མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མས་ཉིན་དང་པོར་བོད་དོན་གླེང་མི་འདུག

བོད་ཀྱི་དུས་བབ།
༢༠༠༩/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་སྲིད་འཛིན་ཨོ་བྷ་མ་མཆོག་གིས་སྔོན་ཆད་ཁོང་སྲིད་འཛིན་ལ་ལངས་དུས་ཀྱི་གྲགས་ཆེ་བའི་ཚོགས་འདུ་སྐོང་ལུགས་ལྟར། ཧྲང་ཧེ་རུ་རྒྱ་ནག་གི་མ་འོངས་པའི་དབུ་ཁྲིད་དག་དང་མཉམ་དུ་གྲོང་བརྡལ་ཚོགས་ཁང་གི་ཚོགས་འདུ་ལྟ་བུའི་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།

ཚོགས་འདུ་མ་འཚོགས་པའི་སྔོན་ལ་ཁོང་ཧྲང་ཧེ་ཡི་གྲོང་ཁྱེར་སྤྱི་ཁྱབ་པ་ཡུ་ཀྲེན་ཧྲིན་དང་དམར་ཤོག་ཚོགས་པའི་དྲུང་ཆེ་མཉམ་དུ་ཐུག་འཕྲད་བྱས་ཡོད།  དེ་རིང་ཉིང་གུང་རྒྱབ་ལ་ཁོང་པེ་ཅིན་དུ་ཕེབས་རྒྱུ་ཡིན་པ་དང་། དེར་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ཐུག་འཕྲད་བྱ་རྒྱུ་ཡིན་ལ། སྐབས་འདིར་བརྗོད་གཞི་གཙོ་བོ་ནི་ཚོང་དོན་ཡིན་པར་ཚོད་དཔག་བྱེད་ཀྱིན་ཡོད་པ་རེད། ཁོང་གཉིས་ཀྱི་གྲོས་མོལ་མཇུག་སྒྲིལ་རྗེས་སྲིད་འཛིན་གཉིས་ཀྱིས་མཉམ་འབྲེལ་གསར་འགོད་གསལ་བསྒྲགས་སྐྱོང་རྒྱུ་རེད། པེ་ཅིན་དུ་སྲིད་འཛིན་ཨོ་བྷ་མ་ཞོར་དུ་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟིགས་སྐོར་གནང་རྒྱུ་རེད།

ཧྲང་ཧེ་རུ་གསུང་བཤད་གནང་སྐབས་ཁོང་གིས། ཝ་ཤིན་ཊོན་གྱིས་པེ་ཅིན་གྱི་ཡར་རྒྱས་ལ་འགོག་རྐྱེན་བཟོ་གིན་མེད། དེ་ལས་ལྡོག་སྟེ་ང་ཚོས་རྒྱ་ནག་འདི་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཁྲོད་སྟོབས་ཆེན་དང་ཕྱུག་པོ། གྲུབ་འབྲས་ལྡན་པའི་ཚོགས་མི་ཞིག་སྟེ། སྟོབས་ཤུགས་མ་ནོར་བ་ཞིག་དང་མི་སྒེར་གྱི་གསར་གཏོད་ལ་བསམ་བློ་གཏོང་ཐུབ་མཁན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་བར་དགའ་བསུ་ཞུ་བཞིན་ཡོད་ཅེས་དང་། ང་ཚོས་རྒྱལ་ཁབ་གཞན་ཞིག་གི་སྟེང་ལ་སྲིད་གཞུང་གཞན་ཞིག་གི་ལམ་ལུགས་དེ་འགེལ་རྒྱུའི་ཐབས་ལམ་འཚོལ་གྱིན་མེད། དེ་བཞིན་དུ་ང་ཚོས་རང་གི་ལངས་ཕྱོགས་སུ་བཟུང་བའི་རྩ་དོན་དེ་ནི་ང་ཚོའི་རྒྱལ་ཁབ་ལ་ཐུན་མོང་མ་ཡིན་པ་ཞིག་ཡིན་པའི་ཡིད་ཆེས་ཀྱང་བྱེད་ཀྱིན་མེད། ང་ཚོས་སྨྲ་བརྗོད་རང་དབང་དང་དད་འདུན། གནས་ཚུལ་གྱི་འགྲོ་རྒྱུགས། སྲིད་དོན་ལ་མཉམ་ཞུགས་ལ་སོགས་པ་ནི་ཡོངས་ཁྱབ་ཀྱི་རིན་ཐང་ཞིག་ལ་ལྟ་གིན་ཡོད། འདི་དག་ནི་མི་ཚང་མར་འདྲ་མཉམ་གྱིས་ཐོབ་དགོས་ཤིང་། འདིའི་ནང་དུ་གྲངས་ཉུང་མི་རིགས་དང་ཆོས་བརྒྱུད་ཀྱི་གྲངས་ཉུང་མི་རིགས་སོགས་ཨ་རི་དང་རྒྱ་ནག་གིས་གཙོས་པའི་རྒྱལ་ཁབ་གང་དུ་ཡོད་ཚད་ལ་ཁྱབ་མཉམ་ཡིན་དགོས་པ་རེད་ཅེས་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་ཨེ་ཤ་ཡའི་ཞིབ་འཇུག་པ་ ནེ་ཁོ་ལ་སུ་བྷེ་ཁོ་ལིན་ གྱིས་བཤད་དོན། ཨོ་བྷ་མས་གོ་སྐབས་ཤིག་ཤོར་བ་རེད། ཁོང་གིས་གནད་དོན་འདི་རྒྱལ་སྤྱིའི་ཁྲིམས་ཀྱི་ཚད་གཞིའི་གནད་དོན་ཡིན་པར་མ་གླེང་སྲིད་དོན་རིག་གཞུང་གི་སྒྲོམ་གཞིའི་གནད་དོན་ཅིག་ཡིན་པར་བཤད་སོང་། གལ་ཆེ་ཤོས་ནི་རྒྱ་ནག་གཞུང་ལ་ཚད་ངེས་ཅན་གྱི་གནོན་ཤུགས་སྤྲད་དེ་ཁོང་ཚོའི་འགོག་སྡོམ་བྱེད་སྟངས་དག་ལ་ཚོད་འཛིན་བྱེད་དགོས་པ་རེད། ཁྱོད་ཀྱིས་ཁ་ཐུག་ལ་དེ་ཤུགས་ངེས་ཅན་ཞིག་གི་ཐོག་ནས་བཤད་མ་ཐུབ་ཚེ་དེ་འགྲུབ་གི་མ་རེད། ཚོགས་འདུ་འདིའི་སྟེང་ལ་དེ་བྱུང་མ་སོང་། གང་སྒྲུབ་དགོས་པ་ནི་རྒྱབ་ཁབ་འདིའི་ནང་དུ་ག་རེ་འབྱུང་བཞིན་པ་དེ་དག་ནང་དུ་ཚུད་པར་བྱས་ནས་གླེང་དགོས་པ་རེད་ཅེས་བཤད་འདུག

རྒྱ་ནག་གི་དྲ་དམངས་དག་གིས་ཉིན་འདིར་གདམ་གསེས་ཀྱིས་ཨོ་བྷ་མའི་ཚོགས་འདུ་ལ་ཞུགས་མཁན་རྣམས་ལ། ཁོང་རྗེས་མ་ཕྱིར་ལོག་ན་ཏཱ་ལའི་བླ་མར་མཇལ་འཕྲད་གནང་མི་ཆོག་པའི་སྐོར་གླེང་དགོས་ཚུལ་བརྒྱུད་བསྐུལ་བྱས་ཡོད་འདུག དེ་བཞིན་རྒྱ་ནག་གི་ཟིན་བྲིས་པ་དག་གི་ནང་དུ། ཨོ་བྷ་མ་མཆོག་གིས་ཁོང་ནི་གནས་ཚུལ་གུ་ཡངས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པར་བཤད་པ་ཙམ་མ་གཏོགས། ཐེངས་འདིའི་ཚོགས་འདུ་ལ་དོན་སྙིང་ཅི་ཡང་མི་འདུག་ཚུལ་བཤད་མཁན་ཡང་འདུག

གཟའ་ཉི་མའི་ཉིན་སྲིད་འཛིན་ཨོ་བྷ་མ་མཆོག་ཆར་བ་ཟམ་ཟིམ་ཞིག་གི་ཁྲོད་ཧྲང་ཧེ་རུ་བབ་ཡོད་འདུག ཁོང་རྒྱ་ནག་ལ་མ་འབྱོར་བའི་སྔོན་ལ་རྒྱ་ནག་གཞུང་གིས་སྲིད་འཛིན་ཨོ་བྷ་མ་ནི་མི་རིགས་ནག་པོ་ཡིན་པ་དང་། ཁོང་ནི་ ཨབ་ར་ཧམ་ ལིན་ཁོན་མཆོག་ལ་མོས་གུས་ཅན་ཞིག་ཡིན་སྟབས། རྒྱ་ནག་གིས་བོད་འདི་བྲན་གཡོག་ལམ་ལུགས་ལས་བཅིངས་འགྲོལ་བཏང་བ་འདིར་དགའ་མོས་བྱེད་དགོས་པ་ཞིག་རེད་ཅེས་བཤད་ཡོད་པ་རེད།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀང་གིས་གསར་འགོད་འདུ་འཛོམས་ཤིག་གི་སྟེང་བཤད་དོན། ཁོང་ནི་མི་རིགས་ནག་པོའི་རིགས་རྒྱུད་ཀྱི་སྲིད་འཛིན་ཅིག་རེད། ཁོང་གིས་བྲན་གཡོག་ལམ་ལུགས་རྩ་གཏོར་གྱི་ལས་འགུལ་དང་ལས་འགུལ་འདིའི་ནང་ལིན་ཁོན་མཆོག་གིས་གལ་གནད་ཀྱི་ནུས་པ་ག་ཚོད་ཅིག་བཏོན་ཡོད་པ་བསམ་ཤེས་ཐུབ་གི་རེད། དེར་བརྟེན། ང་ཚོའི་རེ་བ་ཡིན་ན་སྲིད་འཛིན་ཨོ་བྷ་མ་མཆོག་གིས་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་རྣམས་དང་མཚུངས་པར། རྒྱ་ནག་གི་རྒྱལ་ཁབ་བདག་དབང་གི་སྲུང་སྐྱོབ་དང་ས་ཁོངས་གཅིག་གྱུར་གྱི་ལངས་ཕྱོགས་འདི་ལ་གོ་རྟོགས་གཏིང་ཟབ་མོ་ཞིག་ལོན་ཡོད་པ་རེད་འདོད།

བོད་དོན་རྒྱབ་སྐྱོར་བ་དང་། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལས་འགུལ་བ་དག་གིས་འབོད་སྐུལ་ཅི་ཙམ་ཞུས་པར་མ་ལྟོས་པར། སྲིད་དོན་དཔྱད་བརྗོད་མང་པོ་ཞིག་གིས་ཐེངས་འདིར་ཨོ་བྷ་མ་མཆོག་གིས་བོད་ཀྱི་གནད་དོན་དང་ཞིན་ཅང་། དེ་བཞིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། སྨྲ་བརྗོད་རང་དབང་སོགས་ཀྱི་ཐད་སྔར་གྱི་སྲིད་འཛིན་དག་དང་བསྡུར་ན་ཞེ་དྲག་ཅིག་གླེང་རྒྱུ་མིན་པའི་ཚོད་དཔག་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༢༡ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 15

  1. བདེ་མཚོ། says:
    ལོ་ 17 སྔོན།

    ཨ་རིའི་སྲིད་འཛིན་ཨོ་བྷ་མ་ནས་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་སོགས་གླེང་སློང་བྱས་ན་རྒྱ་ནག་ཁོ་རང་ལ་མི་དགའ་བའི་རྒྱུ་ལས་ཕན་ཐོགས་ག་རེ་ཡོད། འགྲོ་བ་མིའི་ཐོབ་ཐང་སོགས་བཤད་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད། ནོལ་བྷེ་ཞི་བདེ་གཟེངས་རྟགས་འབུལ་རྒྱུ་ཁས་ལེན་དང་ཁྱབ་བསྒྲགས་བྱས་ཟིན་པ་རེད། ཁོ་གླེན་པ་དེ་འདྲ་མ་རེད་ཞི་བདེའི་གཟེངས་རྟགས་གཅིག་ལ་གཉིས་ཐོབ་རྒྱུ་མེད་པ་ཁོས་ཤེས་ཀྱི་ཡོད་པ་རེད། ཨོ་བྷ་མ་ལ་རེ་བ་གང་ཡང་མི་འདུག། དེ་བས་རང་བཙན་གཙང་མ་རྩོད་དེ་མི་རབས་ནས་མི་རབས་བར་སོ་སོས་འཐབ་རྩོད་བྱས་ན་ཡག་ཤོས་རེད།

    Reply
  2. སྨར་དྷི་ཟེར། says:
    ལོ་ 17 སྔོན།

    བོད་དོན་ནི་བོད་རང་གི་སྒྲུབ་རྒྱུ་ཡིན་བཞིན་དུ་ཨོ་བྷ་མ་རྒྱ་ནག་ལ་འཚམས་
    གཟིགས་ཕེབས་པ་ལ་རེ་བཅོལ་ཞུས་པ་དེ་བུ་གླེན་པའི་བྱེད་སྟངས་རང་རེད།

    Reply
  3. tashi dhundhp says:
    ལོ་ 17 སྔོན།

    Tashi delek.

    Reply
  4. རྒྱང་རིང་ནས། says:
    ལོ་ 17 སྔོན།

    ཨོ་བྷ་མ་ལ་རེ་བ་མི་འདུག ད་རེ་བ་གཅིག་ཡོད་པ་ནི་རང་གིས་འཐབ་རྩོད་ལ་རྒྱུན་སྐྱོང་བྱེད་རྒྱུ་དེ་རེད།

    Reply
  5. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    སྤྱིར་བོད་དོན་འདི་བོད་ལ་མཚོན་ན་གནད་དོན་དེ་ལས་ཆེ་མེད་པ་ཞིག་ཡིན་སྨོས་ཅི་དགོས། འོན་ཀྱང་འཛམ་གླིང་གི་ཐོག་ལ་དེང་སང་གནས་བཞིན་པའི་གནད་དོན་ཁ་ཤས་དང་བསྡུར་ན་སྡུག་ཤོས་དེ་ཆགས་མེད། དཔེར་ན་བྱང་ཀོ་རེ་ཡ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོས་ཏན་ལ་སོགས་པའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ནི་བོད་ལས་ཀྱང་སྡུག་ཤོས་ཡིན། ༡༩༦༠ ལོའི་བོད་ཀྱི་གནད་དོན་དེ་ཧ་ཅིང་ཚབ་ཆེན་ཞིག་ཡིན་མོད། ད་ལྟ་དེ་འདས་ཟིན་ནས་དངོས་དེ་ལྟ་བུའི་མི་གསོད་ཁྲག་སྦྱོར་འབྱུང་བཞིན་པ་མི་ཕྱིར་དེ་ལ་དོར་སྣང་ཤུགས་ཆེན་མེད་པ་འདྲ། དེས་ན་ཨོ་བྷ་མ་ལ་མཚོན་ན་རྒྱལ་ཁབ་གཞན་དང་གཞན་ལ་འགྲོ་སྐབས་ཕྱིར་འཛམ་གླིང་གི་ཐོག་གི་གནད་དོན་སྡུག་ཤོས་དང་སྐྱོ་ཤོས་ཀྱི་རིགས་རྣམས་དང་པོ་གླེང་སྲིད་པ་རེད། དེ་མིན་མི་རང་རང་སོ་སོའི་འདོད་བློ་དང་མཐུན་པའི་དགེར་དོན་མང་པོ་ལབ་གླེང་དཀའ།
    ཕྱིར་འཛམ་གླིང་འདིའི་ཐོག་གི་མི་རིགས་གྲངས་མང་ཉུང་སུ་ལ་མཚོན་ན་རང་རང་སོ་སོའི་རྒྱལ་ཁབ་དང་གཞུང་འཛུགས་དགོས་མ་མཏོགས་གཞན་སུས་ཀྱང་སྐྱོར་གཉོར་བྱེད་མི་སྲིད།

    Reply
  6. ཨ་རུ་ར། says:
    ལོ་ 17 སྔོན།

    ཨ་རིའི་སྲིད་འཛིན་ཨོ་བྷ་མ་ནས་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་སོགས་གླེང་སློང་བྱས་ན་རྒྱ་ནག་ཁོ་རང་ལ་མི་དགའ་བའི་རྒྱུ་ལས་ཕན་ཐོགས་ག་རེ་ཡོད། འགྲོ་བ་མིའི་ཐོབ་ཐང་སོགས་བཤད་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད། ནོལ་བྷེ་ཞི་བདེ་གཟེངས་རྟགས་འབུལ་རྒྱུ་ཁས་ལེན་དང་ཁྱབ་བསྒྲགས་བྱས་ཟིན་པ་རེད། ཁོ་གླེན་པ་དེ་འདྲ་མ་རེད་ཞི་བདེའི་གཟེངས་རྟགས་གཅིག་ལ་གཉིས་ཐོབ་རྒྱུ་མེད་པ་ཁོས་ཤེས་ཀྱི་ཡོད་པ་རེད།

    Reply
  7. འཁྱམས་པོ། says:
    ལོ་ 17 སྔོན།

    ད་ཐེངས་ཡང་རྒྱ་གཞུང་གིས་སྔོན་ལ་བོད་བཅིངས་བགྲོལ་ཞེས་སྐྱག་རྫུན་ཞིག་གིས་ཨོ་བྷ་མའི་ཁ་ནང་ལ་ཅིག་གཞུས་ནས། རླིག་རུལ་གཉིས་ནས་བཟུང་དེ་་བཙིར་ཡག་བྱས་འདུག་ག
    ད་ཨ་རི་བ་ནག་རིལ་དེ་ཚར་འདུག ཁོའི་སྲིད་གཞུང་སྐྱོང་སྟངས་ལ་ ཁོ་རང་གི་རྒྱལ་ཁབ་ཨ་རིའི་ནང་ནའང་མི་མང་བརྒྱ་ཆ་60ནས་70བར་རེ་བ་དང་སེམས་ཤུགས་ཆཊ་བསྡད་ཡོདཔ་རེད།

    Reply
  8. འཁྱམས་པོ། says:
    ལོ་ 17 སྔོན།

    ད་ཐེངས་ཡང་རྒྱ་གཞུང་གིས་སྔོན་ལ་བོད་བཅིངས་བགྲོལ་ཞེས་སྐྱག་རྫུན་ཞིག་གིས་ཨོ་བྷ་མའི་ཁ་ནང་ལ་ཅིག་གཞུས་ནས། རླིག་རུལ་གཉིས་ནས་བཟུང་དེ་་བཙིར་ཡག་བྱས་འདུག་ག
    ད་ཨ་རི་བ་ནག་རིལ་དེ་ཚར་འདུག ཁོའི་སྲིད་གཞུང་སྐྱོང་སྟངས་ལ་ ཁོ་རང་གི་རྒྱལ་ཁབ་ཨ་རིའི་ནང་ནའང་མི་མང་བརྒྱ་ཆ་60ནས་70བར་རེ་བ་དང་སེམས་ཤུགས་ཆཊ་བསྡད་ཡོདཔ་རེད།

    Reply
  9. chokri nyima says:
    ལོ་ 17 སྔོན།

    ཤེས་ལྡན་ཕ་སྣ་མཆོག་ལགས།

    ཚོང་དཔོན་ཆེན་པོ་གཉིས་ཀྱིས་བར་ན་གཡོག་པོའི་ར་མ་ཞིག་གི་འགལ་ཟླ་དང་གཅིག་གིས་གཅིག་ལ་ཚིག་ངན་གསུངས་མི་སྲིད།

    Reply
  10. Bugig says:
    ལོ་ 17 སྔོན།

    དྲ་གྲོགས་ཐུབ་བསྟན་ལགས། དེ་འདྲ་མ་གསུངས་ན་ཡག་གི་རེད། ཁྱེད་ས་འདིར་བོད་མི་མང་ལ་ཞབས་འདེགས་རེ་བྱེད་རྩིས་ཡོད་དང་། ཡང་ན་ན་ཚ་རེ་བཟོ་རྩིས་ཡོད། དོན་ངོ་མའི་ཐོག་ནས་བཤད་ན་དཀྲུག་ཤིང་རྒྱག་མཁན་དེ་ཁྱེད་རང་ཡིན་པ་བསམ་མནོ་ཡོད་མཁན་ཞིག་ཡིན་ཕྱིན་ཟུར་བལྟས་ལེབ་མཐོང་རེད་མི་འདུག་ག།

    Reply
  11. nyiser says:
    ལོ་ 17 སྔོན།

    ཨོ་བྷ་མས་རང་ཉིད་ཀྱི་རྒྱལ་ཁབ་ཆེད་འགྲོ་བ་མིའི་འཐབ་རྩོད་ལ་རེ་བའི་ལག་རྡང་ཞིག་སྲིང་རྒྱུ་ནི་ངེད་ཅག་གི་རེ་འདུན་ལ་ཕུ་བཏབ་པ་ཞིག་དངའདྲ་བ་ཡིན་པས་
    སྔོན་གྱི་ཨ་རིའི་སྲིད་འཛིན་ཨབ་ར་ཧམ་དང་བསྡུར་ཐབས་བྲལ།

    Reply
  12. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    གོང་གི་སྐད་ཆ་འདི་ཞི་བདེའི་གཟེངས་རྟགས་འབུལ་གཏན་འཁེལ་བའི་མི་སྣ་ཞིག་གིས་འཆད་རྒྱུ་ཞིག་མ་རེད།

    ངས་ཁྱོད་ལ་ཞི་བདེའི་གཟེངས་རྟགས་འབུལ་གཏན་འཁེལ་བའི་གསལ་བསྒྲགས་ཐོན་པ་དང་བསྟོད་དབྱངས་ལེན་མྱོང་། བསྟོད་འོས་པ་ཞིག་བྱེད་རོགས།

    གོང་གི་སྐད་ཆ་དེས་དམར་ཤོག་གི་ཞགས་ཐག་དམ་པོས་མི་འབོར་དུང་ཕྱུར་བཅུ་ཕྲག་ཅིག་ལྷག་གི་རྐང་ལག་བསྡམ་དཀྱིག་བྱས་བཞག་པ་དེ་དག་མ་དཀྲོལ་ཡང་འགྲིག་གི་ཡོད་ཟེར་གྱིན་ཡོད་པ་རེད།
    སྐད་འདི་ངའི་སེམས་ལ་འཐད་པ་ཞིག་གཏན་ནས་མ་བྱུང་།

    Reply
  13. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    ང་ཚོས་རྒྱལ་ཁབ་གཞན་ཞིག་གི་སྟེང་ལ་སྲིད་གཞུང་གཞན་ཞིག་གི་ལམ་ལུགས་དེ་འགེལ་རྒྱུའི་ཐབས་ལམ་འཚོལ་གྱིན་མེད།

    དོན་དག་རྡོག་རྡོག་དེ་དམར་ཤོག་གི་གཞུང་འདིར་ངོ་རྒོལ་མེད་ཟེར་གྱི་ཡོད་པ་རེད།
    དཔལ་འབྱོར་གྱི་ལམ་སྲོལ་མ་རྩ་རིང་ལུགས་སུ་འགྱུར་བའི་བརྒྱུད་རིམ་གྱི་ཁྲོད་ནས་དམར་ཤོག་གི་གཞུང་མགོ་རྟིང་ལོག་རྒྱུའི་རེ་བ་དང་སྤོབས་པ་དེ་ཆུང་དུ་ཕྱིན་ཡོད་པ་འདྲ།   

    ཨོ་བྷ་མ་ལགས།
    ཁྱོད་ཨ་རི་སྟོབས་ཆེན་གྱི་རྒྱལ་ཁབ། མང་གཙོ་དང་རང་དབང་གི་དེད་དཔོན་ཡིན་ཟེར་ནས་གོ་ལའི་ཐོག་འུར་རྒྱག་མཁན་གྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་འུ་ཐུག་དང་སྐྱོ་མདོག་གི་སྐད་ཆ་འདི་འདྲ་ཞིག་སེམས་ནས་བསམས་ཀྱང་ཁ་ནས་ཤོད་རྒྱུར་འཚེར་སྣང་ཞིག་ཡོད་པ་བྱེད་རོགས།
    དམར་ཤོག་གི་ལམ་སྲོལ་འདི་རྒྱ་མི་དུང་ཕྱུར་བཅུ་གསུམ་ལྷག་ཅིག་དང་ངེད་ཚོ་མཐོ་སྒང་གི་བོད་པ་རྣམས་ལ་མི་འཚམ་པའི་ཐོག་འཛམ་གླིང་སྤྱི་ཡོངས་ཀྱི་ཁེ་ཕན་དང་ཡང་འཚམ་གྱི་མི་འདུག

    Reply
  14. བློ་གྲོས་རྒྱལ་པོ། says:
    ལོ་ 17 སྔོན།

    ཨོ་བྷ་མ་ནི་ཚོང་པ་ཞིག་གོ་ངོ་བོའི་ཐོག་ནས་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ལ་འཚམས་འདྲི་གཟིགས་སྐོར་ཅིག་མ་གཏོགས། འཛམ་གླིང་གི་དབུ་འཁྲིད་པའི་སྟོབས་ཆེན་རྒྱལ་ཁབ་ཨ་རིའི་སྲིད་འཛིན་ཞིག་གམ་ནོལ་བྷེ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཞིག་གི་ལས་འགན་གྱི་འགན་ཟུར་ཙམ་ཡང་འཁྱེར་གྱི་མེད་པ་ནི་མི་ནག་འདི་ལ་རེ་བ་རྒྱག་ས་མེད་པའི་རང་སྤུས་བསྟན་པ་ཞིག་ཡིན་པར་འདོད།

    Reply
  15. ནོར་བུ་གླིང་ཁ། says:
    ལོ་ 17 སྔོན།

    ཨོ་བྷ་མ་ལ་རེ་བ་གང་ཡང་མི་འདུག། དེ་བས་རང་བཙན་གཙང་མ་རྩོད་དེ་མི་རབས་ནས་མི་རབས་བར་སོ་སོས་འཐབ་རྩོད་བྱས་ན་ཡག་ཤོས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese