མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་དབང་འོག་གི་འཁྲབ་སྟོན་རྫུན་མ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp
དེང་སྐབས་རྒྱ་གཞུང་གིས་བོད་མི་ཚོར་བཙན་གྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་རྣམ་པ་སྟོན་འཇུག་པ་དང་། ཉེན་རྟོག་པར་ཕར་རྒོལ་བྱེད་པ་སོགས་ཀྱི་འཁྲབ་སྟོན་རྫུན་མ་འཁྲབ་བཅུགས་ཏེ་བརྙན་པར་ལེན་གྱིན་ཡོད་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་སྲི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། སེར་ཤུལ་རྫོང་ཕྱག་ཚ་ཤང་གི་ནང་དུ་ཁུལ་ཉེན་རྟོག་པ་ ཁག་ཅིག་ཞིག་འབྱོར་ཏེ། སྡེ་དཔོན་ཚོར་སང་ཉིན་ཉེན་རྟོག་པ་མང་བོ་འབྱོར་གྱི་ཡོད་སྟབས་ཁྱེད་ཚོས་རྒྱག་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་པ་སྟོན་དགོས་པ་དང་། འགྱིག་དམ་ནང་དུ་ཆུ་བླུགས་ནས་ཉེན་རྟོག་པར་གཞུ་བ་སོགས་ཉེན་རྟོག་པའི་སྟེང་དུ་དྲག་པའི་ངོ་རྒོལ་བྱེད་ཀྱིན་པའི་རྣམ་པ་སྟོན་དགོས་ཞེས་བརྗོད་ཡོད་པ་དང་། ཕྱག་ཚ་ཤང་གི་ཕྱག་ཚ་གྲོང་སྡེ་དང་ཐར་ཤུལ་གྲོང་སྡེ། ཨ་བསེ་གྲོང་སྡེ་སོགས་གྲོང་སྡེ་གསུམ་གྱི་སྡེ་དཔོན་རྣམས་ལ་གྲོང་སྡེ་རེ་ནས་མི་ལྔ་རེ་ཁྲིད་ཡོང་དགོས་སྐོར་བརྗོད་འདུག སྡེ་དཔོན་ཚོས་སྐབས་རེར་ཁྱེད་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མི་ཆོག་ཟེར་བ་དང་། ཡང་སྐབས་རེར་མི་ཁྲིད་ཡོང་ནས་ངོ་རྒོལ་བྱེད་དགོས་ཟེར་བ་ལྟ་བུའི་བྱེད་སྟངས་འདི་དག་མགོ་ཚོས་ཀྱི་མི་འདུག ང་ཚོ་ལ་མི་ཁྲིད་ཡོང་རྒྱུ་མེད་ཅེས་བརྗོད་འདུག་ཀྱང་། ཉེན་རྟོག་པ་དེ་ཚོས་དེ་ནི་གཞུང་གི་བཀའ་ཡིན་སྟབས་མི་ཁྲིད་རྒྱུ་མེད་ན་འགྲོ་ས་གཅིག་མ་གཏོགས་མེད། དེ་ནི་རང་གིས་གདམ་ཀ་རེད་ཅེས་འཇིགས་སྐུལ་ཡང་བྱས་ཡོད་སྟབས། མཐར་སྡེ་དཔོན་ཚོ་ཨུ་ཐུག་ནས་རང་གི་ཉེ་འབྲེལ་སོགས་མི་ལྔ་རེ་ཁྲིད་ནས་འགྲོ་དགོས་བྱུང་འདུག་ཅེས་བརྗོད་ཡོད་པ་དང་།
ཡང་ཁོང་གིས་མུ་མཐུད་གསུངས་དོན། དེ་ལྟར་ཁོང་ཚོས་མི་མང་ལ་བརྡབ་གསིག་མི་འགྲོ་བའི་ཆེད་དུ་རང་གི་ཉེ་འབྲེལ་སོགས་མི་ལྔ་རེ་ཁྲིད་ནས་ཕྱིན་སྐབས། ཉེན་རྟོག་པ་ཚོས་ཀྱང་བོད་རིགས་ཉི་ཤུ་ཙམ་ཁྲིད་འདུག་ལ། བོད་མི་ཚང་མར་བོད་ཆས་གྱོན་དུ་བཅུགས་ནས་ཉིན་དེའི་འཁྲབ་སྟོན་དེ་མགོ་བརྩམས་འདུག
འཁྲབ་སྟོན་བྱེད་སྟངས་ནི་ཉེན་རྟོག་ ༨༠༠ ནས་ ༩༠༠ ཙམ་ཞིག་གིས་ལག་ཏུ་མེ་མདའ་དང་མདའ་འགོག་པང་ལེབ་སོགས་ཁྱེར་ནས་ས་དེའི་གཞུང་ལམ་ཐོག་རུ་སྒྲིག་ནས་ཡོང་སྐབས། བོད་མི་ཚོ་ཉེན་རྟོག་པ་དེ་དག་གི་མདུན་དུ་བརྒྱུགས་ནས་མི་འདོད་པའི་རྣམ་འགྱུར་བསྟན་ཏེ།  ངོ་རྒོལ་སྐད་འབོད་བྱེད་དགོས་པ་མ་ཟད་ཉེན་རྟོག་པར་ཕར་རྒོལ་བྱེད་རྒྱུ་དེ་ཡིན་འདུག ཉེན་རྟོག་པ་དང་བོད་མི་གཉིས་ལག་འཛིང་ཤོར་བའི་འཁྲབ་སྟོན་རྫུན་མ་དེའི་མགོ་བརྩམས་པ་ཐག ཉེན་རྟོག་པའི་སྤག་སྤག་དང་རླངས་འཁོར་སོགས་ཀྱི་འགྱིག་གི་འཁོར་ལོའི་རིགས་མེར་སྲེག་བཏང་སྟེ། དུ་བས་གནམ་ས་ཁེངས་པ་བྱས་འདུག་ལ། ཤོག་སྤག་བཀད་དེ་མེ་མདའི་སྐད་སྒྲ་ལྟ་བུའི་སྒྲ་བླངས་རྗེས། ཉེན་རྟོག་པ་རེ་ཟུང་ཚབས་ཆེའི་རྨས་སྐྱོན་གང་ཡང་ཕོགས་མེད་བཞིན་དུ་ཕོགས་ཁུལ་དང་། ཛ་དྲག་ཡིན་ཁུལ་བྱས་ཏེ། མྱུར་སྐྱོབས་རླངས་འཁོར་ནང་བླུགས་ནས་སྨན་ཁང་དུ་སྐྱེལ་བ་སོགས་ཀྱི་འཁྲབ་སྟོན་ཡང་བྱས་ཡོད་འདུག
ཉིན་དེར་ཉེན་རྟོག་པས་ཁྲིད་ཡོང་བའི་བོད་རིགས་དེ་ཚོས་འཁྲབ་སྟོན་དེའི་ནང་དངོས་གནས་ཉེན་རྟོག་པ་དང་མཉམ་དུ་འཁྲུག་འཛིང་བྱེད་པ་ལྟ་བུའི་འཁྲབ་སྟོན་བྱས་པ་གཏོགས། གཞན་རྣམས་ལ་འཁྲབ་སྟོན་ཇི་ལྟར་བྱེད་དགོས་མིན་ཤེས་ཀྱི་མེད་སྟབས། བོད་རིགས་དེ་དག་ནི་ཡུན་རིང་སྦྱང་བརྡར་ཐོབ་པའི་རིགས་ཤིག་ཡིན་པའི་དོགས་གཞི་ཡང་འདུག་ཟེར།
དེ་མིན་འབུམ་སྙིང་ཤང་ཟེར་བའི་ནང་དུའང་དེ་ལྟ་བུའི་འཁྲབ་སྟོན་རྫུན་མ་བྱས་འདུག་པ་མ་ཟད། འདི་ནི་གོང་རིམ་གྱི་གོ་སྒྲིག་ལྟར་ཁུལ་དེའི་ས་གནས་ཁག་ཚང་མའི་ནང་འཁྲབ་རྒྱུ་ཡིན་འདུག་ཅེས་བརྗོད་ཡོད།
དེ་བཞིན་གསར་འགོད་པས་ཁོང་ལ་འདི་ལྟ་བུའི་འཁྲབ་སྟོན་རྫུན་མ་ཞིག་བྱེད་དགོས་པའི་ཐད་དུ་ཁྱེད་ལ་དགོངས་ཚུལ་ཅི་ཡོདཅེས་སྐད་ཆ་དྲིས་པར་ཁོང་གིས་གསུངས་དོན། རྒྱ་ནག་གིས་ད་བར་དྲིལ་བསྒྲགས་རྫུན་མ་མང་བོ་ཞིག་བཟོ་བཞིན་ཡོད་ཀྱང་། གཞིས་བྱེས་བོད་མི་རྣམས་ཀྱིས་༸གོང་ས་མཆོག་གི་བཀའ་དང་མ་འགལ་བར་འཚེ་མེད་ཞུ་བའི་ལས་འགུལ་རྐྱང་སྤེལ་སྐབས་ཁོང་ཚོར་སྟོན་རྒྱུ་གང་ཡང་མེད་པར་ལྷག་ཡོད་པ་རེད་ལ། དེ་ནི་དཔང་རྟགས་རྫུན་མ་ཞིག་བཟོ་བཞིན་པ་རེད་བསམ་ནས་བློ་འཚབ་ཡོང་གི་འདུག་ཅེས་ལན་འདེབས་གནང་ཡོད།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 7

  1. རུ་དམ་ལུང་གི་བུ། says:
    ལོ་ 17 སྔོན།

    སྤུན་ཟླ་ཚྭ་སྒང་ཕོ་ཉ་ལགས་བདེན་པ་གསུང་སོང་། ཕྲན་གྱིས་རང་མི་རིགས་འདིའི་དོན་དུ་རང་ཚོད་དང་མཐུན་པའི་བྱ་བ་འགའ་བསྒྲུབས་དང་བསྒྲུབ་བཞིན་པ་ལགས། ཁྱེད་ཀྱིས་ཀྱང་དེ་ལྟར་ཡིན་པའི་རེ་བ་ཡོད།

    Reply
  2. ཚྭ་སྒང་ཕོ་ཉ། says:
    ལོ་ 17 སྔོན།

    ད་ལྟའི་དུས་འདིར་རྨི་ལམ་བཤད་པའི་དུས་ཚོད་མ་རེད་གྲོགས་པོ་དོན་དངོས་ལ་འབད་གལ་ཆེ། ད་བར་དུ་ང་ཚོས་རྨི་ལམ་ཀྱང་ཀྱང་བསམ་ནས་སྡད་པའི་བྱུང་འབྲས་འདི་རེད། ཐུགས་བསམ་གཞེས་གལ་ཆེ་ངའི་སྤུན་ཟླ།།

    Reply
  3. ཚྭ་སྒང་ཕོ་ཉ། says:
    ལོ་ 17 སྔོན།

    རྒྱ་ནག་གི་ང་འཇིག་སྐུལ་རིགས་ལུགས་ཤིག་མི་བཟོ་བའི་རེ་བ་ཡོད།།

    Reply
  4. རི་བོང། says:
    ལོ་ 17 སྔོན།

    རེད་བཙན་བྱོལ་བོད་གཞུང་གིས་གཞན་ལས་མི་ཐུབ་ཀྱང་། ཁྱབ་བསྒྲགས་རེ་ཡང་བྱེད་མ་ཐུབ་ན། དངོས་གནས་ལས་རྒྱུ་འབྲས་ཟེར་བ་དེའང་མགོ་ཐོག་ཏུ་ལོས་འཁོར།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    འདི་རིགས་ཀྱི་འདྲ་དཔར་དང་བརྙན་འཕྲིན་བླངས་ཡོད་པ་དེ་ཚོ་ལག་དུ་སོན་ན་དངོས་ནས་བརྡ་ཁྱབ་ཤུགས་ཆེར་གཏོང་དགོས་ཀྱི་འདུག

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    མིང་གསར་པ་ཅན་ཞིག་གིས་སྐད་ཆ་གསར་པ་ཞིག་བཤད་འདུག ཁྱེད་ཀྱིས་གསུངས་པ་བཞིན་དུ་འགྱུར་སྨོན།
    རང་དབང་ལུང་པའི་བོད་མི་ཚོས་འདི་ཚོ་གང་ཐུབ་ཐུབ་ཀྱིས་ཕྱི་རྒྱལ་གང་སར་ཁྱབ་བསྒྲགས་བྱ་ཐབས་བྱེད་དགོས་པར་འདོད། ད་དུང་འདྲ་པར་རེ་རགས་ཐུབ་ན་ཅི་མ་རུང་།

    Reply
  7. རུ་དམ་ལུང་གི་བུ། says:
    ལོ་ 17 སྔོན།

    གང་ལྟར་ཡང་བདེན་མཐའ་གསལ་གྱི་རེད་སྙམ།

    མངོན་ཤེས་བཤད་པ་མིན་ཡང་། །
    ཉིས་སྟོང་བཅུ་དྲུག་ལོ་ལ། །
    རང་རེ་བོད་ཀྱི་ཡུལ་ལ། །
    རང་བཙན་རང་སྐྱོངས་གང་ཡིན། །
    སྐལ་བཟང་ཞིག་ཤར་གྱི་རེད་སྙམ། །

    ཧ་ཧ་རང་སེམས་རང་གིས་མི་གསོ་སུས་གསོ།
    གང་དྲན་དུའམ་སྔོན་གྱི་རྨི་ལམ་བལྟར་བྲིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese