མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་གྲྭ་བཙུན་ཚོར་སློབ་གསོ་རྒྱག་གིན་འདུག

བོད་ཀྱི་དུས་བབ།
༢༠༠༩/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡོང་རྒྱུའི་གནད་འགག་གཙོ་བོ་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ལ་ཐུག་ཡོད་པའི་ངོས་འཛིན་ཐོག་བོད་ཀྱི་དགེ་འདུན་པ་རྣམས་ཀྱིས་མེས་རྒྱལ་ལ་དགའ་ཞེན་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པའི་སློབ་གསོ་སྤེལ་ཆེད། རྒྱ་ནག་གི་དགོན་སྡེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་དགོན་སྡེའི་བཅའ་ཁྲིམས་དྲིལ་བསྒྲགས་སློབ་གསོ་གཉིས་ཟུང་འབྲེལ་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་  ༡༧༠༠ དང་གྲྭ་བཙུན་ཁྲི་ ༤༦ ཙམ་ལ་སློབ་གསོ་སྤེལ་བཞིན་ཡོད་འདུག

ཟླ་འདིའི་ཚེས་མགོ་ནས་བཟུང་སློབ་གསོ་དེ་སྤེལ་རྒྱུ་མགོ་བརྩམས་ཡོད་པ་དང་། གྲྭ་བཙུན་རྣམས་མེས་རྒྱལ་ལ་དགའ་བ་ཞེས་པའི་ལས་འགུལ་འདིའི་རྩ་དོན་གཙོ་བོ་བོད་ཀྱི་དགོན་སྡེའི་གྲྭ་བཙུན་རྣམས་དད་ལྡན་མང་ཚོགས་ཁྲོད་ཤུགས་རྐྱེན་ཟབ་མོ་ཡོད་སྟབས། རྒྱ་ནག་གིས་གྲྭ་བཙུན་རྣམས་ཀྱི་བློ་སེམས་འགུག་ཐབས་སུ་ཐབས་བརྒྱ་ཇུས་སྟོང་གིས་གྲྭ་བཙུན་མེས་རྒྱལ་ལ་དགའ་བ་ཞེས་པའི་རྩ་དོན་གཙོ་བོར་བཟུང་ནས་ལས་འགུལ་དེ་སྤེལ་གྱིན་ཡོད་འདུག དུས་ཡུན་རིང་པོའི་ནང་ཏཱ་ལའི་རུ་ཚོགས་ཀྱིས་ནུབ་ཕྱོགས་དགྲ་ཟླའི་ཕྱོགས་གཏོགས་ཀྱི་ངན་སྐུལ་འོག་བོད་ཀྱི་སྤྱི་ཚོགས་ནང་ཤུགས་རྐྱེན་ཟབ་མོ་ཡོད་པའི་བོད་བརྒྱུད་ནང་བསྟན་དང་ཏཱ་ལའི་དམིགས་བསལ་ཐོབ་ཐང་སྤྱད་དེ་ཁ་བྲལ་དང་གཏོར་བཤིག་བྱེད་སྤྱོད་རྒྱུན་ཆད་མེད་པར་སྤེལ་ནས། རང་རེ་དང་དགོན་སྡེའི་མགོ་ཁྲིད་ཀྱི་དབང་ཆ་འཕྲོག་རེས་བྱས་ཏེ་བོད་བརྒྱུད་ནང་བསྟན་དེ་ཉིད་མང་ཚོགས་འཕྲོག་རེས་དང་མི་སེམས་འཕྲོག་རེས་ཀྱི་ལག་ཆར་གྱུར་བ་དང་། དགོན་སྡེ་དེ་ཉིད་ཁ་བྲལ་གཏོར་བཤིག་གི་བྱེད་སྤྱོད་སྤེལ་ས་ཤིག་ཏུ་འགྱུར་རྒྱུའི་རེ་ངན་འཆང་གི་ཡོད་ཅེས་སོགས་སློབ་གསོ་སྤེལ་གྱིན་ཡོད་པར་མ་ཟད། དགོན་སྡེའི་གྲྭ་བཙུན་ཁྲོད་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་དང་སློབ་གསོ་སྤེལ་རྒྱུ་དེ་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་དང་མི་རིགས་ཡར་ཐོན་བྱ་གཞག་གི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ལུགས་ཀྱང་། ད་དུང་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པའི་བླང་བྱ་དང་རྨང་གཞི་རང་བཞིན་གྱི་ལས་དོན་ཞིག་དང་། དགོན་སྡེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་དགོན་སྡེའི་བཅའ་ཁྲིམས་དྲིལ་བསྒྲཌ་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། དགོན་སྡེའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་དགོས་མཁོ་ཞིག་ཡིན་པར་བརྟེན། རང་ལྗོངས་ཀྱིས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དགོས་མཁོ་ཞིག་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རྩ་བའི་བྱ་ཐབས་ཤིག་ཡིན་རབས་སོགས་བརྗོད་ནས་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་གཅིག་པུའི་ནང་ལས་འགུལ་སྤེལ་གྱིན་ཡོད་འདུག

ད་སྐབས་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་དགོན་སྡེ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ ༡༧༠༠ ཡོད་པ་དང་། གྲྭ་བཙུན་ཁྲི་ ༤༦ ཡོད་སྐོར་ཡང་བརྗོད་ཡོད་འདུག གྲྭ་བཙུན་མེས་རྒྱལ་ལ་དགའ་བ་དང་། རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་འཇོག་ཡོད་པ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་ཡོད་པའི་འདུ་ཤེས་ཐོག་ཁ་བྲལ་བའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུ་རང་བཞིན། ཐབས་ལམ་འོག་གི་མགོ་སྐོར་རང་བཞིན་ལ་བོད་ཀྱི་གྲྭ་བཙུན་རྣམས་ཀྱིས་ངོས་འཛིན་གསལ་བོར་ཡོང་ཕྱིར་དགེ་འདུན་པའི་ནང་བྱ་ཐབས་སྣ་མང་སྤྱད་དེ་ལས་འགུལ་སྤེལ་བ་དང་། བོད་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ཀྱི་བློ་སེམས་འགུག་ཐབས་སུ་༼མཐུན་སྒྲིལ་དང་མཐུན་སྦྱོར་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་༽ཞེས་པའི་བརྗོད་གཞིའི་འོག་འཆད་ཁྲིད་བྱེད་དུ་བཅུག་ནས་ ༼མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་གཞི་རྩའི་བྱ་སྤྱོད་ཚད་ལྡན་༽ ཞེས་པའི་དཔེ་དེབ་རྩོམ་སྒྲིག་དང་འགྲེམས་སྤེལ་གང་མང་བྱེད་ཀྱིན་ཡོད་འདུག

འཆད་ཁྲིད་ཀྱི་བྱ་ཐབས་སྣ་མང་སྤྱད་དེ་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་“མེས་རྒྱལ་ལ་དགའ་ཞེན་བྱས་ན་གཟི་བརྗིད་དང་མེས་རྒྱལ་ལ་གནོད་འཚེ་བཏང་ན་ཞེ་ཁྲེལ་དགོས་པ”དང“མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་བྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པའི”གྲྭ་བཙུན་གྱི་བསམ་བློའི་ངོས་འཛིན་མཐོ་རུ་བཏང་སྟེ་གྲྭ་བཙུན་གྱི་མེས་རྒྱལ་གྱི་ལྟ་བ་དང་། ཁྲིམས་ལུགས་ཀྱི་འདུ་ཤེས། སྲིད་གཞུང་གི་འདུ་ཤེས་སོགས་མཐོ་རུ་གཏོང་ཆེད་ངན་སྐུལ་སློབ་གསོ་སྤེལ་གྱིན་ཡོད་འདུག

བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་མི་མང་ནང་འབྲེལ་འདྲིས་དང་ཤུགས་རྐྱེན་ཟབ་མོ་ཡོད་པ་དང་། མི་མང་ཡང་གྲྭ་བཙུན་རྣམས་ལ་ཡིད་ཆེས་ཟབ་མོ་ཡོད་སྟབས། དེང་སྐབས་རྒྱ་ནག་གིས་བོད་ཀྱི་གྲྭ་བཙུན་རྣམས་གྱི་ནང་དྲིལ་བསྒྲགས་དང་ངན་སྐུལ་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་ནི་ཡུན་རིང་གི་འཐབ་ཇུས་ལས་འགན་ཞིག་གཙོ་བོ་ཞིག་ཏུ་བཟུང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 14

  1. སློབ་དཔོན་ says:
    ལོ་ 17 སྔོན།

    རྒྱ་ནག་གིས་དཔོན་རིགས་ཚོའི་རྒྱ་ནག་སྲིད་གཞུང་ལ་རྒྱལ་ཞིན་སློབ་པ་དང་བོད་པས་ཆོལ་ཁའི་ཞིན་ཁོག་སློབ་གཉིས་ལ་ལམ་ཕྱོགས་དབུས་མ་ཡིན་རྒྱ་ནག་གི་སྲིད་ཕྱོགས་དེ་དགའ་བ་

    Reply
  2. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    བོད་པར་སྙིང་སྟོབས་ཡོད། འོན་ཀྱང་བོད་པའི་སྙིང་སྟོབས་ལ་བདག་པོ་རྒྱག་མཁན་ཞིག་ཀྱང་དགོས་པ་མ་ཡིན་ནམ།
    ངས་གཤམ་གྱི་དབྱིན་ཇིའི་གཏམ་དཔེ་འདིས་གནས་ལུགས་ཤིག་ཤོད་ཀྱི་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད།

    survival of fittest.
    elimination of weakest.

    Reply
  3. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    གོང་དུ་བཤད་པ་དེ་དག་གནད་དོན་གཅིག་ཡིན།
    གནད་དོན་གཅིག་དེ་བོད་པ་དང་བོད་གཉིས་འཛམ་གླིང་སྤྱི་ཚོགས་ཀྱི་ཆ་ཤས་ཆུང་ཆུང་ཞིག་དང་གྲུབ་ཆ་ཆུང་ཆུང་ཞིག་རེད། ངས་འཛམ་གླིང་སྤྱི་ཚོགས་ཁོ་རང་ལ་མདུན་ལམ་མི་འདུག་ཅེས་ཤོད་ཀྱིན་ཡོད། འཛམ་གླིང་སྤྱི་ཚོགས་ཁོ་རང་ལ་མདུན་ལམ་ཞིག་མེད་ན་བོད་པ་ལ་མདུན་ལམ་བཟང་པོ་ཞིག་ཡོང་བའི་རེ་བ་དེ་རྟེན་འབྲེལ་གྱི་འགྲོ་སྟངས་དང་འཚམ་པ་ཞིག་མ་རེད།
    འཛམ་གླིང་སྤྱི་ཚོགས་ལ་མདུན་ལམ་མེད་པ་རིགས་པའི་སྒྲུབ་བྱེད་བཀོད་ནས་ར་སྤྲོད་བྱེད་དགོས་དོན་མི་འདུག་མིག་མཐོང་ལག་པས་ཟིན་རྒྱུའི་ཆེས་ཤིན་ཏུ་མངོན་འགྱུར་གྱི་དངོས་པོ་ཞིག་རེད།
    བློར་མ་གཤོངས་ན་ངས་དམར་ཁྲིད་ཅིག་བྱེད།
    གནའ་སྔ་མོའི་མི་སྡེའི་སྤྱི་ཚོགས་ཀྱི་ཆབ་དཔལ་རིག་གསུམ་གྱི་རིག་གནས་ཡོད་དོ་ཅོག་བརྗོད་ཀྱང་ཆོག་པ་རེད་གང་ལྟར་དེ་དག་ཕལ་ཆེར་མིའི་འཚོ་གནས་ཐབས་ཚུལ་ཁས་ལེན་ཆོག་པ་ཙམ་ཡོད།
    འོན་ཀྱང་དེང་དུས་ཀྱི་ཆབ་དཔལ་རིག་གསུམ་གྱི་རིག་གནས་ཡོད་དོ་ཅོག་འཇིག་རྟེན་གཏོར་གཤིགས་གཏོང་བྱེད་ཀྱི་ལག་ཆ་ཙམ་ཡིན་པ་འདི་ངས་འཛམ་གླིང་ལ་མདུན་ལམ་མེད་པའི་གཙོ་བོའི་སྒྲུབ་བྱེད་དུ་འགོད་ཀྱིན་ཡོད།

    ལག་ཆ་འདི་དག་སྤྱད་པའི་རྗེས་འབྲས་དེ་ཉིས་སྟོང་བཞི་བཅུ་ལྔ་བཅུའི་ནང་ཚུད་དུ་སྨིན་རྒྱུར་དོགས་པ་ཅི་ཡང་མེད། ང་ཚོ་ཚེ་ཐག་རིང་ན་དཔྲལ་ཐོག་གི་མིག་རིལ་མོ་འདིས་དངོས་སུ་མཐོང་ངེས་ཡིན།

    Reply
  4. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    ནད་པ་ལགས།
    ངས་བོད་མི་རིགས་ལ་མདུན་ལམ་མེད་པར་བཤད་པ་དེ་བོད་མི་རིགས་ལ་འཇིག་རྟེན་འདིར་འཚོ་སྡོད་བྱེད་པའི་བསམ་བློའི་སྙིང་སྟོབས་དང་འདུན་པ། ཧུར་བརྩོན་སོགས་མི་རིགས་གཞན་ལ་ཡོད་པའི་ཁྱད་ཆོས་འདི་ཚོ་མེད་པའི་གཏན་ཚིགས་འགོད་ཀྱིན་མེད།

    བོད་མི་རིགས་ལ་ཁྱད་ཆོས་འདི་ཚོ་ཚང་ཡོད་ངེས་རེད། གལ་ཏེ་ཁྱད་ཆོས་འདི་དག་ཡོད་དབང་དུ་བཏང་ཡང་འདི་ནི་བོད་མི་རིགས་ཀྱི་ཁྱད་ཡོན་ཞིག་ཅི་ཡང་མ་རེད། ཚེ་སྲོག་ཡོད་པའི་དངོས་པོ་ཞིག་ཡིན་ན་རང་གི་འཚོ་གནས་ཀྱི་ཆེད་དུ་ཁྱད་ཆོས་འདི་ཚོ་ཡོང་བ་དངོས་པོའི་གཤིས་ལུགས་རེད།

    ངའི་སེམས་ཁྲལ་ནི་ཕྱོགས་གཅིག་ནས་དེང་དུས་ཀྱི་འཛམ་གླིང་འདིའི་ནང་བོད་པས་བོད་པ་བྱས་ནས་འཚོ་སྡོད་བྱེད་སའི་ཁོར་ཡུག་དེ་རྒྱ་ཆུང་དུ་ཆུང་དུ་འགྲོ་བ་མ་གཏོགས་ཆེ་རུ་
    འགྲོ་ཡི་མི་འདུག
    དེ་བཞིན་བོད་པ་རང་ངོས་ལ་ཡང་རང་ཉིད་དུས་རབས་གསར་པའི་འཛམ་གླིང་གི་མི་སྣ་ཞིག་བྱེད་འདོད་ཙམ་མ་གཏོགས་རང་ཉིད་དང་རང་ཉིད་ཀྱི་བུ་ཕྲུག་དང་བཅས་པ་བོད་པ་ཞིག་བྱས་ནས་འཚོ་སྡོད་བྱས་པའི་བསམ་བློའི་སྙིང་སྟོབས་དང་བརྩོན་སེམས་མི་འདུག

    Reply
  5. ནད་པ says:
    ལོ་ 17 སྔོན།

    ལྷོ་ཕྲུག་སྣ་བོ་ཆེ་ལགས། ཉིད་ཀྱིས་བོད་མི་རིགས་ལ་མདུན་ལམ་མེད་ཅེས་ཚིག་ཐག་བཅད་པ་དེ་ནོར་འཁྲུལ་ཆེན་པོ་ཞིག་རེད། བོད་རྒྱལ་ཁབ་ཟེར་བ་དེར་མི་ལོ་ཉིས་སྟོང་ལྷག་གི་རྒྱལ་རབས་དང་ལོ་རྒྱུས་ཡོད་ལ་བོད་མི་རིགས་ཟེར་བ་དེར་ཡང་མ་མཐར་མི་ལོ་དྲུག་སྟོངས་ལྷག་གི་རིག་རྒྱུན་རྫས་རིག་ཅིག་ཡོད་པ་མངོན་སུམ་ཚན་རིག་གིས་བདེན་དཔང་བྱས་ཡོད།

    རྒྱལ་ཁབ་དང་མི་རིགས་གཅིག་གི་མདུན་ལམ་ནི་མི་གཅིག་གཉིས་དང་མི་རབས་གཅིག་གཉིས་ལ་ཐ་གཅིག་ཏུ་བལྟོས་པ་གང་ཡང་མེད་མོད་ད་ལྟའི་ཆར་༸ གོང་ས་སྐྱབས་མགོན་ཆེན་པོའི་ལམ་སྟོན་དང་གཟི་བརྗིད་ནི་བོད་མི་རིགས་ལ་མཚོན་ན་མེད་ཐབས་མེད་པ་ཞིག་ཆགས་ཡོད།

    དུས་རབས་གསར་པ་དང་། མི་རབས་གསར་པ། ཁོར་ཡུག་གསར་པ་འཅས་ཀྱི་ཤུགས་རྐྱེན་འོག་བོད་མི་རིགས་ལ་མདུན་ལམ་གཏན་ནས་མེད་པ་ཞིག་དེ་བས་ག་ལ་ཡིན། ཉིས་སྟོང་བརྒྱད་ཀྱི་ཞི་རྒོལ་ནང་འཐབ་རྩོད་ཀྱི་ལངས་ཕྱོགས་རྣོ་ངར་ཅན་ཞིག་ཐོན་པ་དེ་ཡང་མི་རབས་གསར་པའི་གཞོན་སྐྱེས་ཀྱིས་སྣེ་འཁྲིད་འོག་དུས་རབས་གསར་པ་ཞིག་ལ་ཁ་ཕྱོགས་ནས་བོད་མི་རིགས་ལ་མདུན་ལམ་ཞིག་ཡོད་པ་དེར་རྩོན་ལེན་དང་བདེན་དཔང་བྱས་ཡོད།

    དེ་ན་ང་ཚོས་བོད་མི་རིགས་ལ་དབང་བའི་ཐོབ་ཐང་དེ་བོད་མི་རིགས་ནམ་ཡང་ནུབ་པ་མེད་པར་རྩོད་དགོས་ལ་ལེན་ཡང་དགོས། དེ་ནི་འཛམ་གླིང་ས་ཡི་གོ་ལས་ང་ཚོར་ལེགས་སྐྱེས་སུ་ཕུལ་བའི་ལྷན་སྐྱེས་ཀྱིས་གཞི་རྩའི་ཐོབ་ཐང་རང་ཡིན།

    དེརམབརྟེན་ང་ཚོས་ཀྱང་འཛམ་གླིང་འདིར་ཡིད་ཆེས་བྱས་ཏེ་ཇི་སྲིད་འཛམ་གླིང་འདི་འཚོ་ན་དེ་སྲིད་དུ་ང་ཚོ་བོད་མི་རིགས་ཀྱང་འཛམ་གླིང་གི་ཆ་ཤས་ཞིག་ལ་ངོས་འཛིན་བརྟན་པོ་བྱས་ཏེ་སྶྟེང་འདིར་མི་རིགས་གཞན་དང་འདྲ་མཚུངས་སུ་རྐང་པའི་སྟེང་ནས་ཡར་ལངས་ཐུབ་པར་ཡིད་ཆེས་བྱས་ཆོག

    མི་རིགས་གཞན་ཚོ་ཡར་ལངས་ནས་འཛམ་གླིང་ནང་འཚོ་གནས་ཐུབ་ནས་མེད་པར་ངེད་བོད་མི་རིགས་དེ་ཡར་ལངས་ནས་འཚོ་གནས་ཇི་ལྟར་མི་ཐུབ་བམ་ཞེས་རང་ཉིད་ཀྱིས་རང་ལ་དྲི་གཅོད་ནན་མོ་ཞིག་བྱས་ཆོག དེར་བརྟེན་ང་ཚོས་འཛམ་གླིང་གི་འགྱུར་གྲོས་ལ་ཡིད་ཆེས་བྱེད་ཆོག་ལ་འཇིག་རྟེན་ཞིག་གི་དར་རྒུད་ལ་འང་འདས་པའི་མྱོང་བ་གཞི་ལ་བཞག་སྟེ་རེ་བ་དང་ཡིད་ཆེས་བྱས་ཆོག

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རྒྱའི་སྲིད་གཞུང་གིས་ལག་སྔ་གང་ཐུབ་བརྩད་དེ་འགྲོ་བཞིན་ཡོད་ལ། བོད་ཕྱི་ལོག་དུ་བསྡོད་མཁན་དག་གིས་ནང་ཁུལ་དུ་ཁ་རྒྱག་པ་རེ་བཤད་དེ་བསྡད་དུས་སེམས་པ་ནི་སྐྱོ་བ་ལ་ནི་མཐའ་ཞིག་མི་འདུག

    Reply
  7. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    ངས་གོ་ཐོས་ལ། ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གྲངས་སྐབས་རྒྱ་ནག་གིས་དམག་མི་མང་བོ་བོད་ཀྱི་ས་ཐོག་ཏུ་བཏང་ནས་བོད་མི་མང་ལ་ཞབས་ཞུ་བསྒྲུབས་པ་རེད་ཟེར། དཔེར་ན། སྐབས་དེར་རྒྱ་དམག་ལྷ་ས་རུ་ཡོང་ནས་བོད་ཀྱི་གྲོང་གསེབ་ཁག་ཏུ་ཆུ་མེད་ས་དང་། གློག་མེད་ས། ལམ་མེད་ས་སོགས་ཀྱི་དཀའ་ངལ་སེལ་ནས་མི་མང་གིས་ཀྱང་བཅིངས་འགྲོལ་དམག་མི་ཡག་པོ་འདུག་ཟེར་བའི་ཚད་དུ་ལྷུང་བ་རེད་ཟེར། བོད་མི་མང་གིས་སྐབས་དེར་ཁོང་ཚོས་དམིགས་ཡུལ་ཞིག་གི་ཆེད་དུ་བསྒྲུབས་ཀྱིན་ཡོད་པ་ཅི་ཤེས། གང་ལྟར་དེ་འདྲ་བྱས་ནས་བོད་མི་མང་རྒྱ་ནག་གི་གཡོ་འོག་ཏུ་ཚུད་ནས་མཐའ་མར་རང་ས་རང་ཡུལ་ཤོར་བ་རེད།

    ད་སྐབས་ཀྱང་རྒྱ་ནག་གིས་བྱ་ཐབས་དེ་བཀོལ་ནས་བོད་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ཀྱི་བསམ་བློ་བསྒྱུར་བཅོས་གཏོང་གི་ཡིན་ལབ་ཀྱིན་ཡོད་ས་རེད་དེ། དེ་ནི་གྲྭ་བཙུན་རྣམས་བོད་ལ་དུངས་ཞེན་ཟབ་པ་དང་། བོད་པ་ཚོས་རྒྱ་ནག་ལ་ངོ་རྒོལ་བྱེད་སྐབས་གྲྭ་བཙུན་རྣམས་ཀྱིས་བརྒྱ་ཆའི་བརྒྱད་ཅུ་བཟུང་ཡོད་པས་རེད།

    Reply
  8. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    ནད་པ་ལགས་ནས་དགོངས་ཚུལ་གསུངས་པར་དགའ་ཡོད།
    སྐབས་རེ་དུས་སྟོང་འདི་འདྲར་རྩོད་པ་འདི་འདྲ་རེ་བརྒྱབ་རྒྱུ་བྱུང་དུས་སྐྱིད་སྣང་དང་སྤྲོ་སྣང་རེ་ཡོང་གིན་འདུག ཁྱེད་ལ་ཡང་དུས་ཁོམ་ཡོད་ན་ཡང་བསྐྱར་དགོངས་ཚུལ་གསུང་རྒྱུ་མ་བརྗེད།

    ངས་བོད་མི་རིགས་ལ་མདུན་ལམ་མེད་ཅེས་ཚིག་ཐག་ཆོད་པོས་ཤོད་ཐུབ་ཀྱིན་འདུག ད་ལྟ་ང་ཚོ་༸གོང་ས་སྐྱབས་མགོན་ཆེན་པོའི་གཟི་བརྗིད་ཉག་ཅིག་གིས་སྐྱབས་ནས་ཡོད་པ་མ་ཡིན་ནམ། འདི་ཁས་ལེན་བྱེད་མིན་ཞིག་ལ་ཐུག་ཡོད་པ་མ་གཏོགས་དངོས་ཡོད་རེད་པཱ། དངོས་ཡོད་ལ་ཉི་ཤར་སྦར་འགེབ་བྱེད་རྒྱུ་ག་རེ་ཡོད་རེད།
    ད་ལྟ་བོད་ཕྱི་ནང་གཉིས་ཀར་བོད་ཀྱི་རིགས་གཞུང་དང་བོད་ཀྱི་མི་རིགས་འདི་འཆི་ཡིན་འདུག

    བོད་ནང་རོལ་དུ་རྒྱའི་བཙན་གནོན་དང་དེང་རབས་གསར་པའི་ཁ་གཡང་གི་འོག་ནས་འཆི་ཡིན་འདུག་ལ་བོད་ཕྱི་རོལ་དུ་གོ་ལ་གཅིག་བསྒྱུར་གྱི་ལམ་སྲོལ་དང་དངུལ་ལོར་གསོག་པའི་བྲེལ་འཚུབ་ཀྱི་འོག་ནས་འཆི་ཡིན་འདུག

    བོད་པའི་མི་རབས་གསར་པའི་གཤིས་ཀའི་འཁྱེར་ཕྱོགས་དང་སེམས་རྒྱུད་ཀྱི་སྟེང་ནས་བོད་པའི་རིག་གཞུང་གི་དྲི་མ་ཡལ་གྱིན་ཡོད་པ་འདི་བོད་པ་འཆི་བཞིན་པའི་རྟགས་མཚན་བླ་ན་མེད་པ་དེ་མ་ཡིན་ནམ།

    ཁྱོད་སེམས་པ་སྐྱོ་དགོས་པ་མ་རེད། འཇིག་རྟེན་ཐོག་ནས་འཆི་མཁན་དེ་ང་ཚོ་གཅིག་པུ་མ་རེད།
    འཛམ་གླིང་རིལ་པོ་ཁོ་རང་འཆི་ཡིན་འདུག
    འཛམ་གླིང་འདིར་མདུན་ལམ་མི་འདུག

    ཁྱོད་ཡིད་མ་ཆེས་ན་ཁོར་ཡུག་གི་འགྱུར་བ་དང་དང་འབྱུང་བ་འཁྲུགས་པའི་གནད་དོན་འདི་གཅིག་པུར་བསམ་བློ་བཏང་བས་ཀྱང་ཟུར་ལ་བལྟས་པས་ལེབ་མོ་མཐོང་ཐུབ་རྒྱུ་ཡིན།
    ངས་དུས་བབ་མདུན་ངོས་ཀྱི་རྒྱ་ནག་གི་སྒེའུ་ཁུང་ཞེས་པའི་གསར་འགྱུར་ལེ་ཚན་འོག་མཆན་ཞིག་བཏབས་ཡོད་དེར་གཟིགས་རོགས་ལོ།

    Reply
  9. ནད་པ says:
    ལོ་ 17 སྔོན།

    ལྷ་སྣ་ལགས། ད་བར་མི་ལོ་ཧྲིལ་པོ་ལྔ་བཅུའི་རིང་ཕན་ཚུན་ཕྱོགས་གཉིས་ཀས་ཁ་ཞེ་སྙིང་མེད་ཀྱི་སྒོ་ནས་རྒྱ་བོད་མི་རིགས་གཉིས་ཀྱི་མཐུན་སྒྲིལ་ཐད་ལ་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཐུབ་མེད།

    འོན་ཏང་ད་ཆ་གཞི་ནས་རྒྱ་བོད་མི་རིགས་གཉིས་ཀྱི་མཐུན་སྒྲིལ་དང་ཁོར་ཡུག་གཅིག་བསྐྲུན་དགོས་དེ་ཕན་ཚུན་ཕྱོགས་གཇིས་ཀའི་ཁེ་ཕན་ལ་ཐུག་ཡོད། ངས་བལྟས་ན་རྒྱ་བོད་མི་རིགས་ཀྱི་མཐུན་སྒྲིལ་ཟེར་བ་དེ་འཆར་སྣང་ཞིག་གང་ཡང་མ་ཡིན་པར་དངོས་ཐོག་བདེན་འཚོལ་དང་། མངོན་འགྱུར་གྱི་བྱ་བ་རླབས་ཆེན་ཞིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད།

    གལ་ཏེ་རྒྱ་བོད་མི་རིགས་ཀྱི་མཐུན་སྒྲིལ་དེ་འཆར་སྣང་ཙམ་ཞིག་ཡིན་ཚེ་བོད་མི་རིགས་ཟེར་བ་དེ་ལ་གཏན་ནས་མདུན་ལམ་ཞིག་མེད་པ་འཛམ་གླིང་ནང་ཕྱི་གསལ་ནང་གསལ་རེད།

    འོན་བཏང་ངས་བོད་མི་རིགས་ལ་གཏན་གྱི་མདུན་ལམ་ཞིག་མེད་པར་ཡིད་ཆེས་གཏན་ནས་བྱེད་མི་ཐུབ་ལ་རྒྱ་བོད་མི་རིགས་གཉིས་མཐུན་སྒྲིལ་ཆེན་པོའི་ངང་ནས་ཡུན་རིང་མཉམ་གནས་ཐུབ་པར་ཡིད་ཆེས་བྱེད་ཆོག་ལ་རྒྱ་བོད་མི་རིགས་གཉིས་འཛམ་གླིང་ཐོག་ཏུ་ཡར་ལངས་ཐུབ་པར་མདུན་ལམ་དང་རེ་བ་ཆེན་པོ་ཡོད་པར་ཡིད་ཆེས་བྱེད་ཆོག
    དེར་བརྟེན་ང་ཚོས་ཁ་ཞེ་སྙིང་མེད་ཀྱིས་རྒྱ་ནག་དང་མཐུན་སྒྲིལ་ཆེན་པོ་ཞིག་བསྐྲུན་ཐུབ་ཚེ་ད་བཟོད་གཞི་ནས་ང་ཚོ་བོད་མི་རིགས་དེ་ཡང་འཛམ་གླིང་འདིར་དོན་དངོས་ཐོག་ཡར་ལངས་ཐུབ་པར་ཐེ་ཚོམ་མེད།

    Reply
  10. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    ནད་པ། ཧ་ཧ། བོད་མི་རིགས་མཐུན་སྒྲིལ་ཡིན་ན་གཅིག འདི་ལ་རེ་བ་ཞིག་ཁག་སེ་མིན་འགྲོ།
    ངས་གནས་ལུགས་ཤིག་ཤོད། རྒྱ་བོད་མི་རིགས་མཐུན་སྒྲིལ་ཟེར་བ་དེ་བཅོས་ནས་ཡོང་དགོས་ཡག་ཅིག་རེད། རྒྱ་བོད་མི་རིགས་འགལ་ཟླ་ཟེར་བ་དེ་ལྷན་སྐྱེས་ལ་ཡོང་བསྡད་ཡག་ཅིག་རེད། དོན་འདི་མི་སྒེར་པ་ཞིག་ལ་མཚོན་ན་བླང་དོར་བྱེད་རྒྱུ་ཞིག་ཡོད་ཀྱི་རེད་དེ། སྤྱི་ཚོགས་ཤིག་དང་མི་རིགས་ཤིག་གི་ངོས་ནས་བཤད་ན་དེ་འདྲའི་སྟབས་བདེ་པོ་ཞིག་ཨེ་ཡོད།

    རྒྱ་བོད་མི་རིགས་མཐུན་སྒྲིལ། ང་ཚོས་ཨུ་ཚུགས་རྒྱག་དགོས་པ་རེད།
    རྒྱ་བོད་མི་རིགས་མཐུན་སྒྲིལ། དངོས་ཡོད་ལ་འཆར་སྣང་རང་ཡིན།

    Reply
  11. ནད་པ says:
    ལོ་ 17 སྔོན།

    རྒྱ་ནག་དབུས་གཞུང་གིས་ཞིབ་འཇུག་ནན་ཏན་བྱས་པ་བརྒྱུད་བོད་ནང་གཏིང་ལྷིང་མེད་པའི་རྒྱུ་རྐྱེན་གཙོ་བོ་དེ་བོད་བརྒྱུད་ནང་བསྟན་འདིར་ཐུག་ཡོད་པར་ངེས་ཤེས་རྙེད་ནས་སླར་ཡང་རྒྱལ་གཅེས་ཀྱི་སློབ་གསོ་གཞི་རྒྱ་ཆེ་བ་ཞིག་སྤེལ་བཞིན་ཡོད་པ་རེད།

    ང་ཚོས་ཀྱང་སློབ་གསོའི་ཁ་ཕྱོགས་དང་བསྟུན་ནས་གོམ་གང་མདུན་སྤོས་བྱས་ཏེ་མཐར་ཐུག་གུང་ཁྲན་ཏང་གི་སློབ་གསོའི་འོག་ནས་ཉམས་མྱོང་རིམ་བསགས་བྱས་ཏེ་རྒྱ་བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་བོད་བརྒྱུད་ནང་བསྟན་འདི་བེད་སྤྱད་དེ་མཐར་ཐུག་བོད་མི་རིགས་ཀྱི་རྐང་པ་འདི་འཛམ་གླིང་ས་སྟེང་དུ་བརྟན་པོར་འཚུགས་ཐུབ་པ་ཞིག་བྱེད་དགོས།

    ཕྱོགས་གཅིག་ནས་བཤད་ན་ད་ཆ་ང་ཚོ་བོད་པ་དེ་ཉམ་ཐག་ཞིག་ཏུ་གྱུར་ནས་ཡོད་ལ་རྒྱ་ནག་དེ་སྟོབས་ཆེན་གཅིག་ཏུ་འགྱུར་བཞིན་པ་རེད། གུང་ཁྲན་ཏང་དང་གུང་མིན་ཏང་གཉིས་ཕམ་པ་རྒྱག་དུས་དར་དམར་ག་དུས་བར་དུ་བསྒྲེང་ཐུབ་བམ་ཞེས་པའི་ལན་དུ་མའོ་ཙེ་ཏུང་གིས་མེ་སྟག་ཆུང་ངུས་སྤང་ལྗོངས་བསྲེག་ཐུབ་ཅེས་ལན་བཏབ་ཡོད་ལ་མཐར་མེ་སྟག་གིས་སྤང་ལྗོངས་བསྲེགས་ནས་རྒྱལ་ཁ་བསླངས་ཡོད།

    ང་ཚོས་ཀྱང་མའོ་ཡི་བློ་སྟོབས་དང་། ཆབ་སྲིད། རྣམ་དཔྱོད། འཐབ་ཇུས་སོགས་ལ་དཔེ་བླངས་ཏེ་ང་ཚས་ཀྱང་མེ་སྟག་ཆུང་ངུས་ཉིན་གཅིག་སྤང་ལྗོངས་བསྲེག་ཐུབ་པ་ཞིག་བྱེད་དགོས།

    Reply
  12. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    མི་རིགས་ཀྱི་སེམས་ཁམས་བསྒྱུར་བཅོས་་་་ཨ་ལ་ལ་ལ་
    འོ་ན་མི་རིགས་ཇི་ལྟར་བསྒྱུར་རྒྱུ་ཡིན་ནམ།
    ཁྱེད་ཅག་གིས་བལྟོས་ན་རྒྱ་ནག་གི་སྲིད་ཇུས་འདི་མཁས་རྟགས་ཤིག་རེད་དམ་བླུན་རྟགས་ཤིག་རེད།

    Reply
  13. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    འདིའི་གྲལ་ན་ཞེས་པར་བཅོས་ཀྱིན་ཡོད།

    Reply
  14. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    མིའི་བསམ་བློ་དང་གོམས་པ་བཅོས་བསྒྱུར་བྱེད་པའི་ལས་ཀ་འདི་ལས་དཀའ་ལས་ཁག་པ་ཞིག་ཅི་ཡང་མེད།
    མདོར་ན་ཁོང་ཚོས་བོད་པའི་གྲྭ་བཙུན་ཚོའི་བསམ་བློའི་དགའ་ཞེན་བྱེད་ས་དང་མི་དགའ་བ་བྱེད་སའི་ཡུལ་གཉིས་བརྗེ་པོ་བརྒྱག་གི་ཡིན་ཟེར་གྱིན་ཡོད་པ་རེད། འདི་ཅ་ལག་གཉིས་གོ་ས་ཕན་ཚུན་བརྗེ་རྒྱུ་ནང་བཞིན་གྱི་སླ་མོ་ཞིག་མ་རེད།

    ངས་དོན་འདིར་སེམས་ཁྲལ་བྱེད་ཀྱིན་མེད།
    ང་སེམས་ཁྲལ་བྱེད་ས་གཅིག་ཡོད་པ་ནི་ང་ཚོ་བོད་ཕྱི་ནང་གི་གྲྭ་བཙུན་ཕལ་ཆེར་ཞིག་ནང་ལོགས་ནས་གཅིག་མ་འགྲིག་ནས་རུལ་གྱིན་འདུག
    འདི་ནི་སུས་ཀྱང་འགོག་མི་ཐུབ་པའི་དཀའ་ངལ་ཞིག་ཡིན་ཅིང་ང་ཚོ་ཕལ་ཆེར་ཞིག་གི་རུལ་དྲི་ཁ་བའི་འགྲོ་ལམ་འདིའི་ནང་དགའ་བཞིན་སྤྲོ་བཞིན་དུ་ཞུགས་ཀྱིན་ཡོད་པ་རེད།
    ང་རང་ཡང་འདིའི་གྲལ་ནས་ཡོད་མཁན་ཞིག་ཡིན། ང་ཚོས་ཉེན་ཁ་ཞིག་བརྩིས་ན་འདི་ལ་བརྩི་དགོས་ཀྱིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese