མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཡོན་ཞུ་ཕྱོགས་ཀྱི་ཟབ་སྦྱོང་།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༤ ཉིན་བདེ་སླར་མི་མང་ཚོགས་ཁང་ནང་ལུགས་བདེ་གཉིས་ཀྱི་གཞིས་ལས་ཁང་གི་གོ་སྒྲིག་འོག་མི་མང་ལ་སློབ་ཡོན་ཞུ་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཞིག་གནང་ཡོད་ལ། ཉིན་དེར་བཀའ་སློབ་གནང་མཁན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བཀྲ་ཤིས་སྒྲོལ་མ་ལགས་དང་། དྲུང་གཞོན་འཆི་མེད་ཚེ་རིང་རྣམ་པ་གཉིས་ཡིན། ཟབ་སྦྱོང་གནང་སར་ལུགས་བདེ་གཉིས་ཀྱི་མི་མང་ ༢༠༠ ལྷག་འཛོམས་ཡོད།

འོན་ཀྱང་། ཤེས་རིག་དྲུང་འཕར་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་ཕྱི་ལོ་ ༢༠༠༦ ལོར་ང་ཚོ་འདིར་བཅར་སྐབས་བདེ་སྐྱིད་སླར་གསོའི་མི་མང་གཅིག་པུ་དེ་རིང་གི་གྲངས་ཚད་ལྟ་བུ་ཞིག་འདུག དེ་རིང་ང་ཚོས་བདེ་སྐྱིད་སླར་གསོ་དང་ལུགས་ཟུང་བསམ་འགྲུབ་གླིང་སོ་སོར་ཚོགས་འདུ་གཉིས་སྐོང་མི་དགོས་པར་འདིར་མཉམ་དུ་འཛོམས་དུས་ཀྱང་། མི་མང་གི་གྲངས་ཀ་འདི་ལྟ་བུ་ཞིག་ལས་མི་འདུག ང་ཚོ་ངྷ་སར་ལས་ཀ་མེད་དེ་ས་གནས་སུ་ཡོང་འདོད་ནས་ཡོང་བ་མ་རེད། གོང་རིམ་ནས་བཀའ་ཕེབས་ཏེ། སྔོན་མར་ལམ་སྟོན་མང་བོ་ཞུས་ནའང་། ད་དུང་མི་མང་ནང་སྐད་ཆ་མང་བོ་ལྷག་གི་འདུག མི་མང་ལ་ལམ་སྟོན་བྱེད་དུ་ས་གནས་སུ་འགྲོ་དགོས་ཀྱི་འདུག་གསུངས་སྟབས་ང་ཚོ་ཡོང་བ་ཡིན། ཡང་མིན་ན་དེ་རིང་འཛོམས་མཁན་རྣམས་ཕྲུ་གུ་ཅན་རྐྱང་རྐྱང་ཡིན་ས་རེད། ཡིན་ནའང་། དེ་ལྟར་མ་རེད། མི་མང་ནང་སྐད་ཆ་མང་བོ་ལྷག་གི་ཡོད་སྟབས་མི་མང་འཛོམས་དགོས་པ་རེད། གཅིག་བྱས་ན་བཀའ་བློན་དང་དྲུང་ཆེ་རྣམ་པ་ཞིག་ཕེབས་ན་བཀའ་སློབ་རྒྱས་པ་གནང་གི་ཡོད་པ་དང་། གསན་དགོས་པ་ཞིག་ཡིན་པ་ལས། གཤམ་འོག་གི་ལས་བྱེད་ཅིག་ཕེབས་ན། བཅར་མི་དགོས་པ་དང་གསན་མི་དགོས་པ་ཞིག་ཡིན་ས་རེད་ཅེས་ཚོགས་གཏམ་ཐུང་ངུ་ཞིག་གིས་མགོ་འཛུགས་གནང་སྟེ། ཆུ་ཚོད་ ༡ དང་སྐར་མ་ ༡༡ རིང་བཀའ་སློབ་གནང་ཡོད།

ཁོང་གིས་མུ་མཐུད་གསུང་བཤད་གནང་དོན། སྔོན་མར་ང་ཚོའི་གནས་སྟངས་ཡག་པོ་མེད་ནའང་། ད་ལྟ་འཛིན་རིམ་བཅུ་བ་དང་བཅུ་གཉིས་ཐོན་མཁན་མང་བོ་ཡོད་པ་དང་། དེ་དག་མུ་མཐུད་མཐོ་རིམ་སློབ་གྲྭར་འགྲིམ་དགོས་དུས་ང་ཚོ་ལ་རོགས་དངུལ་མང་བོ་མེད་ནའང་། གང་ཡོད་པ་དེ་ཕྲུ་གུ་བརྒྱ་ཆ་མཐོན་པོ་ཡོད་མཁན་རྣམས་ལ་འབུལ་ཆེད། འདིར་ལམ་སྟོན་བྱེད་དུ་ཡོང་བ་རེད། ཅེས་དང་། འཛིམ་རིམ་བཅུ་གཉིས་རྗེས་ཤེས་རིག་ལས་ཁུངས་ཀྱིས་བརྒྱ་ཆ་མཐོ་བོ་ཡོད་པའི་སློབ་མ་རྣམས་ལ་ཡོངས་ཁྱབ་གསལ་བསྒྲགས་ཇི་ལྟར་གནང་གི་ཡོད་པ་དང་། སྙན་ཞུ་ཇི་ལྟར་འབུལ་དགོས་པ། སྙན་ཞུ་མཉམ་དུ་ཆ་རྐྱེན་གང་དང་གང་ཚང་དགོས་པ། མཐའ་མར་ཕྲུ་གུ་འདེམས་སྒྲུག་ཇི་ལྟར་གནང་གི་ཡོད་མེད། སོགས་རེ་རེ་བཞིན་ངོ་སྤྲོད་གནང་ཡོད།

དེའི་རྗེས་ཤེས་རིག་དྲུང་གཞོན་འཆི་མེད་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་དོན། དེང་སྐབས་བོད་གཞུང་ཤེས་རིག་ལས་ཁུངས་སུ་སྲོང་བཙན་སློབ་ཡོན་ཟེར་བ་ཞིག་ཡོད་ཅིང་། དེའི་ནང་དུ་ལོ་རེ་བཞིན་སློབ་ཕྲུག་བཅུ་རེ་འདེམས་ཀྱིན་ཡོད་པ་རེད། དེའི་རིགས་འདེམས་སྟངས་ནི་སྤྱིར་བཏང་སློབ་སྦྱོང་ཡག་པོ་ཡོད་ནའང་། ཡིག་རྒྱུགས་སྐབས་ནད་མནར་གྱི་དབང་གིས་ཡིག་རྒྱུགས་གཏོང་མ་ཐུབ་པ་ལྟ་བུ་དང་། ཡིག་རྒྱུགས་སྐབས་བརྒྱ་ཆ་ཡག་པོ་མ་ལོན་པ་སོགས་ཀྱི་རིགས་གཅིག་དང་། ཡང་རིགས་གཅིག་དུས་རྒྱུན་སློབ་གྲྭར་སྡོད་སྐབས་ཡ་རབས་བཟང་སྤྱོད་ལྡན་པ་དང་། སྤྱི་སེམས་ལྡན་པ། སློབ་གྲོགས་ནང་ཁུལ་དུ་མཐུན་སྒྲིལ་བཟང་བ། སེམས་ཤུགས་ཆེ་བ་བཅས་ཀྱི་རིགས་ཡིན་ན། ཡིག་རྒྱུགས་ཀྱི་བརྒྱ་ཆ་ཡག་པོ་མ་ལོན་ཡང་དེའི་ནང་དུ་ཞུགས་ཆོག་གི་ཡོད། དེ་བཞིན་དྭ་ཕྲུག་དང་ཕྱེད་དྭ་ཕྲུག ཉམ་ཐག་སོགས་ཡིན་ན་འཛུལ་ཆོག་གི་ཡོད་པ་རེད། ཅེས་སྲོང་བཙན་སློབ་ཡོན་སྐོར་འགྲེལ་བརྗོད་གནང་ཡོད་ལ། ཁོང་གིས་མུ་མཐུད་དུ་སྲོང་བཙན་སློབ་ཡོན་ཐོབ་ཆེད་སློབ་ཕྲུག་རང་ངོས་ནས་འགེང་ཤོག་ནང་དགང་དགོས་པ་དང་། ས་གནས་མགོ་འཛིན་ནས་དགང་དགོས་པ། སློབ་སྤྱིས་དགང་དགོས་པ་སོགས་རིགས་འགའ་ཡོད་པ་རེད་ལ། དེ་ནི་སློབ་ཕྲུག་དེའི་དངོས་ཡོད་འཚོ་བའི་ཐོག་གི་དཀའ་ངལ་རིགས་ས་གནས་མགོ་འཛིན་གྱིས་མཁྱེན་གི་ཡོད་ལ། སློབ་ཕྲུག་དེའི་སློབ་སྦྱོང་གནས་སྟངས་དང་ཀུན་སྤྱོད་སོགས་སློབ་སྤྱིས་མཁྱེན་གྱི་ཡོད་སྟབས་ཁོང་རྣམ་པ་གཉིས་ངོས་ནས་ཀྱང་འགེང་ཤོག་དགང་དགོས་པ་རེད། སྤྱིར་ཚོགས་ཆུང་ནས་ཡིག་ཆ་རེ་རེ་བཞིན་ཞིབ་འཇུག་ཡག་པོ་བྱས་ཏེ་ཐག་གཅོད་པ་ལས། སྙན་ཞུ་མཐོང་བ་དང་འདི་ལ་སློབ་ཡོན་འཐོབ་གི་རེད་ཅེས་ཐག་ཆོད་གི་མ་རེད། ཅེས་སོགས་གསུངས་ཡོད།

ཁོང་རྣམ་གཉིས་ནས་ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་ཚོའི་སློབ་ཡོན་སུ་ལ་སྤྲོད་ཀྱིན་པ་དང་། སུ་ལ་མ་སྤྲད་པ་སོགས་ཀྱི་ཐད་དོགས་པ་བྱུང་སྐབས་ཁ་པར་གྱི་ལམ་ནས་དོགས་འདྲི་བྱེད་ཆོག་གི་རེད་ལ། ལན་ཡང་རྒྱག་གི་རེད། སློབ་ཡོན་སུ་ལ་ཐོབ་གི་ཡོད་པ་དང་ཇི་ལྟར་ཐོབ་མིན་དེ་ཡིག་ཐོག་ཏུ་གསལ་བོ་ཡོད་པ་རེད་ལ། སློབ་ཕྲུག་འདེམས་སྒྲུག་ཀྱང་སློབ་ཡོན་ཚོགས་ཆུང་བརྒྱུད་ནས་འདེམས་སྒྲུག་བྱེད་ཀྱིན་ཡོད་སྟབས། ངོ་ཆེན་ངོ་མེད་འགྲོ་ས་ཡོད་པ་མ་རེད། དེར་བརྟེན་སེམས་མ་སྐྱིད་པ་བྱས་ནས་སྡོད་དགོས་པ་མ་རེད། དོགས་པ་ཡོད་ན་དོགས་འདྲི་བྱེད་རྐྱང་བྱོས་ཞེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 3

  1. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཨ་རིགས་འགྱུར་མེད་ལགས། གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་ང་ཚོ་བཙན་བྱོལ་ནང་དུ་འདི་འདྲའི་སྐོང་ཚིག་འབྲི་སྲོལ་ཞིག་གོམས་འདུག་ལ། སྐོང་ཚིག་དེ་ཚོ་ཕྱིས་སུ་འགྲེལ་བཤད་མེད་ན་ཀློག་མཁན་གྱིས་མི་གོ་བ་གོང་གི་འདི་ལྟ་བུ་མང་པོ་འདུག སྐོང་ཚིག་བྲིས་ཀྱང་དོན་གོ་བ་ཞིག་དགོས་རྒྱུ་ལས། གང་འདོད་དུ་སྐོང་བ་ཕྱིས་སུ་འགྲེལ་བཤད་བྱེད་དགོས་པ་འདི་འདྲ་ཕྱིས་སུ་མི་འབྱུང་བར་སྨོན། ཁྱེད་ཀྱིས་འགྲེལ་བཤད་གནང་བར་དངོས་གནས་ཐུགས་རྗེ་ཆེ་ཞུ།

    Reply
  2. ཨ་རིག་འགྱུར་མེད། says:
    ལོ་ 17 སྔོན།

    བདེ་སླར་ཞེས་པ་སྦེལ་ཀོབ་ཏུ་གཞིས་ཆགས་གསར་རྙིང་གཉིས་ཡོད་པའི་ནང་གི་གསར་བ་དེ་ཡིན་ལ། བདེ་སྐྱིད་སླར་གསོ་ཞེས་པའི་བསྡུས་ཚིག་ཡིན། གཞིས་ཆགས་རྙིང་བའི་མིང་ལ་ལུགས་ཟུང་བསམ་འགྲུབ་གླིང་ཟེར་ལ། དེ་གཉིས་ཀྱི་མི་མང་ནི་ལུགས་བདེ་གཉིས་ཀྱི་མི་མང་ཡིན།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    བདེ་སླར་ཟེར་བའི་ས་ཆ་འདི་གང་ན་ཡོད་པ་རེད། ལུགས་བདེ་གཉིས་ཀྱི་མི་དམངས་སུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese