མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་མི་དགོས་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

སྦེལ་ཀོབ་ས་གནས་བོད་ཀྱི་གཞོན་ནུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ། མི་ལོ་ ༤༠ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཡོད་ལ། གཞོན་ནུ་ཚོགས་གཙོས་ཚོགས་མི་རྙིང་པ་རྣམས་ཀྱིས་རང་གི་བུ་དང་བུ་མོ་རྣམས་སོ་སོའི་ཚབ་ཏུ་ཚོགས་མིར་འཇུག་དགོས་པའི་རེ་སྐུལ་བྱས་ཡོད།
ཕྱི་ཚེས་ ༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ དང་སྐར་མ་ ༣༠ སྟེང་སྦེལ་ཀོབ་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པས་གོ་སྒྲིག་འོག་མི་མང་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གཞིས་གྲོང་དང་བོའི་མཆོད་རྟེན་སར་འཛོམས་ཏེ། བསང་གསོལ་བྱས་ཡོད་ལ། དེའི་རྗེས་ཆུ་ཚོད་ ༡༠ བའི་སྟེང་བོད་ཕྲུག་ཁྱིམ་སྡེའི་བདེ་སྐྱིད་ཚེ་རིང་ཚོགས་ཁང་ནང་སྐུ་མགྲོན་གཙོ་བོ་ས་གནས་ཁྲིམས་ཞིབ་པ་མཚོ་སྣ་ལྷག་པ་གཡུ་ཐོག་གཙོས་སྐུ་མགྲོན་ཁག་དང་ཚོགས་མི། སློབ་ཕྲུག་བཅས་མི་མང་ཉིས་བརྒྱ་ལྷག་འཛོམས་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་ནས་མི་ལོ་ ༤༠ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཡོད།
ཉིན་དེར་ས་གནས་གཞོན་ནུའི་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། 
གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་དེ་ཚོ་དེང་སང་ཉུང་དུ་འགྲོ་གི་ཡོད་པ་རེད། འགའ་ཤས་དགོངས་པ་རྫོགས་པ་དང་འགའ་ཤས་རྒས་འཁོགས་ཆགས་ཏེ་ཚོགས་འདུ་ལ་བཅར་མ་ཐུབ་པ་སོགས་དེ་ཚོའི་གྲངས་དེ་རྫོགས་ཚེ། ཚོགས་པ་ཡང་ཕལ་ཆེར་སྒོག་རྒྱག་འགྲོ་རྒྱག་འགྲོ་བྱ་དགོས་ཀྱི་འདུག དེར་བརྟེན་ས་སོའི་བུ་དང་བུ་མོ། མག་པ་མནའ་མ་སོགས་སོ་སོའི་ཚབ་ཏུ་གཞོན་ནུ་ལྷན་ཚོགས་ནང་བཅུགས་དགོས་པ་རེད་མ་གཏོགས། ཚོགས་མི་རྙིང་པ་ཚར་བའི་ཤུལ་དུ་གསར་བ་བཅུགས་རྒྱུ་མེད་ན་གཞོན་ནུ་དང་བུད་མེད་སུ་ཡིན་ཡང་། ཚོགས་པ་ཉམ་ཆག་ཏུ་འགྲོ་རྒྱུ་ལས་མེད་སྟབས། གཞོན་ནུ་ཚོགས་པའི་ལས་དོན་སྔར་རྒྱུན་བཞིན་གནས་པ་དང་ཚོགས་པའི་སྒྲིག་འཛུགས་སྲ་བརྟན་ཡོང་ཕྱིར་ཚོགས་མི་གསར་བ་བཅུགས་དགོས་པའི་སྐོར་གལ་གནད་ཆེན་པོས་གསུངས་ཡོད།
དེ་བཞིན་ཉིན་དེར་སྐུ་མགྲོན་གཙོ་བོ་མཚོ་སྣ་གཡུ་ཐོག་ལྷག་པ་མཆོག་གིས། དེ་རིང་གཞོན་ནུ་ཚོགས་པས་བཀྲམས་པའི་དེབ་ཅིག་ནང་། གཞན་ཡུལ་ག་ཚོད་སྐྱིད་ཀྱང་། །རང་ཡུལ་ནམ་ཡང་མ་བརྗེད། །ཅེས་པའི་ཚིག་ཅིག་བཀོད་འདུག ཚིག་དེ་རླབས་ཆེན་གྱི་ཚིག་རེད་ལ། དེ་དེབ་ཏུ་བཀོད་པ་ལྟར་ཐུགས་ལ་འཇགས་རྒྱུ་དེ་གལ་ཆེན་པོ་རེད། འདས་པའི་ལོ་རྒྱུས་ནང་གཞོན་ནུའི་དམིགས་ཡུལ་གཙོ་བོ་རང་བཙན་གཙང་མ་རེད། ཡིན་ནའང་། གཞོན་ནུའི་སྒྲིག་འཛུགས་ནང་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ག་རེ་ཡིན་ནའང་བསྒྲུབ་ཀི་ཡིན་ཞེས་གསལ་བོ་བཟོས་གནང་ཡོད་པ་རེད། དེ་ཚང་མས་མཁྱེན་དགོས་པ་གལ་ཆེན་པོ་རེད་ལ། ལྷག་པར་འདིར་འཛོམས་པའི་སློབ་ཕྲུག་ཚོས་ཤེས་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་རེད།
ཉིན་དེར་བོད་མི་རིགས་ཀྱི་རིགས་རྒྱུད་གཙང་སྤེལ་ཆེད་དུ་བུ་ཕྲུག་བཅུ་ཡན་སྐྱེས་མཁན་གྱི་ཕ་མ་བརྒྱད་ལ་དམིགས་བསལ་བྱ་དགའ་གསོལ་རིས་གནང་ཡོད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༩ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༩ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 5

  1. ནད་པ says:
    ལོ་ 17 སྔོན།

    བོདནཀྱི་གཞོན་ནུ་ཚོགས་པ་འདི་མིང་ཙམ་ཡང་མེད་པར་ཤི་འདོད་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རེ་བ་བཅོལ་དགོས།

    བོད་ཀྱི་གཞོན་ནུ་ཚོགས་པ་འདི་ཡུན་རིང་དུ་གནས་འདོད་ན་བོད་ཀྱི་གཞོན་ནུ་རྣམས་ལ་ར་བ་བཅོལ་དགོས།

    དེ་གཉིས་ལས་གཞན་གང་གི་འགྲོ་ལམ་ཞིག་མེད་པ་གསལ་པོར་བརྗོད་ཐུབ་པ་འདི་ཡིན།

    Reply
  2. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    ར་བཟིའི་ཞེས་པར་གོ་རོགས་ཞུ།

    Reply
  3. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    འུ་ཐུག་འདི་འདྲ་ཞིག་ལ་སླེབ་རྒྱུའི་གོ་སྐབས་ཤིག་ཀྱང་ཡོད་པ་འདྲ། འོན་ཀྱང་མང་གཙོའི་ལམ་སྲོལ་ལ་དགའ་ཞེན་དང་གུས་བཀུར་བྱེད་པའི་མི་རིགས་ཤིག་ཡིན་མིན་ཇི་ལྟར་ཡང་མང་གཙོའི་སྤྱི་ཚོགས་ཤིག་དང་སྒྲོམ་གཞི་ཞིག་གི་འོག་ཏུ་འཚོ་བ་སྐྱེལ་མཁན་ཞིག་ཡིན་པའི་ཆ་ནས་སོ་སོའི་བུ་དང་བུ་མོ། མནའ་མ་དང་མག་པ་སོགས་སོ་སོ་ཞུགས་མྱོང་བའི་སྒྲིག་འཛུགས་ནང་འཇུག་དགོས་ཟེར་བ་འདི་ཡག་པོ་རང་མིན་པ་འདྲ། འདི་ཡང་་་་་་་་ང་ཚོས་ཁ་གཏད་གཅར་སའི་མི་དེ་ཚོའི་བྱེད་སྟངས་དང་འདྲ་སེ་མི་འདུག་གམ།
    རང་བཙན་དང་ལམ་དབུ་མ་ཇི་འདྲ་ཞིག་ཤོད་ཀྱི་ཡོད་ཀྱང་ལས་དོན་སྒྲུབ་པའི་བརྒྱུད་རིམ་ནང་གཅིག་ཕན་གཅིག་གྲོགས་སུ་འགྲོ་བ་ཞིག་ལས་མེ་ཆུ་ལྟ་བུའི་འགལ་ཟླའི་བསམ་བློ་ཞིག་དང་བྱ་སྤྱོད་ཅིག་གི་སྟེང་ནས་ཕྱིན་པ་ཡིན་ན་དེ་ལམ་ཡང་དག་པ་ཞིག་ཀྱང་ཆགས་ཀྱི་མེད་ལ་རླབས་ཆེ་བའི་གྲུབ་འབྲས་ཤིག་ཀྱང་འཐོབ་རྒྱུ་དཀའ་སེ་ཡིན།
    དེང་སང་འགའ་ཞིག་གིས་ལམ་ལུགས་འདི་གཉིས་དབར་དོན་མེད་ཀྱི་འགལ་འདུ་དང་ཆིག་སྒྲིལ་གཏོར་བཤིགས་གཏོང་མཁན་དེ་འདྲ་འདུག་གཱ དཔེར་ན་དེ་སྔོན་ལྷ་བཟང་ཚེ་རིང་གིས་༸གོང་ས་མཆོག་འགལ་རྐྱེན་ཆེ་ཤོས་ཤིག་ཡིན་པར་ཚིག་དམར་བརྗེན་གྱིས་བཤད་པ་ལྟར་རེད། སྤྱིར་བཏང་ཁོ་རང་ཐལ་དྲག་པའི་སེམས་ཚོར་གྱི་བྱ་སྤྱོད་ནང་ལྷུང་ཏེ་ཤེས་པ་རང་བཞིན་དུ་གནས་པའི་སྐབས་དཀོན་སྟབས་བཤད་ཚད་ཐམས་ཅད་ལ་ཆ་འཇོག་རྒྱུ་ཞིག་མེད་ངེས་ཡིན་ཡང་དེང་སང་ཤེས་རབ་དང་རྟོག་དཔྱོད་ཀྱི་མིག་མེད་པར་གཞན་ཟེར་རྗེས་འབྲངས་ཀྱི་ཧོལ་རྒྱུག་བྱེད་མཁན་གཞོན་སྐྱེས་མི་ཉུང་བ་ཞིག་ཡོད་སྟབས་ཁོང་ཚོར་མཚོན་ན་ཉེན་ཁ་ཆེན་པོ་ཞིག་ཏུ་འགྱུར་གྱི་མེད་དམ་བསམ། ར་བཟོའི་སྨྱོ་གཏམ་རང་ཡིན། ཆ་འཇོག་ཅིག་བྱེད་དོན་མེད་སྟབས་ཡང་རྙོག་དྲ་མི་སློང་བའི་རེ་བ་ཡོད་དཱ།

    Reply
  4. རུ་དམ་ལུང་གི་བུ། says:
    ལོ་ 17 སྔོན།

    གང་ལྟར་ཡང་རང་རེ་བོད་སྤྱི་བའི་དོན་དག་སྒྲུབ་མཁན་རྣམས། ལ་རྒྱ་དང་ཁོག་རྒྱ། ཤེས་རིགས། སྤྱི་ཕན། གཞན་ཕན་ཡོད་མཁན་རེ་ཡོང་བའི་རེ་སྨོན་ཡོད།

    Reply
  5. བསེ་རུ། says:
    ལོ་ 17 སྔོན།

    ང་ཡིས་མཐོང་བའི་ཡིག་ནོར།
    མ་དག་པ།
    སྒོག་རྒྱག་འགྲོ་རྒྱག་འགྲོ་བྱ་དགོས་ཀྱི་འདུག
    དག་པ།
    སྒོ་རྒྱག་གྲབས་རྒྱག་གྲབས་བྱ་དགོས་ཀྱི་འདུག
    མ་དག་པ། དག་པ།
    གསོལ་རིས། གསོལ་རས།
    བཅུག་པ། བཅུག་པ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese