགྲམ་དུ་པད་དགའ་ཤེས་རིག་སློབ་གྲྭ་ཞེས་པའི་སློབ་གྲྭ་ཞིག་སྒེར་ངོས་ནས་གསར་འཛུགས་གནང་ཡོད་པ་དང་། དེ་ཡང་མཁན་པོ་མཆོག་གིས། ཡུལ་དེའི་འབྲོག་པ་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་དང་། ལྷག་པར་འབྲོག་ཁུལ་གྱི་གཞོན་སྐྱེས་གང་མང་ཞིག་ལ་བོད་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་དང་ལག་རྩལ། སྨན་རྩིས། བོད་མིའི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་བག་ཆགས་བཟང་བོ་ཞིག་འཇགས་པར་བྱ་ཆེད་བོད་རིགས་སློབ་མ་ ༢༠༠ ལྷག་བསྡུ་རུབ་བྱས་ཏེ། མི་རབས་གསར་བ་སྐྱེད་སྲིང་ལ་དམིགས་ཏེ་བཙུགས་པ་ཞིག་ཡིན་པ་དང་། སློབ་གྲྭའི་ནང་སུམ་དག་རྟགས་གསུམ་དང་བོད་ཀྱི་སྨན་རྩིས་ཤེས་བྱ། རི་མོ་དང་འཚེམ་བཟོ། རྒྱ་ཡིག  དབྱིན་ཇི་སོགས་ཀྱི་སློབ་སྦྱོང་སྤྲོད་ཀྱིན་ཡོད་འདུག དེ་ལྟར་ཡང་། རྒྱ་གཞུང་གིས།  ཁོང་གིས་བཙུགས་པའི་སྒེར་བཙུགས་སློབ་གྲྭ་དེའི་ནང་མི་རིགས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱིན་པར་ངོས་འཛིན་བྱས་ཏེ་ཉེ་ཆར་སློབ་གྲྭ་སྒོ་བརྒྱབས་ཡོད་པ་རེད།

དེ་བཞིན། ནག་ཆུ་སོག་རྫོང་གི་མཁན་པོ་བསྟན་འཛིན་ཐབས་མཁས་ལགས་ཀྱིས་ཀྱང་། བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་ལག་ཤེས་རིག་གནས་དེ་དག་མི་ཉམས་རྒྱུད་འཛིན་བྱ་བར་དམིགས་ཏེ། རང་ཉིད་སྒེར་ངོས་ནས་ནག་ཆུ་རྫོང་ཐོག་ཏུ་ནག་ཆུ་ལག་ཤེས་སློབ་གྲྭ་ཞེས་པ་ཞིག་གསར་འཛུགས་གནང་ཡོད་པ་དང་། སློབ་གྲྭའི་ནང་བོད་རིགས་སློབ་མ་ ༣༠༠ ལྷག་བསྡུ་རུབ་ཀྱིས་ལག་ཤེས་གཙོར་བྱས་པའི་ནང་ཆོས་དང་སྲོལ་རྒྱུན་རིག་གཞུང་གི་སློབ་གསོ་སྤྲོད་ཀྱིན་ཡོད་སྟབས། རྒྱ་གཞུང་གིས། ཁོང་ཚོས་སྒྲུབ་པའི་བྱ་བ་དེ་དག་ཁ་བྲལ་གྱི་བྱ་འགུལ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་པ་མ་ཟད། ཏཱ་ལའི་བླ་མའི་དམིགས་འབེན་ལྟར་སྒྲུབ་ཀྱིན་པའི་ཉེས་མིང་འོག་སློབ་གྲྭ་སྒོ་བརྒྱབས་ཡོད་འདུག

གོང་གསལ་གྱི་སློབ་གྲྭ་དེ་གཉིས་ནི་སྤྱི་ལོ་ ༡༩༩༧ ལོར་དུས་མཉམ་དུ་གསར་འཛུགས་གནང་ཡོད་འདུག་ལ། ༢༠༠༩ ལོའི་ཕྱི་ཟླ་ ༢ པའི་ནང་རྒྱ་གཞུང་གིས་དུས་མཉམ་དུ་བཙན་གྱིས་སྒོ་བརྒྱབས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨
དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།
Mobile App

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

༢༠༢༦/༠༡/༢༨
Mobile App

མཚོ་ངོགས་ཀྱི་དམ་བཅའ།

༢༠༢༦/༠༡/༢༨

མཆན། 4

  1. དོན་གོ says:
    ལོ་ 16 སྔོན།

    རེད་བསམ། བཅོས་རོགས།

    Reply
  2. དོན་གོ says:
    ལོ་ 16 སྔོན།

    གསར་འགྱུར་འདི་ཉེ་ཆར་བོད་ནས་གསར་དུ་འབྱོར་བའི་ས་གནས་མི་སྣ་ཞིག་གིས་འགྲེལ་བརྗོད་གནང་བ་ཞིག་རེད། གང་ལྟར། ང་ཚོས་དོ་སྣང་བྱ་ཡུལ་ཞིག་རེད་ལ། དོ་སྣང་བྱ་དགོས་པ་ཞིག་ཀྱང་རེད་བསམ་ལ། འདི་ཡང་རྒྱ་ནག་ཐབས་ཇུས་ཤིག་གི་མཇུག་འབྲས་རེད་བསམ་གྱི་འདུག

    Reply
  3. བསེ་རུ། says:
    ལོ་ 16 སྔོན།

    བོད་མི་མང་གི་སྤྱི་འཐུས་ཚོ། སོག་རླུང་འཕར་བ་གོ་འདུག་ལ། ད་ལྟའི་ཆར་ཨ་གར་སོ་ལྔ་མཆོད་ཀྱིན་ཡོད་པ་དེ་ཡང་གོ་འདུག
    དངོས་གནས་བོད་ནང་ནས་འདིར་དོ་སྣང་ག་ཚོད་ཙམ་བྱེད་ཀྱིན་ཡོད་པ་དེ་རྟོགས་ཐུབ་པ་མ་ཡིན་ནམ།།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    སློབ་མ་སུམ་བརྒྱ་ལྷག་ཡོད་པའི་སློབ་གྲྭ་ཞིག་སྒོ་བརྒྱབས་ཏེ་ཟླ་ངོ་བདུན་ལྷག་འགོར་རྗེས་ད་གཟོད་གོ་བ་རེད། དངོས་གནས་བཤད་མི་ཤེས་པ་རེད། དོ་སྣང་མ་བྱས་པས་ལན་པ་འདྲ། འཛམ་གླིང་རང་བཞིན་དང་རྒྱལ་ཁབ་དང་མི་རིགས་གཞན་ཞིག་གི་གནས་ཚུལ་ཡིན་ན་ང་ཚོས་ལམ་སང་གོ་ཐུབ་པ་མ་ཟད། དེའི་ཐད་ལ་བགྲོ་གླེང་དང་ཇུས་གཏོགས་བྱེད་མཁན་ཡང་ཧ་ཅང་མང་གི བོད་དང་འབྲེལ་བའི་དོན་དག་ཅིག་དང་འདི་ལྟ་བུ་ནི་དུས་ཚོད་ཀྱི་ཡུན་ཚད་ཅིག་ལོང་དགོས་པ་འདྲ། ཨ་ཁུ་རིན་ཆེན་བཟང་པོའི་གློག་བརྙན་ལྟ་བུ་ལོ་གཅིག་ལྷག་འགོར་ཡང་ད་དུང་བདེ་སྲུང་གི་ཁང་སྦུགས་སུ་ཉར་བསྡད་ཡོད་པ་རེད། ཕལ་ཆེར་དུས་ཚོད་མ་རན་པས་ཡིན་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese