ཕྱི་ཚེས་ ༡༤ ཉིན་སྐུ་སྒེར་ཡིག་ཚང་གིས་གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། འཆར་ཟླའི་ནང་༧གོང་ས་མཆོག་གིས་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་ནང་དུ་ཆིབས་སྒྱུར་གནང་རྒྱུའི་དུས་ཚེས་དེ་ད་ཆར་གཏན་འཁེལ་བྱས་ཡོད་འདུག་ལ། འཆར་ཟླའི་ཚེས་ ༨ ནས་ ༡༥ བར་གྱི་བདུན་ཕྲག་གཅིག་གི་རིང་ཆིབས་སྒྱུར་གནང་རྒྱུ་དང་། ཕྱི་ཚེས་ ༨ ཉིན་རྟ་དབང་ལ་ཆིབས་སྒྱུར་གྱིས་ཕྱི་ཚེས་ ༡༢ ཀྱི་ཞོགས་པ་བར་དུ་རྟ་དབང་དགོན་དུ་བཞུགས་རྒྱུ་ཡིན་འདུག ཕྱི་ཚེས་ ༡༢ ཀྱི་ཉིན་རྒྱབ་༧གོང་ས་མཆོག་གི་འབུམ་སྡེ་ལར་ཆིབས་སྒྱུར་གྱིས་དེར་ཞག་གཉིས་རིང་བཞུགས་ཏེ་དད་ལྡན་མང་ཚོགས་ལ་གསུང་ཆོས་དང་བཀའ་སློབ་གནང་རྒྱུ་ཡིན་འདུག འབུམ་སྡེ་ལ་ཡི་མཛད་རིམ་གྲུབ་རྗེས་༧གོང་ས་མཆོག་ཨ་རུ་ན་ཅལ་མངའ་སྡེའི་རྒྱལ་ས་ ཨི་ཊ་ན་གྷར་ལ་ཆིབས་སྒྱུར་གནང་རྒྱུ་དང་། ཕྱི་ཚེས་ ༡༥ ཉིན་ཨ་རུ་ན་ཅལ་ནས་ལྡི་ལིར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ཚུལ་ཁྲིམས་གཙང་ཞིང་འདུལ་བའི་ཆོ་ག་ཤེས།།
ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་།།
ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ།།
དུས་སུ་འདོམས་པ་དེ་ཉིད་བླ་མར་བསྔགས།།
དད་ལྡན་ཁྲི་མ་འབུམ་གྱིས་མཇལ་རྒྱུ་རེད།།
ལས་སྨོན་བཟང་བོའི་འབྲས་པུ་སྨིན་རྒྱུ་རེད།།
བསྐལ་བའི་བར་དུ་བརྗེད་ཐོ་འབྲི་རྒྱུ་རེད།།
༧སྐྱབས་མགོན་བླ་མའི་སྐུ་ཚེ་བརྟན་པར་ཤོག།
ད་ནི་མོན་ཕྱོགས་ཀྱི་རང་རིགས་གཙོས་དད་ལྡན་མི་དམངས་ཀྱི་སྐོམ་པའི་ཆུ་དང་ལྟོགས་པའི་ཟས་བཞིན་རེ་ཞིང་སྒུག་པའི་འདོད་དོན་དེ་མྱུར་དུ་བསྐང་ཐུབ་རྒྱུ་རེད།