མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགོག་སྡོམ། བཙན་སྐུལ། འཇབ་རྒོལ། བཙོན་འཇུག

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་དང་སྒྲོལ་མ་སྐྱབས་གཉིས་ལོ་འདིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་ ཧེལ་མན་ ཧམ་མེ་ཊ་ ཡི་གཟེངས་རྟགས་པ་ ༣༧ ཁྲོད་དུ་བདམས་འདུག

ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་གསལ་བསྒྲགས་སྤེལ་བ་ལྟར་ན། ལོ་འདིར་རྒྱལ་ཁབ་ ༡༩ ཡི་རྩོམ་པ་པོ་ ༣༧ ལ་ཧེལ་མན་ ཧམ་མེ་ཊ་གཟེངས་རྟགས་ Hellman/Hammett ཐོབ་ཡོད་ཅིང་། དེའི་ཁྲོད་དུ་བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་དང་སྒྲོལ་མ་སྐྱབས་གཉིས་ཀྱང་འདུག

ཁོང་ཚོར་གཟེངས་རྟགས་འདི་འབུལ་དོན་ནི་ཁོང་ཚོས་སྲིད་དོན་གྱི་གཉའ་གནོན་འོག་ནས་རང་གི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་རྩོད་ལེན་བྱས་པའི་རྐྱེན་གྱིས་ཡིན་འདུག

རྩོམ་པ་པོ་འདི་དག་ཐམས་ཅད་ནི་ཆབ་སྲིད་ཀྱི་བཙན་གནོན་འོག་ན་བཞུགས་པའི་རྩོམ་པ་པོ་དང་ལས་འགུལ་བ་རྐྱང་ཡིན་འདུག ཁོང་ཚོས་རང་རང་གི་གནས་སྟངས་ཙམ་དུ་མ་ཟད། ཡུལ་ལུང་དེ་དག་གི་རྩོམ་པ་པོ་དང་གསར་འགོད་པ་གཞན་རྣམས་ལ་སྲིད་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་བཙན་གནོན་མྱོང་བཞིན་པའི་གནས་བབ་དེའང་མཚོན་ཡོད་འདུག

ཧེལ་མན་ ཧམ་མེ་ཊ་གཟེངས་རྟགས་ནི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་འཛིན་སྐྱོང་འོག ལོ་རེ་བཞིན་འཛམ་གླིང་སྟེང་གཞུང་གི་ཆབ་སྲིད་ཀྱི་སྡིགས་རའི་འོག་ཚུད་མཁན་གྱི་རྩོམ་པ་པོ་རྣམས་ལ་འབུལ་བཞིན་ཡོད་འདུག གཟེངས་རྟགས་འདི་ནི་ ༡༩༨༩ ལོར་ཨ་རིའི་འཁྲབ་གཞུང་རྩོམ་པ་པོ་ Lillian Hellman ལགས་ཀྱིས་ཁོང་མོའི་གཞིས་ཀའི་རྒྱུ་ནོར་རྣམས་ནི་སྨྲ་བརྗོད་རང་དབང་རྩོད་ལེན་བྱ་མཁན་གྱི་རྩོམ་པ་པོ་རྣམས་ལ་དཔལ་འབྱོར་གྱི་མཐུན་རྐྱེན་དུ་སྦྱོར་རྒྱུ་ཡིན་ལུགས་བཤད་པ་ལྟར་མགོ་བཙུགས་ཡོད་ལ། ད་བར་གྱི་ལོ་ ༢༠ རིང་རྒྱལ་ཁབ་ ༩༡ གི་རྩོམ་པ་པོ་ ༧༠༠ ལ་གཟེངས་རྟགས་འདི་འབུལ་མྱོང་ཡོད་ལ། གཟེངས་རྟགས་རེའི་མང་མཐའི་མ་དངུལ་ནི་ཨ་སྒོར་ ༡༠༠༠༠ རེ་ཡིན་འདུག གཟེངས་རྟགས་འདིར་ད་བར་དུ་ཨ་སྒོར་ས་ཡ་ ༣༠ ཡི་མ་དངུལ་བཏང་ཡོད་འདུག

ལོ་འདིའི་གཟེངས་རྟགས་ཐོབ་མཁན་ ༣༧ གྱི་ཁྲོད་ནས་ ༦ ནི་རྒྱ་ནག་དང་ཨི་རན། ཝེ་ཐུ་ནམ་བཅས་ནས་ཡིན་པ་དང་། སོ་སོའི་བདེ་འཇགས་ལ་མུ་མཐུད་ནས་དཀའ་ངལ་སྤྲོད་རྒྱུའི་ཉེན་ཁའི་འོག་རྩོམ་པ་པོ་ ༣༧ ཁྲོད་ཀྱི་རྩོམ་པ་པོ་ ༡༨ ཀྱི་མིང་ནི་གསང་བར་ཉར་ཡོད་པ་རེད། རྩོམ་པ་པོ་རེ་རེའི་རྒྱལ་ཁབ་ཀྱི་མིང་འདོན་བཞིན་པ་ལྟར། ཚེ་རིང་འོད་ཟེར་ལགས་ལ་རྒྱ་ནག་དང་བོད་ཅེས་བྲིས་འདུག་ལ། སྒྲོལ་མ་སྐྱབས་ལ་བོད་ཅེས་བྲིས་འདུག

རྒྱ་ནག་གི་རྩོམ་པ་པོའི་གྲས་སུ་ ཧུའི་ཅ་དང་ཧྲི་ཐའོ། ཡུ་གུར་གྱི་གསར་འགོད་པ་དང་རྩོམ་པ་པོ། སྙན་ངག་པའི་མིང་འཐོབ་མཁན་ Nurmuhemmet Yasin བཅས་འདུག

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 9

  1. གླིང་ཚང་བྱ་གླག says:
    ལོ་ 17 སྔོན།

    དངོས་གནས་ཡག་པོ་རེད་ང་ཚོ་བོད་ཀྱི་ན་གཞོན་ཚོའི་ཁོང་རྣམས་གཉིས་ལ་མིག་དཔེ་ལྟར་འོས་པ་ཞིག་རེད།

    Reply
  2. གླིང་ཚང་བྱ་གླག says:
    ལོ་ 17 སྔོན།

    བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་དང་། སྒྲོལ་མ་སྐྱབས་ཁོང་རྣམ་གཉིས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

    Reply
  3. དུག་ཚེར། says:
    ལོ་ 17 སྔོན།

    བཀྲ་ཤིས་བདེ་ལེགས།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ། གསར་འགྱུར་འདིའི་བཀླགས་ཚར་རྗེས་གསར་འགྱུར་འདི་དང་འབྲེལ་བ་ཡོད་པའི་མཆན་འདེབས་པར་བརྩོན་རོགས། དཔེར་ན། ཁ་ཉིན་བོད་ནང་གི་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལའང་ཉེས་ཆད་བཏང་འདུག དེ་བཞིན་དུ་ད་ལོར་རྩོམ་པ་པོ་ཁྲག་ཡིག་འབྲི་མཁན་འཇུས་པ་དང་རྩོམ་པ་པོ་རིན་བཟང་སྨྱོན་པར་བཏང་འདུག་པ་ལྟ་བུ་རེད།

    གོང་གི་གསར་འགྱུར་ནང་དུ་བསྟན་པ་ལྟར། གཟེངས་རྟགས་འདི་བཞེས་མཁན་ཁོ་རང་ཚོ་ཙམ་མིན་པར། ཡུལ་ལུང་དེ་དག་གི་རྩོམ་པ་པོ་དང་གསར་འགོད་པ་སྤྱིའི་ངོ་ཚབ་མཚོན་གིན་ཡོད་ཅེས་བཤད་འདུག་པ་ལྟར། ཕྱོགས་གཞན་ནས་བཤད་ན། གཟེངས་རྟགས་འདི་ནི་ཚེ་རིང་འོད་ཟེར་དང་སྒྲོལ་མ་སྐྱབས་གཉིས་ཙམ་མིན་པར། རིན་བཟང་དང་ཚེ་རིང་དོན་གྲུབ། བཀྲ་ཤིས་རབ་བརྟན་སོགས། མདོར་ན། ད་ལོའི་གཟེངས་རྟགས་འདི་བོད་ནང་གི་རྩོམ་པ་པོ་རྣམས་ལ་ཐོབ་འདུག་ཅེས་གླེང་ན་རིན་ཐང་དེ་བས་ཆེ་བར་འདོད། ཚེ་རིང་འོད་ཟེར་དང་སྒྲོལ་མ་སྐྱབས་གཉིས་ནི་བོད་ནང་གི་རྩོམ་པ་པོ་རྣམས་ཀྱི་ཁྲོད་སྨྲ་བརྗོད་རང་དབང་རྩོད་ལེན་གྱི་སྣེ་ཁྲིད་པ་ལྟ་བུར་ངོས་བཟུང་ན་ཤིན་ཏུ་ལེགས་པར་འདོད།

    དྲ་གྲོགས་ཚོས་མཆན་འདེབས་སྐབས་འབྲེལ་ཡོད་ཀྱི་གནད་དོན་དང་གནས་ཚུལ་གྱི་རིགས་འགོད་རྒྱུ་གཙོ་བོར་དམིགས་དགོས། རྟེན་འབྲེལ་ཞུ་བ་དང་དགའ་བསུ་ཞུ་བ། རྒྱབ་སྐྱོར་ཡོད་ཅེས་བྲིས་པ་ཙམ་གྱིས་འགྲིག་གིན་མེད་པའི་གནས་སྟངས་ཤིག་གསལ་ཡོང་གིན་འདུག

    Reply
  5. འཕྲིན་ལས says:
    ལོ་ 17 སྔོན།

    འདི་ནི་ཏན་ཏན་གཏམ་བཟང་ཤིག་རེད། འོན་ཀྱང་གསར་འགྱུར་རྩོམ་ཡིག་འདི་ནང་དུ་འདུས་མེད་པ་ཞིག་ནི་སྒྲོལ་མ་སྐྱབས་ལགས་རྒྱ་གར་དུ་ཕེབས་ནས་ཁོང་གི་བརྩམས་ཆོས་པར་དུ་འདེབས་པར་བོད་གཞུང་ལ་རེ་བ་ཡང་ཡང་ཞུས་ཀྱང་དང་ལེན་མ་བྱས་པས། ཁོང་རང་བོད་ནང་དུ་མི་ལོག་ཐབས་མེད་བྱུང་སྟེ་བོད་ནང་དུ་ཁོང་གི་དེབ་པར་དུ་བསྐྲུན་པ་རེད། དེའི་དབང་གིས་ཁོང་ལ་བཙོན་འཇུག་ཐེབས་ཏེ་ད་ལྟ་རྒྱ་ནག་གི་ལག་འོག་ཏུ་མནར་གཅོད་མྱོང་བཞིན་ཡོད། འདི་བོད་གཞུང་གི་ལས་གནས་ལ་གཏོགས་པའི་མི་རྣམས་ཀྱི་བྱས་ཉེས་ཤིག་ཏུ་རྩི་ཆོག

    Reply
  6. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    གཏམ་བཟང་རང་རེད
    གཟེངས་རྟགས་དེ་ཁོང་རྣམ་པ་གཉིས་ལ་ཕུལ་བར་རྟེན་འབྲེལ་ཞུ།

    Reply
  7. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    དེ་ནི་གཏམ་བཟང་རེད། སྒྲོལ་མ་སྐྱབས་དང་འོད་ཟེར་གཉིས་ལ་ཐོབ་པ་ནི་དོན་དང་ལྡན་ནོ།།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཨོ་ཨོ་ད་ཡིན་ན་གཏམ་བཟང་རང་རེད་འདུག འདི་དང་འདི་ལྟ་བུའི་གཟེངས་རྟགས་ལེན་མཁན་བོད་རིགས་གཞན་དག་ཡོད་ན།

    Reply
  9. ནོར་བུ་རྒྱལ་མཚན། says:
    ལོ་ 17 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese