མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲེལ་མོལ་བསྐྱར་གསོ་ཡི་ཆ་རྐྱེན་གསུམ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་འབྲེལ་ཡོད་ལས་བྱེད་ནས་་ཕྱི་ཕྱོགས་ཀྱི་གསར་འགོད་པར་རྒྱ་བོད་འབྲེལ་མོལ་བསྐྱར་གསོ་དགོས་ན་བོད་ཕྱོགས་ནས་དོན་ཚན་གསུམ་ཁས་ལེན་དགོས་ལུགས་བཤད་ཡོད་པ་རེད།དེའི་ཁ་གཏད་དུ། བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་དུས་ཚོད་ནར་འགྱངས་བྱེད་རྒྱུའི་ཀུན་སློང་ལས་བོད་དོན་ཐག་གཅོད་བྱེད་པའི་ལྷག་བསམ་མེད་ཚུལ་བཤད་ཡོད་པ་རེད།

རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲའོ་ཝེ་ཆོན་གྱིས་ད་ལོ་ཟླ་ ༩ པའི་ཚེས་ ༢༢ ཉིན་འཇར་མན་གྱི་ focus གསར་ཤོག་གིས་བོད་དོན་དང་ཏཱ་ལའི་བླ་མའི་སྐོར་ནས་དྲིས་པའི་བཅར་འདྲི་དང་ལེན་བྱས་པ་དེའི་གཏམ་གླེང་གི་ནང་དོན་གཙོ་བོ་དེ་ཕྱི་ཚེས་ ༡༥ ཉིན་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཞིབ་ཕྲར་བཀོད་ཡོད་པ་རེད།

ཀྲའོ་ཝེ་ཆོན་གྱིས་རྒྱ་བོད་གཉིས་ཀྱིས་འབྲེལ་མོལ་དེ་བསྐྱར་དུ་སྒོ་ཕྱེ་ཆོག་གི་རེད། ཡིན་ཡང་ང་ཚོས་ཏཱ་ལ་བླ་མ་ཁོ་ནའི་མདུན་ལམ་ཆེད་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར་ལ། ཁོས་འབྲེལ་མོལ་བསྐྱར་གསོ་བྱེད་རྒྱུར་ཆ་རྐྱེན་གསུམ་བཏོན་སོང་།

ཆ་རྐྱེན་དང་པོ་ནི། བཙན་བྱོལ་བོད་གཞུང་གིས་ན་ནིང་གི་འབྲེལ་མོལ་ནར་འགྱངས་སུ་བཏང་བར་གསལ་བཤད་བྱ་དགོས་པ། གཉིས་པ། བོད་གཞུང་གི་ཆབ་སྲིད་ལས་རིམ་ཁག་ལ་ངོ་རྒོལ་དང་དེར་བསྒྱུར་བཅོས་དགོས་རྒྱུ། གསུམ་པ། ཏཱ་ལས་བླ་མས་རྒྱ་ནག་དང་རྒྱལ་ཁབ་གཞན་གྱི་འབྲེལ་བ་བཟང་པོར་མནོ་བསམ་བཏང་ནས་འཛམ་གླིང་ཡུལ་གྲུ་ཁག་ལ་ཕེབས་རྒྱུ་མཚམས་འཇོག་དགོས་རྒྱུ་སོགས་བཀོད་ཡོད་འདུག

དེར་བཙན་བྱོལ་བོད་གཞུང་གི་ཐའེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ལན་འདེབས་གནང་དོན། ང་ཚོས་ལྷག་བསམ་རྣམ་དག་གི་ཀུན་སློང་དེ་ཕྱི་ལ་བསྟན་པ་ཡིན། ད་དུང་རྒྱ་ཕྱོགས་ནས་འབྲེལ་མོལ་བསྐྱར་གསོའི་འདུན་པ་མེད་ན། ང་ཚོས་ཕན་ཚུན་བར་ཟློས་གར་འཁྲབ་དགོས་དོན་མི་འདུག་ཟེར།

ཁོང་གིས་མུ་མཐུད་དོན། གལ་སྲིད་བོད་དོན་ཐག་བཅད་པ་ཡིན་ན། བཙན་བྱོལ་བོད་གཞུང་གིས་གླེང་གིན་ཡོད་པ་ལྟར་བོད་བཙན་བྱོལ་གཞུང་འདི་ཕྱིར་བསྡུ་བྱེད་རྒྱུ་ཡིན་པ་རེད། དེ་དུས་བཙན་བྱོལ་གཞུང་གི་ལས་ཁུངས་ཁག་ཚང་མ་མེད་པ་ཆགས་སོང་བ་རེད། གལ་ཏེ་གནད་དོན་ཐག་མ་བཅད་པར་མུ་མཐུད་ལྷག་བསྡད་པ་ཡིན་ན། བཙན་བྱོལ་བོད་གཞུང་མུ་མཐུད་གནས་ཀྱི་རེད་ལ། བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་དེ་ཡང་མུ་མཐུད་གནས་གི་རེད་ཅེས་ལན་བཏབས་འདུག

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༢༡ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 11

  1. ཅོ་རྟམ། says:
    ལོ་ 17 སྔོན།

    ད་རེས་རྒྱ་ནག་གིས་གཏོན་པའི་ཆ་རྐྱེན་གསུམ་པོ་དེས་རྒྱ་ནག་རང་གི་ངན་འཚང་ཕྱི་རུ་གཏོན་པ་དང་འདྲ། གང་ཡིན་ཞེས་ན། རྒྱ་ནག་ནང་ཁུལ་ལ་རང་དབང་མེད་པ་དེ་ཕྱི་རུ་མངོན་ནས་ཕྱིའི་རང་དབང་ལུང་པར་གནས་པའི་སྐྱེས་བུ་གང་ཞིག་ཡིན་རུང་རང་དབང་གི་འགྲོ་བསྐྱོད་ལ་བྱུས་ཏོག་བྱེད་པ་དེས་རང་ཉིད་ལ་རང་དབང་མེད་པ་དེ་ཕྱི་རུ་མངོན་པ་གཏོགས་གཞན་གང་ཡང་མེད་པ་རེད། ཡིན་ན་ཡང་། མི་མང་པོ་ཞིག་གིས་སེམས་འཕྲལ་དང་གནད་དོན་དེའི་ཐོག་ལ་གླེང་སློང་ཡང་བྱེད་མ་ནུས་པར་འདུག མི་ཁ་ཤས་ལ་དེ་ལྟར་འགྲེལ་བཤད་བྱེད་སྐབས་དེ་འདྲ་ཡིན་རྒྱུ་མ་རེད་ཟེར་བཞིན་འདུག

    Reply
  2. རྒྱང་རིང་ནས། says:
    ལོ་ 17 སྔོན།

    དོན་གཅོད་ཟླ་བ་ཚེ་རིང་མཆོག་གིས་རང་མི་རིགས་གིས་ཚབ་བྱས་ཏེ་ད་རེད་རྒྱ་ནག་ལ་གསུང་ལན་ཡག་པོ་ཞིག་་གནང་འདུག་་་ཐུགས་རྗེ་ཆེ་ཞུ།།

    Reply
  3. བོད་པ་ཚང་། says:
    ལོ་ 17 སྔོན།

    རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་ད་ཕན་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱུང་ནས་ཁྱོན་བསྡོམས་པའི་འབྲེལ་མོལ་ཐེངས་དགུ་གནང་ཟིན་པའི་བཀའ་མོལ་ཚང་མ་བརྗེད་པ་འདྲ། ཁོ་པ་ལོ་རྒས་དབང་གིས་དྲན་པ་བརྗེད་པ་ཡིན་དབང་དུ་བཏང་ན། རྐུབ་བཀྱག་བཞག་ནས་འགྲོ་ན་ཡག་གི་རེད། འོན་ཀྱང་ངས་ཀྲུའུ་ཝེ་ཆོན་གྱིས་དྲན་པ་བརྗེད་པ་རྩ་བ་ནས་ཚོར་གྱི་མེད། དེ་ལས་ལྡོག་སྟེ་ཁོ་པས་སོ་སོའི་གྲོད་ཁོག་གི་དོན་དུ་ཟོག་རྫུ་འཁྲབ་པའི་ལེ་ཚན་ཞིག་ཏུ་མཐོང་། རྣམ་པ་ཚོས་སྐད་ཆ་འདི་ལ་གཟིགས་དང་། ཀྲུའུ་ཝེ་ཆོན་གྱིས། “ང་ཚོས་ཏཱ་ལ་བླ་མ་ཁོ་ནའི་མདུན་ལམ་ཆེད་གྲོས་བསྡུར་བྱེད་རྒྱུ་ཡིན།” ཞེས་པ་ཨུ་ཚུགས་མཐར་སྐྱེལ་བྱས་འདུག རྩ་བས་གནས་དོན་དེ་དག་འབྲེལ་མོལ་ཁག་བརྒྱུད་ནས་གསལ་པོ་བཟོས་ཟིན། ད་དུང་རྒྱ་དཔོན་དེ་དག་གིས་ཡ་རབས་དང་གཡོ་སྒྱུ་ཚད་ལས་བརྒལ་བ་འཁྲབ་ཀྱི་འདུག དེ་དག་གི་གཡོ་སྒྱུ་ལ་སུ་གང་གིས་འགྲན་བཟོད་དམ།
    ཆ་རྐྱེན་དེ་དག་ནི། བློ་གཟུ་བོར་གནས་པའི་གང་ཟག་སུས་བལྟས་ཀྱང་། བྱབ་ཆུང་གི་སྐད་ཆ་འབའ་ཞིག་ལས་ལན་འདེབས་བྱ་དགོས་པའི་སྐད་ཆ་ཞིག་མ་མཐོང་། འོན་ཀྱང་རྒྱལ་སྤྱིའི་སྟེང་དུ་དགོས་དབང་གིས་ལན་འདེབས་ཕུལ་བར་བསྔགས་བརྗོད་ཞུ།

    Reply
  4. ནད་པ says:
    ལོ་ 17 སྔོན།

    ལྷོ་ཕྲུག་སྣ་བོ་ཆེ་ལགས་ཀྱིས་བཙན་བྱོལ་བོད་གཞུང་འདི་བོད་མི་རིགས་གཅིག་པུའི་ཧུར་བརྩོན་ལ་རག་ལས་པ་ཞིག་མིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ངོས་འཛིན་ཡོད་མེད་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་གསུངས་ཀྱང་དོན་དངོས་ཐོག་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ངོས་འཛིན་ཡོད་མེད་ལ་རག་ལས་ཞིག་མ་རེད།

    བཙན་བྱོལ་བོད་གཞུང་འདི་བོད་མི་རིགས་ཡོངས་ཀྱི་ངོས་འཛིན་ཡོད་མེད་དེར་ཐུག་ཡོད། ད་བར་མི་ལོ་ཧྲིལ་པོ་ལྔ་བཅུའི་རིང་ཕྱི་ནང་བོད་རིགས་ཡོངས་ཀྱིས་གཅིག་གྱུར་ངང་ཁ་ཞེ་སྙིང་མེད་ཀྱིས་སྒོ་ནས་བཙན་བྱོལ་གཞུང་འདི་བོད་མི་ཡོངས་ཀྱི་ངོས་འཛིན་དང་། ཡིད་ཆེས། ཆ་འཇོག་ཡོད་པའི་ཚད་ལྡན་གི་བོད་གཞུང་གཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དེར་ཐུག་ཡོད།

    Reply
  5. ནད་པ says:
    ལོ་ 17 སྔོན།

    ཀྲའོ་ཝན་ཆོན་གྱིས་འབྲེལ་མོལ་བསྐྱར་གསོའི་ཆ་རྐྱེན་གསུམ་གྱི་ཐད་ལ་གསལ་བཤད་བྱས་པ་ནི་གཞི་འཛིན་དང་ཁུངས་ལུང་གཏན་ནས་མེད་པའི་སྐད་ཆ་ཞིག་རེད།

    དང་པོ། བཙན་བྱོལ་བོད་གཞུང་གིས་ན་ནིང་གི་འབྲེལ་མོལ་ནར་འགྱངས་སུ་བཏང་བར་གསལ་བཤད་བྱེད་དགོས་པ་ཞེས་པའི་འབྲེལ་མོལ་ལ་དོན་འབྲས་མ་སོན་པར་མུ་མཐུད་ནར་འགྱངས་སུ་གཏོང་མཁན་ནི་རྒྱ་ནག་སྲིད་གཞུང་ཡིན་སྟབས་ཁྱེད་ཚོས་བཙན་བྱོལ་བོད་གཞུང་ལ་གསལ་བཤད་བྱེད་དགོས་པ་ཞིག་རེད།

    གཉིས་པ། བོད་གཞུང་གི་ཆབ་སྲིད་ལས་རིམ་དང་དེར་བསྒྱུར་བཅོས་དགོས་རྒྱུ་ཞེས་པའི་ཐད་ལ་བཙན་བྱོལ་བོད་གཞུང་གིས་རྒྱ་བོད་འབྲེལ་མོལ་གྱི་ཁོར་ཡུག་བསྐྲུན་ནས་ད་བར་ཕྱི་གསལ་ནང་གསལ་གྱི་ཆབ་སྲིད་ལས་རིམ་ཁག་ལ་ཁ་ཞེ་སྙིང་མེད་ཀྱིས་འབྲེལ་ལམ་བཟུང་བཞིན་ཡོད།

    གསུམ་པ། འབྲེལ་མོལ་སླར་གསོ་བྱེད་ཆོག་ཀྱང་༸ ཏྭ་ལའི་བླ་མ་ཁོ་ནའི་མདུན་ལམ་ཆེད་གྲོས་བསྡུར་བྱེད་རྒྱུ་ཞེས་པའི་ཐད་སྐྱབས་མགོན་ཏྭ་ལའི་བླ་མའི་མདུན་ལམ་ནི་འཛམ་གླིང་ས་གཞི་ཆེན་པོ་ལྟར་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡིན་ལ་ལྷག་དོན་བོད་མི་གཅིག་གི་མདུན་ལམ་ཡིན་སྟབས་དེར་གྲོས་མོལ་བྱེད་དགོས་དོན་གང་ལྷག་མེད།

    འོན་ཀྱང་གྲོས་བསྡུར་དང་གླེང་སློང་གཅིག་རང་བྱེད་དགོས་པ་དེ་བོད་མི་རིགས་ཀྱིས་མདུན་ལམ་ལ་ངེས་པར་གྲོས་བསྡུར་བྱེད་དགོས་པ་ཞིག་ཆགས་ཡོད། གང་ཡིན་ཟེར་ན་བོད་མི་རིགས་ཡོངས་ཀྱི་མདུན་ལམ་ཐད་གཉིས་ཕན་དབུ་མའི་ལམ་གྱི་ཐོག་གྲོས་བསྡུར་དོན་ཕན་ལྡན་པ་ཞིག་མ་བྱུང་ཚེ་བོད་ཀྱི་གདན་དོན་འདི་བོད་མི་རིགས་ཡོངས་ཀྱི་གནད་དོན་ཞིག་ཡིན་སྟབས་མུ་མཐུད་ནས་གནས་ངེས་རེད།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ལན་ཡག་པོ་བཏབ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཞུ

    Reply
  7. གྲགས་པ་རྒྱ་མཚོ། says:
    ལོ་ 17 སྔོན།

    རྒྱ་བོད་གཉིས་ཀྱི་འབྲེལ་མོལ་གནང་བ་དང་། མ་གནང་གཉིས་ལ་ད་ལྟ་ཁྱད་པར་གང་ཡང་མེད། གནང་ཡང་རྒྱ་ནག་གི་ཕྱོགས་ནས་ཡ་ལན་བྱེད་མི་སྲིད་པ་ཞིག་རེད། དེ་སྔོན་གནང་བ་རྣམས་ནི་རྒྱལ་སྤྱི་ལ་གདོང་པ་སྟོན་རྒྱུ་དང་། དུས་ཚོད་ཡུན་རིང་དུ་བཏང་ནས་རྒྱལ་བ་རིན་པོ་ཆེ་དགོངས་པ་རྫོགས་སྒུགས་བྱེད་པ་ཞིག་མིན་ནམ་སྙམ། དེ་སྔོན་རྒྱ་ནག་གིས་བྱ་བྱེད་ལ་བལྟས་ན་ཤེས། དེ་མིན་ན་འཛམ་གླིང་རྒྱལ་སྤྱིས་གནོན་ཤུགས་སྤྲོད་ན་ཕན་པ་ཡོང་སྲིད་ཀྱང་། རྒྱལ་ཁབ་རྣམས་ཀྱིས་སོ་སོར་དགེ་ཕན་ལ་ལྟ་མཁན་ལས་བོད་དོན་ཤ་ཚ་གནང་མཁན་ཕལ་ཆེར་མེད། དཔེར་ན་དབྱིན་ཇི་སྲིད་གཞུང་དང་ཨ་རིའི་སྲིད་འཛིན་ཨ་བྷ་མ་གཉྀས་ཀྱིས་གནང་སྟངས་ལ་དཔག་ན་ཤེས་ཐུབ།

    Reply
  8. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 17 སྔོན།

    སྐུ་ཞབས་ཟླ་བ་ཚེ་རིང་ལགས་ཀྱིས་ལན་འདེབས་ཡག་པོ་བྱས་འདུག་ད་དུང་མུ་ཐུད་གནད་དུ་གནོན་པའི་ལན་འདེབས་ཡོང་བས་རེ་བ་ཡོད།

    Reply
  9. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    ༧་གོང་ས་མཆོག་གི་ཕྱི་རྒྱལ་ཁག་གི་མཛད་འཕྲིན་ལ་རྒྱ་ནག་མིག་ཚ་བཞིན་འདུག་

    Reply
  10. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    བཙན་བྱོལ་བོད་གཞུང་གནས་དང་མི་གནས་དེ་བོད་རིགས་གཅིག་པོའི་ཧུར་བརྩོན་ལ་རག་ལས་པ་ཞིག་མིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་འཛིན་ཡོད་མེད་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་རེད།

    དེར་བརྟེན་བཙན་བྱོལ་གཞུང་ངོས་ལེན་ཡོང་བའི་ལས་འགུལ་ཛ་དྲག་གིས་སྤེལ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཡིན།

    Reply
  11. གསེར་རྟ་ཆོས་དབྱིངས། says:
    ལོ་ 17 སྔོན།

    རྒྱ་དམར་འདིས་གཏམ་བཤད་གང་བྱས་ཀྱང་ཚང་མ་གཡོ་རྫུན་མ་གཏོགས་མེད་པ་གསལ་བོ་རེད། ད་ཡང་འཛམ་གླིང་གི་མདུན་དུ་བོད་རྒྱའི་གྲོས་མོལ་ཡག་པོ་མ་བྱུང་བའི་ནག་ཉེས་དེ་བོད་པ་དང་གོང་ས་མཆོག་གི་མགོར་འཇོག་འདོད་པ་ལས་གཞན་པའི་དམིགས་ཡུལ་ཞིག་ནམ་ཡང་མེད་ངེས་རེད། ད་དུང་ཏཱ་ལའི་བླ་མ་འཛམ་གླིང་ཡུལ་གྲུ་གཞན་དུ་ཕེབས་པ་ལ་སྔོན་འགོག་གི་ཆ་རྐྱེན་ཞིག་འཇོག་སྟངས་ལ་ལྟོས་དང་ལྷག་བསམ་རྣམ་དག་མིན་ལ་གསལ་ལྟོན་བྱས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese