མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་འོག་ཏུ་བོད་ལ་ཆོས་དད་རང་དབང་མི་འདུག ཨ་རིའི་སྙན་ཐོ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་ཝ་ཤིན་ཊོན་གྱི་ཆིབས་བསྒྱུར་གྱི་བདུན་ཕྲག་འགའི་རྗེས་དང་། ཨ་རྒྱ་གཉིས་ཀྱི་ཚོགས་འདུ་མ་ཚུགས་པའི་སྔོན་འདིར། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྙན་ཐོ་ཞིག་བཏོན་ཏེ། བོད་ནང་གི་ཆོས་ཕྱོགས་ཀྱི་འགོག་སྡོམ་ཚད་མཐོན་པོ་ཆགས་འདུག་ལ། རྒྱ་ནག་གཞུང་གིས་དགོན་སྡེ་ཁག་དང་ཆོས་ལུགས་ཀྱི་སྡེ་ཚན་ཁག་ལ་སྟངས་འཛིན་བྱེད་སྟངས་དེ་དམིགས་བསལ་གྱིས་དམ་པོ་ཡིན་པར་བཤད་འདུག

ཕྱི་ཚེས་ ༢༧ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཁི་ལིན་ཊོན་གྱིས་ ༢༠༠༩ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་སྒྲོག་སྦྱང་བྱས་པའི་ནང་བཀོད་དོན། ཆོས་དད་རང་དབང་གི་གནད་དོན་ནི་ང་ཚོའི་ཕྱི་འབྲེལ་གྱི་རྩ་འཛིན་གལ་ཆེ་ཤོས་ཡིན། ཅེས་གསུངས་ལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དུས་ཐོག་གི་སྙན་ཐོ་འདི་ལ་དགའ་བསུ་དང་འབྲེལ། སྙན་ཐོ་འདིས་འདས་པའི་ལོ་གཅིག་རིང་གི་བོད་ནང་གི་ཆོས་དད་རང་དབང་གི་དོན་རྐྱེན་དག་གི་རྒྱབ་ངོས་ཀྱི་གནད་དོན་དང་དོན་རྐྱེན་དག་ལ་སྤྱི་སྡོམ་གསལ་བོ་ཞིག་བརྒྱབས་ཡོད་པར་བཤད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྲིད་གཞུང་འབྲེལ་མཐུད་འགན་འཛིན་ ཊོ་ཌེ་སི་ཐན་གྱིས་བཤད་དོན། སྙན་ཐོ་འདིས་བདུན་གསུམ་གྱི་ནང་ཚུད་སྲིད་འཛིན་ཨོ་བྷ་མ་པེ་ཅིན་དུ་ཕེབས་དུས་ཀྱི་བྱ་གཞག་གང་ཡིན་སྟོན་དགོས་ལ། གོ་སྐབས་འདི་དང་བསྟུན་ཏེ་སྲིད་འཛིན་ཨོ་བྷ་མས། ཨ་རིའི་གཞུང་ནི་རྒྱ་ནག་ནང་དུ་ཆོས་ལུགས་དད་མོས་ཀྱི་རང་དབང་རྩོད་ལེན་བྱེད་པར་ཁྲིམས་ཆད་ཕོག་མཁན་བོད་མི་རྣམས་དང་མི་རིགས་གཞན་རྣམས་ཀྱི་ཕྱོགས་སུ་ལངས་ཡོད་པ་བསྐྱར་དུ་གསལ་སྟོན་བྱ་དགོས་སྐོར་ཞུས་ཡོད་པ་རེད།

ཨ་རིའི་གཞུང་གི་སྙན་ཐོ་དེའི་ནང་དུ། བོད་ནང་གི་ཆོས་ལུགས་རང་དབང་ལ་དམ་དྲག་བྱས་པ་ཙམ་དུ་མ་ཟད། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དང་ཏཱ་ལའི་བླ་མའི་འབྲེལ་བའི་ཐད་འཛིན་པའི་དོགས་ཟོན་དེ་མུ་མཐུད་ནས་ལྷག་ཡོད་ལ། རྒྱ་ནག་གིས་རང་གི་རྩ་ཁྲིམས་ནང་ཡོད་པའི་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ཙམ་ལ་མ་གཏོགས་སྲུང་སྐྱོབ་བྱས་མེད་པར་བཤད།
ཨ་རིའི་སྙན་ཐོ་དེའི་ནང་གི་སྤྱི་ཁོག་ལྟ་བུ་ནི། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་གྱི་ཚད་གཞིའི་ནང་དུ་བྱུས་གཏོགས་བྱས་ཏེ། དགོན་པ་དག་ནང་གི་དགེ་འདུན་པའི་ཞལ་གྲངས་ལ་ཚོད་འཛིན་དང་། དགེ་འདུན་པ་རྣམས་ཕྱོགས་ཕེབས་གནང་ཡུལ་གྱི་ས་ཆར་ཚོད་འཛིན། ཕྱི་རྒྱལ་བ་རྣམས་ལ་ཐོངས་མཆན་མི་སྤྲོད་པ་དང་སྐབས་རེར་རྫོང་གཅིག་གི་ནང་དུ་འགྲོ་བསྐྱོད་ཀྱི་ཆོག་མཆན་མི་སྤྲོད་པ། བོད་པའི་སྤྲུལ་སྐུ་ཆུང་ཆུང་ཚོར་སློབ་གསོའི་བརྒྱུད་སྐུལ་འོག་གཞུང་གི་ལངས་ཕྱོགས་སུ་བེད་སྤྱོད་བྱེད་པ། གཞུང་གི་ལས་བྱེད་རྣམས་ལ་རང་གི་བུ་ཕྲུག་རྣམས་ཆོས་ལུགས་ཀྱི་སློབ་གསོའི་ཕྱོགས་ནས་ཕྱིར་འཐེན་བྱ་རྒྱུའི་གནོན་ཤུགས་སྤྲོད་པ་སོགས་བཀོད་ཡོད་འདུག

སྙན་ཐོ་དེའི་ནང་དུ་ ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ཞི་བའི་ངོ་རྒོལ་དག་དང་དེའི་ཕན་གྱི་ངོ་རྒོལ། རྗེས་ཀྱི་ངོ་རྒོལ་དང་བཀག་ཉར། ཁྲིམས་གཅོད་ཅི་བྱུང་ཚང་མར་ཞིབ་ཆའི་བསྐྱར་ཞིབ་བྱས་ཡོད་ཅིང་། དེའི་ནང་དུ་ལོ་འདིའི་ཕྱི་ཟླ་ ༢ པའི་ནང་གི་ཞི་བའི་ངོ་རྒོལ་དང་། ཕྱི་ཟླ་གསུམ་པའི་ནང་དུ་ ༢༠༠༨ ཀྱི་ཞི་བའི་ངོ་རྒོལ་ལོ་གཅིག་འཁོར་བའི་རྗེས་དྲན་སོགས་ཀྱང་ཚུད་ཡོད།

མི་སྒེར་གྱི་གྱོད་དོན་སྐོར་ནས་ཕུར་བུ་རིན་པོ་ཆེ་གཙོས་པའི་དགེ་འདུན་པ་དང་བཙུན་མ། མི་སྐྱ་བཅས་ལ་མི་སྤྱོད་ལས་འདས་པའི་ཁྲིམས་གཅོད་བྱས་པ་སྟེ། གཅར་རྡུང་དང་དུས་ཡུན་རིང་པོར་ཟས་གཅོད། ཆུ་གཅོད། གཉིད་གཅོག་གི་ཉེས་ཁྲིམས་གཏོང་བ། འདྲི་བརྩད་སྐབས་སུ་མི་ཁག་ཅིག་འདས་གྲོངས་སུ་ཕྱིན་པའི་བེམ་པོ་རྣམས་ནང་མིར་རྩིས་སྤྲོད་མ་བྱས་པར་གསང་སྟབས་ཀྱིས་དུར་སྦས་བྱས་པ་ཡང་བཀོད་ཡོད་འདུག

དེ་བཞིན་དུ་ད་སྐབས་དགོན་པ་ཁག་གི་ནང་དུ་ཛ་དྲག་རྣམ་པར་ཡོད་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་ཞིབ་ཕྲའི་འཕེལ་རིམ་དང་། དེ་དག་ད་སྐབས་དགོན་པ་དག་གི་ནང་དུ་རྒྱུན་ལྡན་གྱི་འཛིན་སྐྱོང་ཆ་ཤས་སུ་གྱུར་ཡོད་ཚུལ། བོད་མི་དཀྱུས་མ་རྣམས་ལ་༧གོང་ས་ཏཱ་ལའི་བླ་མ་དང་ཁོང་གིས་ངོས་འཛིན་གནང་བའི་པན་ཆེན་ཆོས་ཀྱི་ཉི་མ་མཆོག་གཉིས་ལ་དངོས་ཤུགས་གང་རུང་ནས་འབྲེལ་བ་ཡོད་པའི་དད་རྟེན་བཤམ་མི་ཆོག་པ་སོགས་བཀོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༢༡ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 10

  1. བཀྲ་ཤིས་དོན་འགྲུབ། says:
    ལོ་ 17 སྔོན།

    དེ་ལྟར་རེད་དམ།

    Reply
  2. བཀྲ་ ་ཤིས་དོན་འགྲུབ། says:
    ལོ་ 17 སྔོན།

    དོན་དམ་པའི་ཆོས་ཤིག་བྱེད་འདོད་ན་མ་འཐའ་ཡང་ཆོས་དེ་དངོས་ཟིན་དགོས།

    Reply
  3. བཀྲ་་་་ཤིས་དོན་འགྲུབ། says:
    ལོ་ 17 སྔོན།

    ང་ཚོས་ཆོས་ནི་ཕྱག་སྐོར་ཙམ་ལ་གོ་བཞིན་ཡོད་པས་དེ་འདྲའི་ཆོས་ནི་བྱེད་ཆོག
    ཀྱང་རང་དབང་ལས་གཞན་གྱི་ལྟ་ཕྱོགས་ནས་ངོ་མཚར་རྒྱུ་མེད།

    Reply
  4. tashi dhundhp says:
    ལོ་ 17 སྔོན།

    སྤྱིར་བོད་ལ་རང་དབང་མེད་པ་ནི་བཟོད་མི་ཐུབ་པ་ལྟ་བུའི་སྡུག་བསྔལ་ཞིག་རེད།
    དེའི་ཕྱིར་བོད་ནང་ལ་ཆོས་དད་རང་དབང་མེད་པ་དེ་ཡང་རྩོད་ལེན་བྱེད་དགོས་པ་ཞིག་
    ་པ་ཞིག་རེད། འོན་ཀྱང་བོད་མི་རང་ངོས་ནས་བཤད་ན་ཆོས་དད་རང་དབང་ཡོད་མེད་ལ་ཁྱད་པར་མེདྲ།
    ང་ཚོས་ཆོས་མཐུན་གྱི་ལས་ཀ་ཞིག་བྱེད་མ་མྱོང་།

    Reply
  5. ཐོག་རྒོད། says:
    ལོ་ 17 སྔོན།

    ཨ་རིས་རྒྱ་ནག་ལ་དམག་བརྒྱབས་ན་གནས་སྐབས་དཀའ་ངལ་ཡོང་ངེས་རེད་ཀྱང་མཐའ་མཇུག་འཛམ་གླིང་སྤྱིའི་བདེ་སྐྱེད་ཆེད་ཕན་ངེས་ཅན་རེད་ད།

    Reply
  6. གླིང་བསོད་ནམས་ཚེ་རིང་། says:
    ལོ་ 17 སྔོན།

    གང་ལྟར་གུས་པ་དགའ་ཚོར་ཆེན་པོ་བྱུང།

    Reply
  7. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    དུས་རབས་ཉི་ཤུའི་སྨད་ནས་ད་བར་ནུབ་ཕྱོགས་རྒྱལ་ཁབ་ཚོར་གོམས་གཤིས་གསར་བ་ཞིག་འཇགས་ཡོད་པ་ནི་མཚམས་རེར་བོད་དོན་ལ་སྐད་ཅིག་ཙམ་གྱི་དགའ་སྤྱད་རེ་བཤད་བཞིན་དེ་ཡིན་པ་འདྲ།

    Reply
  8. བཀྲ་ཤིས་ཟླ་བ། says:
    ལོ་ 17 སྔོན།

    ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལས།
    ཚེས་༢༦ཉིན། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《༢༠༠༩ལོའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་སྙན་ཞུ》སྤེལ་ཞིང་། རྒྱལ་ཁབ་དང་ས་ཁུལ་༡༩༨ཀྱི་སྲིད་གཞུང་གིས་༢༠༠༨ལོའི་ཟླ་༧ཚེས་༡ཉིན་ནས་༢༠༠༩ལོའི་ཟླ་༦ཚེས་༣༠ཉིན་བར་གྱི་ཆོས་ལུགས་རང་དབང་ལ་སྲུང་སྐྱོབ་བྱས་པའི་སྐོར་གྱི་གནས་ཚུལ་ལ་གང་བྱུང་དུ་དཔྱད་བརྗོད་སྤེལ་ཡོད་པ་རེད།

    ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་དེའི་ནང་ཀྲུང་གོའི་ཆོས་ལུགས་རང་དབང་འགན་སྲུང་སྐོར་ལ་ཡར་ཐོན་ཡོད་པ་ཁས་ལེན་དང་། ཀྲུང་གོས་རྩ་ཁྲིམས་ཀྱི་ཐོག་ནས་རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་ལ་སྲུང་སྐྱོབ་བྱས་ཡོད་པ་བཀོད་ཡོད་མོད། འོན་ཀྱང་སྙན་ཞུའི་ནང་ཀྲུང་གོ་མུ་མཐུད་དུ་“ཁྱད་དུ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ”ཀྱི་གྲས་སུ་བཞག་ཡོད་པ་མ་ཟད། ད་དུང་ཕྱི་རྒྱལ་སྨྱན་སྦྱོར་ཁག་གིས་སྤེལ་བའི་གསར་འགྱུར་དང་ཀྲུང་གོར་རྒོལ་བའི་ཚོགས་པ་ཁག་གིས་མཁོ་འདོན་བྱས་པའི་དོན་དངོས་དང་མི་མཐུན་པའི་གནས་ཚུལ་ཁག་རྒྱབ་རྟེན་དུ་བཅོལ་ཏེ། ཀྲུང་གོའི་སྲིད་གཞུང་གིས་བོད་ལྗོངས་དང་ཞིན་ཅང་སོགས་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོབ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱས་པའི་བྲང་བདེན་གྱི་བྱ་སྤྱོད་དག ཆོས་ལུགས་རང་དབང་གི་མགོ་གནོན་ཡིན་ཚུལ་གྱི་ལོག་བཤད་བྱས་ཡོད་པ་རེད།

      ཀྲུང་གོའི་སྲིད་གཞུང་གིས་ཐེངས་མང་པོར་གསལ་བསྒྲགས་བྱས་ཡོད་པ་ནི། ཀྲུང་གོ་ནི་ཆོས་ལུགས་མང་པོ་མཉམ་དུ་གནས་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཀྲུང་གོའི་རྩ་ཁྲིམས་ཀྱི་དོན་ཚན་སུམ་ཅུ་སོ་དྲུག་ནང་“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད”ཅེས་བཀོད་ཡོད་ལ། ཀྲུང་གོའི་སྤྱི་དམངས་ཀྱིས་རང་དབང་སྒོས་རང་ཉིད་དད་མོས་ཡོད་པའི་ཆོས་ལུགས་ལ་དད་པ་བྱས་ཆོག་པ་དང་། ཀྲུང་གོའི་སྲིད་གཞུང་གི་ཆོས་ལུགས་སྐོར་གྱི་ཁྲིམས་ལུགས་ལ་ཀྲུང་གོའི་མི་དམངས་ཀྱིས་རྒྱ་ཁྱབ་ཏུ་བརྩི་བཀུར་དང་རྒྱབ་སྐྱོར་བྱེད་བཞིན་ཡོད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་འགའ་ཤས་ཀྱིས་ཆོས་ལུགས་ཀྱི་གནད་དོན་བེད་སྤྱད་དེ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་། རྒྱལ་ཁབ་གཞན་གྱི་ཆོས་ལུགས་སྐོར་ལ་མི་བཤད་དགུ་བཤད་བྱེད་པར་ཀྲུང་གོས་སྔ་མོ་ནས་བཟུང་མཐའ་གཅིག་ཏུ་རྒོལ་བ་བྱེད་ཀྱིན་ཡོད།

    སྙན་ཞུ་དེའི་ནང་སྔར་བཞིན་འབར་མ་དང་། དབྱི་ལང་། བྱང་ཁོ་རེ་ཡ། ཨ་རབ། སུའུ་ཏན་སོགས་“ཁྱད་དུ་དོ་སྣང་བྱེད་དགོས་པའི”རྒྱལ་ཁབ་ཀྱི་གྲས་སུ་བཞག་ཡོད་པ་རེད།

     ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༡༩༨༨ལོར་གྲོས་འཆམ་བྱུང་བའི་《རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ཁྲིམས》ལྟར་ལོ་རེར་ཨ་རིའི་རྒྱལ་ཚོགས་ལ་རྒྱལ་སྤྱིའི་ཆོས་ལུགས་རང་དབང་སྐོར་གྱི་སྙན་ཞུ་འབུལ་གྱི་ཡོད། ཨ་རིའི་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ཞིང་ཆོས་ལུགས་བེད་སྤྱད་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་བཞིན་པ་དེར་རྒྱལ་སྤྱིའི་སྟེང་ཡོངས་ཁྱབ་ཏུ་སྐྱོན་བརྗོད་བྱེད་ཀྱི་ཡོད།

    Reply
  9. བཀྲ་ཤིས་ཟླ་བ། says:
    ལོ་ 17 སྔོན།

    བོད་མིར་ཆོས་དད་རང་དབང་མེད་པ་འཛམ་གླིང་རྒྱལ་ཁབ་ཀུན་གྱིས་ཤེས་གསལ་རེད། འོན་ཀྱང་དེར་སྐྱོན་བརྗོད་གནང་མཁན་ཨ་རི་ཙམ་ལས་མེད། གཞན་པ་རྒྱལ་ཁབ་རྣམས་རྒྱ་ནག་གི་སྟོབས་འབྱོར་སྐྲག་ནས་རེད། དཔེར་ན་དབྱིན་ཇི་སྲིད་གཞུང་ལྟོས་དང་།

    Reply
  10. འབྲོག་རུ་ཆོས་དར། says:
    ལོ་ 17 སྔོན།

    ྸཨ་རི་བས་གཞི་ནས་བོད་དུ་ཆོས་དད་རང་དབང་མེད་པར་ངེས་ཤེས་རྙེད་ཡོད་ས་རེད། ཐེངས་འདིའི་སྙན་ཐོ་ལ་རྒྱ་ནག་གཞུང་ཕྱོགས་ནས་དོ་སྣང་དང་ངེས་ལེན་བྱེད་མི་བྱེད་གང་ཡིན་རུང། རང་རིགས་ལ་མཚོན་ན་དགའ་འོས་པ་ཤིག་རེད། གསར་འགོད་པས་སྙན་ཐོ་འདིའི་ཐད་ལ་རྒྱ་ནག་གིས་ཅི་ལྟར་བརྗོད་བཞིན་པའི་སྐོར་གསུང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese