མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད། དགེ་བསྟན་གྱིས།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད། དགེ་བསྟན་གྱིས།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ལྔ་བ། དོན་ཚན་སོ་བདུན་པའི་ནང་གསལ་ལྟར་གྱི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་གྲུབ་ཆ་དང་ཡོང་ཁོངས་ཀྱི་ལམ་ལུགས་དེ་ནི་མེད་དུ་མི་རུང་བའི་དམངས་གཙོའི་ཆ་རྐྱེན་ཞིག་མིན་ཡང་ད་ལྟའི་བར་དུ་གལ་ཆེའི་ལམ་ལུགས་ཤིག་ཏུ་བརྩིས་ཡོད། འོན་ཀྱང་ལམ་ལུགས་དེ་ང་ཚོས་དེ་སྔའི་བྱུང་རིམ་དང། ད་ལྟའི་གནས་བབ།འབྱུང་འགྱུར་གྱི་དགོས་མཁོ་བཅས་ཕྱོགས་གང་ནས་དཔྱད་ཀྱང་ཕན་རླབས་ཆེ་བའི་ལམ་ལུགས་ཤིག་ཏུ་མ་མཐོང། རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

ཁོངས་སོ་སོ་ནས་ཡོང་བའི་སྤྱི་འཐུས་གཙོ་བོར་གྱུར་བའི་མི་སྣ་ཁག་ཅིག་གིས་གྲུབ་ཆ་དེ་གལ་གནད་ཆེ་བའི་རྒྱུ་མཚན་དུ་ཆོལ་ཁ་ཆོས་ལུགས་གལ་ཆེན་ཡིན་པ་བགྲང་གི་ཡོད།  ཆོལ་ཁ་ཆོས་ལུགས་གལ་ཆེ་ཡིན་ཡང་ཆོལ་ཁ་ཆོས་ལུགས་ཀྱི་འཐུས་མི་ཚོས་ཆོལ་ཁ་ཆོས་ལུགས་ལ་དོན་དམ་གྱི་ཕན་ཐོགས་གང་འདྲ་ཞིག་བྱུང་གི་ཡོད་མེད་ལ་ང་ཚོས་ངེས་པར་དཔྱད་ཞིབ་བྱེད་དགོས་པའི་གནད་དོན་ཞིག་མ་རེད་དམ། རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད། ལྷག་པར་དེང་སྐབས་ཆོལ་ཁ་ཆོས་ལུགས་ཁག་གི་སྤྱི་འཐུས་མི་ཉུང་བ་ཞིག་ཆགས་སྡང་རགས་པའི་དབང་དུ་གྱུར་ཏེ་སྒོ་གསུམ་རྩུབ་སྤྱོད་ཀྱི་རྣམ་འགྱུར་ཚད་ལས་བརྒལ་བ་སོགས་ཀྱི་སྟེང་ནས་མཐོང་སྣང་ངན་པ་ཞིག་ཡོང་གི་ཡོད་ལ།དེའི་རྐྱེན་གྱིས་ཆོལ་ཁ་དང་ཆོས་ལུགས་ལ་རྨ་ཤུལ་ཆེན་པོ་བཟོ་བཞིན་ཡོད་པས། གནད་དོན་དེ་དང་དེས་མཚོན་པའི་བཙན་བྱོལ་བོད་མིའི་དམངས་གཙོའི་ཞན་ཆ་ཁག་གི་འབྱུང་རྩ་ལ་ངེས་པར་འགྱུར་བཅོས་གཏོང་བའི་དུས་སུ་སླེབས་ཡོད་པར་སྙམ། རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

གལ་ཏེ་ཆོས་ལུགས་སྤྱི་འཐུས་ཀྱི་ས་མིག་དེ་ཡོད་ན་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང། མེད་ན་དར་རྒྱས་མི་ཐུབ་པའི་གནད་དོན་ཞིག་མིན་ལ། ཆོས་ལུགས་སྤྱི་འཐུས་ཀྱི་ས་མིག་ཡོད་ན་དམངས་གཙོ་ཚད་ལྡན་ཡིན་པ་དང་མེད་ན་ཚད་མི་ལྡན་པ་ཞིག་དེ་བས་ཀྱང་མིན་པར་སྙམ། རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

དེར་མ་ཟད་ཆོས་ལུགས་སྤྱི་འཐུས་ཀྱི་ས་མིག་དེ་དམངས་གཙོའི་ཁེ་དབང་དོ་མི་མཉམ་པའི་དོན་དངོས་གནད་དོན་ཞིག་ཏུ་གྱུར་ཡོད་པས་ངེས་པར་འགྱུར་བཅོས་གཏོང་གལ་ཆེ་བར་མངོན། རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

ཡང་ཅིག་བཤད་ན་ཆོལ་ཁ་ཆོས་ལུགས་སྤྱི་འཐུས་ཡོང་ཁོངས་ལ་གཞིགས་པའི་འོས་འདེམས་བྱེད་སྟངས་དེའི་མཇུག་འབྲས་སུ་གྱུར་བའི་ཞན་ཆའི་གནད་དོན་མང་ཞིང། དེ་ཡང་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་སུ་ལྷུང་འདོད་མེད་མཁན་ཞིག་ཡིན་ན་ཡང་འདམ་བྱ་དང་འདེམ་བྱེད་གང་དུ་ཞུགས་ཚེ་རང་བཞིན་གྱིས་ཕྱོགས་སུ་མི་ལྷུང་ཀ་མེད་དུ་གྱུར་ཡོད། གནད་དོན་འདི་གཅིག་པུའི་སྟེང་ནས་ཀྱང་ཞན་ཆ་མང་དག་ཅིག་མཐོང་ཐུབ་པས་སྐྱོན་གནད་དེ་སེལ་དགོས་ན་འོས་འདེམ་བྱེད་སྟངས་ལ་འགྱུར་བཅོས་གཏོང་དགོས་པར་སྙམ།  རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

གལ་སྲིད་ཆོལ་ཁ་སོ་སོའི་སྤྱི་འཐུས་བཅུ་རེ་ངེས་པར་དགོས་པ་ཞིག་ཡིན་ནའང་འོས་སྔོན་འགྲོ་སྔར་བཞིན་ཆོལ་ཁོངས་སོ་སོ་ནས་འོས་འདེམས་བྱ་རྒྱུ་ལས།འོས་དངོས་གཞིར་ཆོལ་ཁ་རིས་མེད་ཀྱི་ངོ་བོ་ཐོག་གྲངས་ཚད་བཅུ་རེ་འདེམས་ཐུབ་བྱ་རྒྱུའི་ཁྲིམས་ལུགས་ཤིག་ངེས་པར་དགོས་གལ་མཐོང་། རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

བཀའ་བློན་ཁྲི་པ་དང་སྤྱི་འཐུས་སོགས་ཀྱི་འོས་བསྡུའི་ལས་རིམ་ནང་འོས་འཕེན་མཁན་ཡོད་ཚད་མཉམ་ཞུགས་ཡོང་ཐུབ་པ་ལ་ཐབས་ལམ་མེད་པ་མིན་ཏེ། རང་བདེན་ལག་དེབ་ཀྱི་ཁྲལ་དངུལ་ལོ་ལྟར་འབུལ་དགོས་པ་དེ་བོད་མི་ཡོད་དོ་ཅོག་གི་གཞི་རྩའི་ཆ་རྐྱེན་ཞིག་ཏུ་གཞུང་འབྲེལ་གྱིས་གཏན་འབེབས་གནང་ཡོད་པ་ལྟར། ལག་དེབ་དེའི་མཇུག་ཏུ་འོས་འཕེན་མིང་འགོད་ཀྱི་རེའུ་མིག་ཅིག་གསར་བསྣོན་བྱས་ཏེ་ལོ་རེའི་ཁྲལ་དངུལ་གཙང་འབུལ་དགོས་པ་བཞིན་སྐབས་སོ་སོའི་འོས་ཤོག་ཆ་ཤས་གཙང་ལེན་དགོས་པ་གཞི་རྩའི་ཆ་རྐྱེན་ཏུ་གཏན་འབེབས་གནང་ཚེ་འོས་འཕེན་སྔར་ལས་མང་དུ་འགྲོ་ངེས་ཡིན་པར་སྙམ། རྒྱ་ཆེའི་དྲ་གྲོགས་ཚོར་དགོངས་ཚུལ་ཅི་ཡོད།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦

མཆན། 4

  1. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 17 སྔོན།

    དྲ་གྲོགས་དགེ་བསྟན་ལགས་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་དེ་ངེས་པར་དུ་དགོས་པ་མ་ཟད་རྒྱལ་བ་དོན་གྱི་བདག་པོའི་དགོངས་བཞེད་བླ་ན་མེད་པའང་རེད།དེ་བས་ན་ཆོས་ལུགས་ཀྱི་སྤྲི་འཐུས་དེ་མེད་པ་གྱུར་ཚེ་དུས་དེ་ནས་བཟུངས་དགོན་སྡེ་ཁག་གི་བདེ་སྡུག་གནས་ཆུལ་གྲོས་ཚོགས་ཀྱི་ར་བ་ནང་སླེབས་མི་སྲིད་བོད་གཞུང་དང་རབ་བྱུང་ངུར་སྨྲིག་གི་སྡེ་གཉིས་པོ་དེ་ཡ་བྲལ་དུ་འགྱུར་རྒྱུ་གདོན་མི་ཟ་བའོ།

    Reply
  2. བློ་གྲོས་རྒྱལ་པོ། says:
    ལོ་ 17 སྔོན།

    དགེ་བསྟན་གྱི་དགོངས་ཚུལ་དེར་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད། བཙན་བྱོལ་དུ་་འབྱོར་བ་ནས་དུས་ད་ལྟ་བར་བཙན་བྱོལ་སྤྱི་ཚོགས་ཆིག་སྒྲིལ་མ་ཡོང་བའི་འགག་རྩ་ཡང་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་དེ་ལ་ཐུག་འདུག འབྱུང་འགྱུར་གྱི་བཀའ་ཁྲིའི་ཕྱག་ལས་ལམ་དུ་གཏོང་མིན་དེ་ཡང་སྤྱི་འཐུས་ལྷན་ཚོགས་ལ་རག་ལས་ཡོད།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དེས་ན་སྐུ་ཉིད་ལ་འདིའི་ཐད་དུ་བསམ་ཚུལ་ལྷུག་པོ་ཞིག་གནང་རྒྱུ་འདྲ་ཡོད་དམ། ཁོང་གིས་སྤུན་ཟླ་དག་ལ་བསམ་ཚུལ་འདིས་གླེང་གཞི་གཞི་གཏིང་བ་ཡིན་དུས། དུས་བབ་ཚང་གི་ཀ་བ་ལྟ་བུའི་ཁང་གསར་ལགས་ཉིད་རང་ལྟ་བའི་འདིའི་ཐད་དུ་བསམ་ཚུལ་ཞིག་སྤེལ་བ་ཡིན་ན། མི་མང་བོ་ཞིག་གིས་གདེང་ཆོག་བྱེད་ཀྱི་ཡོད་པ་རེད། དེ་མ་གཏོགས་ང་ལྟ་བུ་རེ་ཟུང་གིས་སྐད་ཆ་ནི་གོང་མེད་པ་ནི་ཤེས་གསལ་རེད་ལ། བཤད་ཀྱང་ཡག་པོ་ཞིག་ཤེས་ཀྱི་ཡོད་པ་རེད། ཉན་མཁན་དང་ཀློག་མཁན་བྱས་ན་ཡག་གི་རེད། འགྲིག་མིན་དང་བདེན་མིན་དེ་གནས་ཚུལ་རིམ་གྱིས་ལྷུང་དུ་འབུད་ངེས་རེད་ལགས།
    ལྷག་པར་དུ། སྤྱི་འཐུས་སུ་ཞིག་གིས་ངོས་ནས་རང་ཉིད་ནི་བོད་མི་མང་གི་སྤྱི་མི་ཞིག་དུ་བསམ་རྒྱུ་དེ་ལས་གལ་ཆེ་བ་ཞིག་མེད་ལ། དེ་ལྟར་བསམ་ཐུབ་མཁན་ནི་དེ་ལྟར་བྱེད་ཐུབ་མཁན་ཞིག་གི་ཅིས་ཀྱང་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་ཡིན་དུས། སྤུན་ཟླ་གང་ན་སུ་ཡོད་པ་དག་གིས་ཀྱང་དེ་དོན་སེམས་ལ་བཅིངས་ནས་མ་འོངས་སྤྱི་འཐུས་འདེམས་ཕྱོགས་ནོར་མི་རང་བར་འདོད་དོ།

    Reply
  4. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    བསམ་བློ་གཏོང་རིན་ཡོད་པ་ཞིག་བྲིས་འདུག ལྷག་པར་༼ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་སུ་ལྷུང་འདོད་མེད་མཁན་ཞིག་ཡིན་ན་ཡང་འདམ་བྱ་དང་འདེམ་བྱེད་གང་དུ་ཞུགས་ཚེ་རང་བཞིན་གྱིས་ཕྱོགས་སུ་མི་ལྷུང་ཀ་མེད་དུ་གྱུར་ཡོད། གནད་དོན་འདི་གཅིག་པུའི་སྟེང་ནས་ཀྱང་ཞན་ཆ་མང་དག་ཅིག་མཐོང་ཐུབ་པས་སྐྱོན་གནད་དེ་སེལ་དགོས་ན་འོས་འདེམ་བྱེད་སྟངས་ལ་འགྱུར་བཅོས་གཏོང་དགོས་པར་སྙམ། ༽ཞེས་པ་དེ་གནད་འགག་ཅིག་རེད།

    འོན་ཀྱང་༼ལག་དེབ་དེའི་མཇུག་ཏུ་འོས་འཕེན་མིང་འགོད་ཀྱི་རེའུ་མིག་ཅིག་གསར་བསྣོན་བྱས་ཏེ་ལོ་རེའི་ཁྲལ་དངུལ་གཙང་འབུལ་དགོས་པ་བཞིན་སྐབས་སོ་སོའི་འོས་ཤོག་ཆ་ཤས་གཙང་ལེན་དགོས་པ་གཞི་རྩའི་ཆ་རྐྱེན་ཏུ་གཏན་འབེབས་གནང་ཚེ་འོས་འཕེན་སྔར་ལས་མང་དུ་འགྲོ་ངེས་ཡིན་པར་སྙམ༽ ཞེས་པ་དེ་ཡོང་གི་མ་རེད། གང་ཡིན་ཟེར་ན། མང་གཙོའི་སྤྱི་ཚོགས་ནང་འོས་འཕེན་དབང་ཡོད་པ་བཞིན་མི་འཕེན་པའི་དབང་ཆ་ཡང་ཡོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese