མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོད་གླེང་ཆེན་པོར་ཞུགས་རོགས།

བོད་ཀྱི་དུས་བབ།
༢༠༠༩/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༧ གྱི་དགོང་མོ་དུས་ཚོད་ ༨ པའི་སྟེང་རྒྱ་གར་གྱི་དབྱིན་སྐད་བརྙན་འཕྲིན་བརྒྱུད་ལམ་ NDTV ཡིས་༧གོང་ས་མཆོག་ཨ་རུ་ན་ཅལ་ནང་ཕེབས་རྒྱུའི་ཐད་བགྲོ་གླེང་ངར་མ་ཞིག་བྱ་རྒྱུ་ཡིན་ཟེར།

བརྒྱུད་ལམ་དེའི་དྲ་ངོས་སུ་བཀོད་དོན། ཏཱ་ལའི་བླ་མའི་གཟིགས་སྐོར་དེ་ནི་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་ཉམ་ཆག་ལ་འགྲོ་བཞིན་པའི་སྐབས་ཤིག་ལ་འཁེལ་ཡོད། ཐོག་མ་དེར་རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེ་ཡོངས་རྫོགས་རྒྱ་ནག་གི་ས་ཁོངས་ཡིན་པར་བཤད་པ་རེད། དེའི་རྗེས་ནས་སྲིད་བློན་མན་མོ་ཧན་སིན་ལགས་ཀྱི་གཟིགས་སྐོར་ལ་ངོ་རྒོལ་བྱས་ཤིང་། ༼རྩོད་གཞི་ཡོད་པའི་ས་ཁུལ་༽ལ་ཕྱིན་ཚུལ་བཤད་པ་རེད། དེའི་རྗེས་ནས་ཁ་འཐབ་བྱེད་རེས་བྱས་ཤིང་། བོད་མིའི་ཆོས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་ལ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བར་གཏོར་བརླག་བྱས་པའི་སྐྱོན་འཛུགས་བྱས་པ་རེད།

ལོ་སྔོན་མར་རྒྱ་གར་གཞུང་གིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བསྟེན་ནས་ཏཱ་ལའི་བླ་མ་མོན་རྟ་དབང་ལ་ཕེབས་བཅུག་མེད། འཐབ་བྱུས་ཆེད་ལས་པ་སྐོར་ཞིག་གི་བསམ་ཚུལ་ལ། ཏཱ་ལའི་བླ་མའི་གཟིགས་སྐོར་དེ་ད་ཕྱིན་ཉམ་ཆག་ལ་ཕྱིན་འབྲེལ་བ་འདི་ཕྱིར་འཁོར་མེད་ས་ཞིག་ལ་བསྐྱལ་ངེས་ཡིན་པར་ལྟ་གིན་ཡོད།

རྒྱ་གར་གྱིས་རྙོག་དྲ་འདིར་གཡོལ་ནས་སྡོད་ཐུབ་གི་རེད་དམ། ཡང་ན། ད་ནི་རྒྱ་གར་གྱིས་རྒྱ་ནག་མཉམ་དུ་སྐད་ཆ་མཁྲེགས་པོ་བཤད་རྒྱུའི་དུས་ཚོད་རེད། ཨིན་ཌི་ཊེ་ཝེ་ཡི་རྩོད་གླེང་ཆེན་པོ་དེར་མཉམ་ཞུགས་བྱ་རོགས།

དྲ་རྒྱ་བརྒྱུད་ནས་ལྟ་མཁན་ཚོས་གཤམ་གྱི་འབྲེལ་ཐག་བརྒྱུད་ནས་གཟིགས་རོགས། http://www.ndtv.com/convergence/ndtv/new/NDTV-Show-Special.aspx?ID=452

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

སྐར་མ ༤༤ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༥ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 24

  1. བློ་བཟང་འོད་ཡུག་པ། says:
    ལོ་ 17 སྔོན།

    བསྟན་འཛིན་བརྩོན་འགྲུས་ཀྱིས་བོད་དེ་རང་བཙན་ཡིན་པའི་དཔང་ཡིག་སྔར་བོད་ཀྱི་བློན་ཆེན་ཞིག་ཕྱིཌྷི་རྒྱལ་ཁབ་ཏུ་ཕེབས་པའི་མཐོང་ཆེན་ཕྱག་ཁྱེར་གྱི་འདྲ་ཤུས་ཞིག་བཏོན་བཞིན་བོད་དེ་རང་བཙན་ཡིན་པའི་བསྒྲུབ་ཆེད་ཀྱི་གཏམ་བཤད་བྱས་ཡོད་འདུག།

    Reply
  2. གངས་ཕྲུག་བློ་བཟང་ངག་དབང་ says:
    ལོ་ 17 སྔོན།

    ཕོ་རང་གི་འཇོན་ན་འཇོན་པ་འདྲ།།མི་གཞན་ལ་རེ་དུས་ཡིད་རེ་སྐྱོ།།་གངས་ཅན་པའི་ལས་དབང་གངས་ཅན་པ་རང་ཉིད་ཀྱི་འགྱུར་བ་གཏོང་དགོས་པ་ལས་མི་གཞན་ལ་རེ་བ་བཅོལ་བསྡད་པ་ཡིན་ན།་དུས་ནམ་ཡང་རང་དབང་གི་ཉི་མ་ཤར་མི་སྲིད།་ཨ་རི་སྟོབས་ཆེན་རྒྱལ་ཁབ་ཞིག་ཡིནའང་རྒྱ་དམར་གཞུང་དང་ཐུག་དུས་བོད་པའི་གནས་ཚུལ་ལ་རང་དབང་མེད་པར་ཕྱི་ཤོལ་བྱེད་ཀྱི་ཡོད།་ཁ་སྔོན་སྤྱི་ཟླ་་༡༠་ནང་ཨ་རིའི་སྲིད་འཛིན་གྱི་ཐོག་མར་༸གོང་ས་མཆོག་དང་མཇལ་རྒྱུ་གཏན་འཁེལ་ཟིན་ཀྱང་།་རྒྱ་དམར་གྱི་གནོད་ཤུགས་ལ་བརྟེན་ནས་ཕྱིར་འཐེན་བྱས་པ་རེད།་
    རྒྱ་གར་ང་ཚོས་ཤེས་གསལ་རེད།་སྔོན་མ་ནས་རྒྱ་ནག་བཞེད་ཐག་ཆོད་ཀྱི་ཡོད་རེད།་བྱས་ཙང་ད་རེས་གོང་ས་མཆོག་མོན་ལ་ཕེབས་རྒྱུའི་ཐོག་ལ་ཡང་རྒྱ་གར་རྒྱ་ནག་ལ་བཞེད་ཀྱི་ཡོད་པ་རེད།་

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    སྐར་ཁྲི་བཙན། ད་ཀོ་ཇུས། ས་མཐའ་ད་བར་དུ་བསྡད་ནི་མི་ནེ། རྔོན་པ་མདའ་གཞུ་ཅན་དེས་གང་ཟིག་ནས་སྒུག་སྟེ་ཤ་བོ་བསད་མྱོང་། ཧ་ཧ་ཧཧ་རྩེད་མོ་བདེན་པ་གཉིས་ཀ་ཡིན། བོད་པས་ཅང་མི་བ་གི་འདོད་ཀི

    Reply
  4. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    རྒྱ་གར་བ་ལ་ཤོད རྫ་ཁྲ་རའི་ཕར་ནང་རིག་ཐལ འབྲོང་མགོ་རྡོ་ཡིན་ནོ་ཤེས་ཐལ།
    ཨ་རི་བ་ལ་ཤོད། འགྱ་འགྱུར་སོག་ལེའི་སོ་འདྲ་བོ། ཁྲ་ཁྲ་འུག་པའི་སྒྲོ་འདྲ་བོ།
    རྒྱ་ནག་བ་ལ་ཤོད། ཁ་འོ་མའི་འཇམ་ནོ། ཁོག་ཚེར་མའི་རྩུབ་ནོ ཁྱོད་ཤྭ་བོ་དུང་རྭ་ཅན་ལ་འགྲོ་སྟངས་བཅོ་བརྒྱད་ཡོད་ན། ང་སྔོན་པ་མདའ་ཞུ་ཅན་པོར་སྒུག་ལུགས་ཉི་ཤུ་ཡོད།

    Reply
  5. རྒྱང་རིང་ནས། says:
    ལོ་ 17 སྔོན།

    བོད་གཞུང་གིས་ངོས་ནས་ཀྱང་ད་རིང་༧གོང་ས་མཆོག་རྟ་དབང་དུ་འཕེལ་པའི་སྐབས་སུ་རྒྱ་དཀར་ནག་གཉིས་ཀྱིས་ཆབ་སྲིད་ཀྱི་སྐད་ཆ་མང་པོ་ཞིག་སྒྲོག་ངེས་པས་དེ་རྣམས་ལ་ངེས་པར་དུ་བསམ་གཞི་བྱེད་དགོས།

    Reply
  6. རྒྱང་རིང་ནས། says:
    ལོ་ 17 སྔོན།

    བོད་གཞུང་གིས་ངོས་ནས་ཀྱང་ད་རིང་༧གོང་ས་མཆོག་རྟ་དབང་དུ་འཕེལ་པའི་སྐབས་སུ་རྒྱ་དཀར་ནག་གཉིས་ཀྱིས་ཆབ་སྲིད་ཀྱི་སྐད་ཆ་མང་པོ་ཞིག་སྒྲོག་ངེས་པས་དེ་རྣམས་ལ་ངེས་པར་དུ་བསམ་གཞི་བྱེད་དགོས།

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    འདིའི་སྐོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་བཏོན་པའི་(ལོ་རྒྱུས་རྒྱུ་ཆ་གདམས་བསྒྲིགས་)དེབ་བཅུ་པ་ཆ་ཚང་འདིའི་སྐོར་རེད། དེང་སང་དེབ་དེ་བོད་ནང་ནས་རག་གི་མི་འདུག་ཟེར་གི རྡ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་ན་འདུག གཟིགས་མཁན་ཡོད་ན་དེར་སོང་སྟེ་གཟིགས་ཤིག

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཨ་རི་ན་ཅལ་ཟེར་ན་དེང་སང་རྒྱ་གར་གྱི་བྱང་ཤར་མཚམས་ཀྱི་མངའ་སྡེ་ཆེན་པོ་ཞིག་རེད། བོད་པ་ཚོས་འདི་ན་བོད་པའི་ས་ཆ་ཞིག་ཡོད་ཤེས་ཀྱི་ཡོད་པ་དོན་བཟང་ཞིག་རེད། འོན་ཀྱང་ཨ་རི་ན་ཅལ་ཡོངས་རྫོགས་བོད་པའི་མ་རེད། དེ་བས་ང་ཚོས་ལོ་རྒྱུས་རང་བཞིན་ལྡན་པའི་བོད་ཀྱི་མཚམས་གང་ལ་འཁེལ་འདུག་སོགས་ལ་ཡང་ཤེས་རྟོགས་བྱེད་རྒྱུ་གལ་ཆེན་པོ་རེད། འདི་ལོ་རྒྱུས་ཡིག་ཆ་འདྲ་མིན་བཀླག་དགོས་པ་རེད། ཡིག་ཆ་གང་ལ་གཏུགས་ནའང་བོད་ཀྱི་ཡིན་པའི་སྒྲུབ་བྱེད་གསལ་བོ་ཞིག་འཚོལ་དགོས་པ་རེད། དེ་མིན་ཨ་རི་ན་ཅལ་བོད་ཀྱི་ཡིན་པ་དང་། རྒྱ་དཀར་ནག་གཉིས་ཀྱིས་དེ་རྩོད་ཀྱིན་ཡོད་པ་རེད་ཟེར་ནས་འདང་གི་མ་རེད། བཤད་དགོས་ས་ནས་བཤད་རྒྱུ་ཡོད་པ་ཞིག་དང་། འབྲི་དགོས་ས་ནས་འབྲི་རྒྱུ་ཡོད་པ་ིག་བྱ་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད། བོད་པའི་ཆབ་སྲིད་པ་དང་རྩོམ་པ་པོ་མང་ཆེ་བས་ཁུངས་གཏུགས་ལ་ཁ་གསལ་པོ་ཞིག་ཕྲིས་ཤོག་ཟེར་དུས་ཁུམ་ཁུམ་འདྲ་ཞིག་བྱེད་བཞིན་མི་འདུག་གམ།

    Reply
  9. མཚོ་ཚང་བཀྲིས། says:
    ལོ་ 17 སྔོན།

    ད་ཐེངས་ཀྱི་གནད་དོན་འདིར་བོད་པས་གང་གཟབ་གཟབ་བྱེད་དགོས་གང་ཡིན་ཟེར་ན་རྒྱ་དཀར་ནག་གཉིས་ཀྱིས་བོད་པའི་ས་ཆ་རྩོད་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད།

    Reply
  10. འདྲེ་རིག་ལྡན། says:
    ལོ་ 17 སྔོན།

    ད་གང་ལྟར་གྱོང་དེ་ང་ཚཽའི་མགོར་འབབ་རྒྱུ་རེད།

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    མ་གཞི་ནས་བསྟན་འཛིན་བརྩོན་འགྲུས་ཀྱིས་བོད་དོན་གསལ་བོ་ཞིག་དང་འདོད་པ་ཁེངས་པ་ཞིག་བཤད་ཀྱི་མེད་པཱ།(བཤད་ཤེས་དང་མི་ཤེས་ངས་མི་ཤེས།)

    Reply
  12. lhakpa tsering says:
    ལོ་ 17 སྔོན།

    ཨ་རི་ཨ་མར་མ་འཛིན་གནམ་པ་འདྲ༎
    རྒྱ་དཀར་རྒྱ་ཆེན་ཡིན་ཡང་རྒྱ་ཆུང་འདྲ༎
    རྒྱ་ནག་དམར་པོའི་ནག་པོའི་སྲིད་ཁྲོད༎
    གངས་ཅན་པ་ཡི་འདོད་དོན་སྣང་བ་དཀའ༎

    Reply
  13. རྒྱང་རིང་ནས། says:
    ལོ་ 17 སྔོན།

    ལྟོས་ཨ་ཡང་རྒྱ་གར་བས་སྲིད་དོན་ཡག་ཐག་ཆད་ཞིག་འཁྲག་རྒྱུ་རེད་ ད་གང་ཞིག་ ང་ཚོ་བོད་དེ་རྒྱལ་ཁབ་མང་པོ་ཞིག་གི་་་་་སྤོ་ལོ་་་་་ནང་བཞིན་རེད་འདུག།

    Reply
  14. འདྲེ་རིག་ལྡན། says:
    ལོ་ 17 སྔོན།

    ཐེངས་འདིར་༧གོང་ས་མཆོག་དང་རང་གཞུང་ལ་་ངོ་མ་མཛའ་དཀའ་ཆེན་པོ་བྱུང་ཡོད་རྒྱུ་རེད། ཕར་བལྟས་ན་རྒྱ་གར་གཞུང་གིས་༧གོང་ས་མཆོག་ལ་ས་དེར་ཕེབས་པར་རེ་སྐུལ་ཞུས་ཡོད་པ་འདྲ། དེ་འདྲ་མིན་ན་ང་ཚོ་དེར་སོང་ནས་ཅི་བྱེད། ད་་རྒྱ་གར་གྱིས་ཀྱང་བོད་རྒྱ་འོག་ཏུ་བཅུག་པས་མི་ཆོག་ འདི་འདྲར་བེད་སྤྱོད་ཀྱང་གཏོང་གི་ཡོད་པ་འདྲ། ཤུའུ་འུའུའ་ུའ་་་་ ད་ཅི་བྱེད་འདི་བྱེད་མི་ཤེས་པའི་ཚོད་ལ་ཐོན་འདུག

    Reply
  15. རྟ་རྫི་གདོང་ནག says:
    ལོ་ 17 སྔོན།

    རྒྱ་གར་བས་བོད་འདི་རྒྱ་མིའི་ཆ་ཤས་ཡིན་པར་ཁས་ལན་རྒྱལ་སྤྱིར་བསྒྲགས་ཏེ། བོད་དོན་ཐོག་གི་ལངས་ཕྱོགས་གསལ་པོ་བྱས་ཡོད་པས། ང་ཚོར་རང་རེའི་རྩ་དོན་ཐོག་རེ་བ་བཅངས་ས་མེད། ཉེ་ཆར་རྒྱ་གར་སྲིད་བློན་མཆོག་གིས་རྒྱ་གར་ནང་བོད་པ་ཚོར་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མི་འཇུག་རྒྱུའི་ཁས་ལན་བྱས་མ་ཐག་ཡིན་ལ། འདིའི་ཐོག་ནས་རྒྱ་གར་བ་རྒྱ་མའི་སྔོན་ནས་མགོ་དགྱེས་མི་ཐུབ་པ་གསལ་པོ་རེད་ལ། བོད་དོན་འདི་རྒྱ་གར་བས་བེད་སྤྱོད་ཡག་པོ་གཏོང་བའི་བློ་ཁོག་མེད། ཕྱོགས་གཞན་ཞིག་ནས་ྋགོང་ས་མཆོག་གི་ངོས་ནས་ཨ་རི་ན་ཅར་ཕེབས་དོན་ནི་ཆོས་ཕྱོགས་མཛད་འཕྲིན་ཡིན་དང༌། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་མཚམས་ཐིག་སྟེ་སུ་ལ་དབང་མིན་གྱི་ལག་སྔ་རྩོད་ནས་རྒྱལ་སྤྱིར་གསལ་བོ་བཟོ་འདོད་རེད། དེ་འདྲ་ཞིག་མ་རེད་དམ།

    Reply
  16. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དེ་དགོང་གི་བགྲོ་གླེང་ནང་གི་བོད་ཕྱོགས་ཀྱི་མི་གཅིག་ནི་བསྟན་འཛིན་བརྩོན་འགྲུས་རེད། བགྲོ་གླེང་འདི་ཐད་གཏོང་རེད་མི་འདུག ཕྱི་ཚེས་ ༢ ཉིན་བརྙན་ལེན་བྱས་འདུག བསྟན་འཛིན་བརྩོན་འགྲུས་ཀྱིས་དཀའ་ལས་ཁག་རབ་ཅིག་བཤད་འདུག

    Reply
  17. ཨ་ལ་ལ says:
    ལོ་ 17 སྔོན།

    ཐེངས་འདིའི་རྩོད་གླེང་ལ་བོད་པ་ཞུགས་དགོས་དོན་ཅི་ཡང་མེད། དེ་ནི་རྒྱ་དཀར་ནག་གཉིས་ཀའི་ལས་ཀ་ཞིག་རེད། ཨ་རི་ལ་ལྟ་རྒྱུ་མེད་ལ་རེ་བའང་རྒྱག་རྒྱུ་མེད། ཨ་རིའི་ཆབ་སྲིད་ལངས་ཕྱོགས་ནི་གྱང་ཁའི་རྩྭ་ལྟ་བུ་རེད། རླུང་གར་གཡུག་གི་དབང་དུ་འགྲོ་གི་རེད། གཞན་རྒྱ་གར་ལའང་རེ་བ་རྒྱག་མི་རུང་ལ་རོགས་པའང་བྱེད་དགོས་དོན་མེད། བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་ཧམ་བཤད་བྱས་ཡོད་པས་དེ་ལས་ལྷག་ཅིག་བོད་ལ་ཅི་བྱེད་དགོས་སམ། ཆེ་ཆུང་ལ་མ་ལྟོས་པར་བོད་ས་ཧམ་ཟོས་བྱས་པ་ལ་རྒྱ་དཀར་ནག་གཉིས་ལ་ཁྱད་ཅི་ཡང་མེད།

    Reply
  18. ཉིམ་རྒྱལ། says:
    ལོ་ 17 སྔོན།

    ན་ནིང་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐབས་ལྡི་ལི་གསར་པའི་བརྙན་འཕྲིན་བརྒྱུད་ལམ་ནང་རྒྱ་བོད་གཉིས་ཀྱི་དཀའ་རྙོག་ཐོག་བགྲོ་གླེང་ངརམ་ཞིག་འཚོགས་སོང་། སྐབས་དེར་རྒྱ་མི་གཟར་འགོད་པ་དེས་བསྟན་འཛིན་བརྩོན་འགྲུས་ལགས་ཁག་པོ་བཟོས་པ་མ་ཟད་ང་ཚོ་ལྟད་མོ་ལྟ་མཁན་ཚོ་ཡང་སེམས་གྲང་ཆིལ་ཆིལ་བཟོས་སོང་། བསྟན་འཛིན་བརྩོན་འགྲུས་ལགས་གཞུང་གིས་དམིགས་གསལ་སྦྱོང་བརྡར་སྤྲད་མེད་པར་སོང་ཤིང་ནགས་ཀྱི་མེ་ཏོག་དང་འདྲ་ཞིང་། རྒྱ་མི་གསར་འགོད་པ་དེ་རྒྱ་གཞུང་གིས་སྦྱོང་བརྡར་སྤྲད་ཡོད་ཙང་ལྡུམ་རྭའི་ནང་གི་མེ་ཏོག་དང་འདྲ། ང་ཚོར་ཡང་ལྡུམ་རྭའི་ནང་གི་མེ་ཏོག་མང་ཙམ་ཡོད་ན་ཡག་པོ་མེད་འགྲོ།

    Reply
  19. འདྲེ་རིག་ལྡན། says:
    ལོ་ 17 སྔོན།

    ༧གོང་ས་མཆོག་རྟ་དབང་ལ་ཕེབས་པ་འདིས་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་ལ་གཏོར་བཅོམ་གཏོང་གི་ཡོད་པ་ཙམ་དུ་མ་ཟད། རྟ་དབང་རྒྱ་ཁོངས་ཡིན་ཤག་གིས་ཡོད་པའི་རྒྱ་མི་རིགས་ཀྱི་སེམས་ཁམས་སུ་དམར་ཕྱོགས་ཚོགས་པའི་གསར་བཞེངས་བྱས་པའི་༧གོང་ས་མཆོག་གི་གཟུགས་བརྙན་དེ་སྔར་བས་ཇེ་རྩོག་ལ་འགྲོ་རྒྱུ་རེད། དེ་བས། བོད་རང་གི་ཕྱོགས་ནས་བཤད་ན་མ་ཕེབས་ན་བཟང་།

    ཨ་རིས་ཐེངས་འདིའི་ཆིབས་སྒྱུར་ལ་རྒྱབ་སྐྱོར་བྱེད་ངེས་ཅན་རེད། དེ་ལྟར་བྱུང་ན་རྒྱ་དཀར་ནག་གཉིས་བར་གྱི་གྲང་དམག་གི་ངར་ཤུགས་ཚ་རུ་འགྲོ་ངེས་པ་དང་། གྲང་དམག་གི་གོ་སྐབས་འདི་བརྒྱུད་ནས་མཚོན་ཆ་མང་པོ་ཞིག་བཙོང་ཐུབ་རྒྱུ་རེད།

    ད་རྒྱ་གར་གཞུང་གིས་རྟག་ཏུ་གཞན་ལ་རེ་ནས་རང་ཉིད་སྲུང་སྐྱོབ་བྱེད་རྒྱུ་མ་ཡིན་པར། ་མོན་རྟ་དབང་གི་བདག་དབང་དང་དེ་མཚུངས་ཀྱི་ས་མཚམས་རྙོག་དྲའི་ཐད་ལ་རང་དོན་རང་གཅེས་ཀྱིས་མདུན་དུ་ལངས་རན་རེད། ༧གོང་ས་མཆོག་ས་དེར་ཕེབས་པ་ཙམ་གྱིས་རྒྱ་ནག་གི་ཁ་འགོག་ཐུབ་ཀི་མ་རེད།

    Reply
  20. བློ་བཟང་འོད་ཡུག་པ། says:
    ལོ་ 17 སྔོན།

    གལ་སྲིད་རྒྱ་གར་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་འགོ་རྟགས་ཞུས་ན་ཉིན་ཤེས་རྗེས་ནས་རྒྱ་མིས་ལ་དགས་སུ་བཙམ་འཛུལ་མུ་མཐུད་བྱེད་ངེས་རེད།་དེ་བས་ད་རེས་རྒྱ་གར་བས་ཡིན་གཅིག་མིན་གཅིག་གིས་༸གོང་ས་མཆོག་རྟ་དབང་དུ་ཆིབས་བསྒྱུར་མཛད་འཕྲིན་ལེགས་གྲུབ་ཡོང་བ་བྱས་ན་རྒྱ་གར་གཞུང་ལ་ཁེ་ཕན་ཆེན་པོ་ཡོད་ཡོད་པ་རེད།་་་དེའི་ཕྱིར་མོན་པ་གཞུང་ནས་ཤུགས་རྒྱབ་དགོས་རེད།

    Reply
  21. ཀླུ། says:
    ལོ་ 17 སྔོན།

    གོང་ས་མཆོག་མོན་ལ་ཕེབས་དུ་མ་བཅུག་པའི་དབང་དུ་བཏང་ན་དེ་ནི་རྒྱ་གར་གིས་གོང་ས་མཆོག་གི་གཙོས་བོད་མི་ཚོ་མི་ལོ་ལྔ་བཅུའི་གནས་ཚང་གཡར་བ་སྟོང་བར་གྱུར་བ་རེད། མ་ཟད་ས་མཚམས་རྩོད་རྙོག་ཐད་ནས་རྒྱ་གར་ཕམ་པར་གྱུར་བ་རེད། བཙན་བྱོལ་བོད་གཞུང་རྒྱ་གར་ལ་གནས་སུ་བཅུག་པ་དང་གོང་ས་མཆོག་མོན་ལ་ཕེབས་སུ་བཅུག་པར་རྒྱ་གར་གཞུང་གིས་བྱེད་སྟངས་མ་ཤེས་བ་ག་རེ་ཡོད་ན་ཆབ་སྲིད་ནི་ཆབ་སྲིད་རང་རེད།

    Reply
  22. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ཨ་རིའི་སྲིད་དོན་སོས་ཁའི་གནམ་ལ་འགྲན།།
    རྒྱ་གར་བ་ནི་དབྱར་སྨད་རྩི་ཏོག་འདྲ།།
    རྒྱ་ནག་ཁོག་པ་སྟོན་རླུང་ངར་མར་མཚུངས།།
    གངས་རིའི་ལས་དབང་དགུན་གྱི་ས་གཞི་བཞིན།།

    Reply
  23. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ད་མི་ཤེས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འབྲེལ་ཡོད་དཔོན་རིགས་ཚོས་མཚམས་རེར་དགའ་སྤྱད་བཤད་བཞིན་པ་འདྲ་ནའང་ལན་རེར་སྡུག་སྤྱད་བཤད་བཞིན་པ་འདྲ། དཔྱིད་ཀའི་གནམ་ངོ་ལྟ་བའི་སྲིད་དོན་པ་ཚོར་ཡིད་ཆེས་རྒྱུ་མི་འདུག

    Reply
  24. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཨ་རིའི་གཞུང་གིས་༧གོང་ས་མཆོག་མོན་རྟ་དབང་ལ་ཕེབས་པ་དེར་འདོད་པ་ཡོད་ཟེར། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་Maria Otero ཡིས་དེ་རིང་ལྡི་ལི་ནས་གསར་འགོད་པ་ཚོར་བཤད་དོན། ཏཱ་ལའི་བླ་མ་ནི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་སྟབས་ཁོང་ཉིད་ངོ་བོ་འདིའི་ཐོག་ནས་གང་དུ་ཕེབས་ནའང་རང་དབང་རེད་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese