མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཆི་གསོན་བར་གྱི་ལྐོག་འཛིང་།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཆའོ་ཧུང་།
ཚེ་རིང་རྒྱལ་གྱིས་སྒྱུར།

ཨོ་བྷ་མ་རྒྱ་ནག་ཧྲང་ཧེ་རུ་འཚམས་གཟིགས་ལ་མ་ཕེབས་པའི་ཡར་སྔོན་དུ། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་ཚོགས་འདུ་ཚོགས་སྐབས་སུ་རྒྱུན་ལས་ཤིག་གིས་ཐེངས་འདིར་ཅང་ཙེ་མིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཐུག་འཕྲད་ཀྱི་གོ་སྒྲིག་ཅིག་བྱས་ན་འོས་ལུགས་དང་།  གལ་སྲིད་དེ་ལྟར་སྒྲུབ་ཐུབ་པ་བྱུང་ན། ཨོ་བྷ་མ་ཙང་ཙེ་མིན་གྱི་མ་ཡུལ་སློབ་གྲྭ་སྟེ་འགྲིམ་འགྲུལ་སློབ་ཆེན་དུ་འཚམས་གཟིགས་གོ་སྒྲིག་བྱས་ཏེ། དེ་གར་ཅང་ཙེ་མིན་དང་ཨོ་བྷ་མ་གཉིས་རང་བཞིན་གྱིས་ཐུག་འཕྲད་ཆོག་པ་དང་། ཐུག་འཕྲད་ཀྱི་དུས་ཡུན་ཆུ་ཚོད་སྐར་མ་ ༡༥ ནས་ ༣༠ ཙམ་གྱིས་ཆོག་ལུགས་བརྗོད་ཡོད་འདུག
 ཡིན་ནའང་། ཚོགས་འདུའི་སྟེང་ཧུའུ་ཅིན་ཐའོ་གཙོས་རྒྱུན་ལས་གཞན་དག་གིས་རྣམ་འགྱུར་ཅི་ཡང་བསྟན་མི་འདུག ཅང་ཙེ་མིན་གྱིས་ཀྱང་གནས་ཚུལ་འདི་སྔར་ནས་ཚོད་བགམ་ཐུབ་ཡོད་པར་བརྟེན། དོན་དག་འདི་ཧུའུ་ཅིན་ཐའོ་བློ་མཐུན་གྱིས་གོ་སྒྲིག་གནང་རྒྱུ་ལས་ཁྱེད་ཅག་གིས་གླེང་མི་དགོས་ཞེས་བརྗོད་ཡོད་འདུག ཅང་ཙེ་མིན་གྱི་སྐད་ཆ་འདིས་གལ་སྲིད་ཧུའུ་ཅིན་ཐའོ་མོས་མཐུན་བྱུང་ན། ཁོ་རང་ཐེངས་འདིར་ཨོ་བྷ་མར་ཐུག་འཕྲད་བྱས་ཏེ་ཡང་བསྐྱར་རང་ཉིད་ཀྱི་དབང་ཤུགས་ཐེངས་གཅིག་ངོམ་སྟོན་བྱ་འདོད་ཡོད་པ་བསྟན་ཡོད་པ་རེད། ཡིན་ནའང་། གནད་འགག་གཙོ་བོ་དེ་ཧུའུ་ཅིན་ཐའོ་ཡིས་མགོ་མཇུག་བར་གསུམ་དུ་ཡ་ལན་ཅི་ཡང་སྤྲད་མེད་པ་རེད། མཇུག་མཐར་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་དང་ཨ་རིའི་ཕྱོགས་གཉིས་ནས་ཨོ་བྷ་མའི་འཚམས་གཟིགས་གོ་སྒྲིག་གྲོས་བསྡུར་གྱི་མཇུག་འབྲས་ལ། ཨ་རིའི་ཕྱོགས་ནས་ཨོ་བྷ་མའི་འཚམས་གཟིགས་ཆུ་ཚོད་ལ་ཚད་བཀག་ཡོད་པར་བརྟེན།  ན་གཞོན་སློབ་ཆེན་པ་དག་དང་ཐད་ཀར་གླེང་མོལ་བྱ་རྒྱུའི་འཆར་གཞི་དེ་གལ་ཆེན་དུ་མཐོང་སྟེ་ཅང་ཙེ་མིན་གྱི་ཐུག་ཕྲད་ཀྱི་རེ་བ་དེ་རྩིས་མེད་དུ་བཏང་ཡོད་འདུག
 དེའི་ཕྱིར་ཅང་ཙེ་མིན་ཧ་ཅང་བློ་ཕམ་ཡིད་སྐྱོ་བྱུང་ཡོད་པ་རེད། པའོ་ཞོན་གསར་འགོད་པ་ཆའོ་ཧུང་གིས་དེའི་ཐད་ཀྱི་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཅང་ཙེ་མིན་གྱི་སེམས་སྐྱོ་དོན་གཞན་ཞིག་ནི། ནད་མནར་གྱི་རྐྱེན་པས་མི་འགྱངས་པར་འཆི་ལམ་དུ་གྱར་ལ་ཉེ་བའི་ཉེན་བརྡ་ཕོག་ཡོད་པའི་ལི་ཕིན་རེད། ཉེ་ལམ་རྒྱ་ནག་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་མི་དམངས་ཀྱིས་ལྐོག་ཟ་རུལ་སུངས་མཁན་ལི་ཕིན་འཇིག་རྟེན་དཀར་ངོགས་དང་འབྲལ་རྒྱུར་དགའ་སྟོན་གྱི་གྲ་སྒྲིག་བྱས་ཏེ། སྔ་ས་ནས་མཚོན་ལྡན་ཤོག་སྦག་ཉོ་བཞིན་པའི་གནས་ཚུལ་སོགས་ཅང་ཙེ་མིན་གྱིས་གོ་ཐོས་བྱུང་བར་བརྟེན། “མི་འགྱངས་པར་མི་ཤི་ལ་ཉེ་འདུག ད་དུང་དགའ་སྟོན་བྱ་རྒྱུ་ཟེར། དེ་ནི་ཀྲུང་གོ་བའི་ཆེས་བླ་བརྡོལ་གྱི་བྱ་སྤྱོད་ཞིག་རེད།” ཅེས་སྡུག་སྐད་ཀྱང་འདོན་གྱིན་ཡོད་འདུག དེ་བཞིན། “ཁྭ་ཏ་ཤི་བར་ཕོ་རོག་སྐྱོ” ཞེས་པའི་དཔེ་ལྟར། ཅང་ཙེ་མེན་ལ་སྡུག་བསྔལ་གྱི་སེམས་ཚོར་སྐྱེས་བཞིན་ཡོད་པའི་སྐོར་ཁོའི་ཉེ་འཁྲིས་ཀྱི་མི་ཞིག་གིས་བརྗོད་ཡོད་འདུག
 གཞན་ཡང་། ད་སྐབས་ཅང་ཙེ་མིན་གྱི་ལུས་པོའི་གནས་སྟངས་ཀྱང་ཇེ་ཞན་ཇེ་སྡུག་དུ་འགྲོ་བཞིན་ཡོད་པ་དང་། ཧུའུ་ཅིན་ཐའོ་ཡིས་ཀྱང་བསམ་བཞིན་དུ་སྐབས་བཅོ་བརྒྱད་པའི་རྒྱ་ནག་ཆབ་སྲིད་མགོ་ཁྲིད་མི་སྣའི་གོ་སྒྲིག་ནར་འགྱངས་ཀྱིས་ཐག་གཅོད་གནང་གི་མེད་པ་རེད། དུས་ཚོད་ནར་འགྱངས་ནི་ཧུའུ་ཅིན་ཐའོ་ལ་མཚོན་ན་ཁེ་ཕན་ཞིག་ཏུ་གྱུར་ཡོད་འདུག  ཡིན་ནའང་། ཤོག་ཁག་རུ་སྒྲིག་གི་རྒྱབ་དཔུང་ཤུགས་ཆེན་མེད་པའི་ཧུའུ་ཅིན་ཐའོ་ཡང་ལོ་སྔོན་མ་ནས་བཟུང་ཁེར་རྐྱང་ནུས་མེད་ལྟ་བུར་འགྱུར་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༢ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 9

  1. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    ཁུངས་མེད་ཀྱི་རྩོམ་ཡིག་འདི་རང་སེམས་བཟི་བའི་སྨན་དང་མཚུངས།
    ང་ཚོ་ནམ་ཡང་རང་སྣང་སྐྱིད་པའི་ལབ་རྡོལ་གྱིས་ཚིམས།
    འདི་ནི་དེ་ལ་མི་དགའ་བའི་རྒྱུ་མཚན་ཁོ་ན་ཙམ།

    Reply
  2. ཁྲ་གླག་སྤྱང་གསུམ། says:
    ལོ་ 17 སྔོན།

    དངོས་གནས་དེ་འདྲ་ཡིན་ནམ། ཡག་པོ་བསྒྱུར་འདུག་མོད། གང་ནས་བསྒྱུར་བའི་ཁུངས་མེད་པ་དེ་སྐྱོན་ཆེན་པོ་འདུག ཕྱི་རྒྱལ་ཡིན་ན་ཡིད་ཆེས་བྱེད་ཀྱི་མ་རེད། རྩོམ་པ་པོའི་མིང་ཙམ་མ་ཡིན་པར། དེ་ཚགས་པར་རམ་དུས་དེབ། ཡང་ན་དྲ་རྒྱ་སོགས་གང་ནས་མ་ཡིག་བླངས་པ་དེ་གསལ་དགོས་པ་རེད། དེ་གལ་ཆེན་པོ་རེད།
    ད་ཕན་རྒྱ་ནག་དམར་པོའི་གཞུང་འདི་བཙུགས་ནས་ནང་ཁུལ་འགལ་ཟླ་ཤ་སྟག་བྱུང་ཡོད། ༧གོང་ས་མཆོག་ནས་ན་ཉིན་གསུངས་སོང༌། གུང་ཁྲན་འགོ་ཁྲིད་ཚོས་ཁ་ནས་བློ་མཐུན་རྣམ་པ་ཞེས་བརྗོད་པ་ལས་དོན་ལ་གཅིག་གིས་གཅིག་ལ་སྐྱོན་བཙལ་ནས་སྐེ་གཙིར་ཆོག་ཆོག་བྱས་བསྡད་ཡོད་པ་རེད། འོན་ཀྱང་ཀྲུང་དབྱང་ནང་ཁུལ་དབང་ཆའི་འཐབ་རྩོད་རིམ་བྱུང་ལ་བོད་ལ་གྱོང་ལས་ཁེ་ཅི་ཡང་རག་མྱོང་མེད། དཔེར་ན་རིག་གནས་གསར་རྗེ་བཞིན།
    ཕྱི་ལོག་ནས་ཁོ་ཚོའི་ནང་ཁུལ་གྱི་འགལ་ཟླ་རྣམས་སྐྱོན་བརྗོད་བྱེད་པ་ནི། ཁོང་ཚོ་རྡོག་རྩ་གཅིག་ཏུ་བསྒྲིལ་རྒྱུའི་བསླབ་བྱ་ཞིག་ཏུ་འགྱུར་གྱི་ཡོད་པ་འདྲ།

    Reply
  3. རྒྱལ་ཐང་ཡོན་ཏན says:
    ལོ་ 17 སྔོན།

    རེད་ཡ་་་་་འོ་ཚང་གི་གནས་ཚུལ་ལ་བསམ་ཞིབ་དང་ཡིད་འཇོག་མེད་པ་དེ་བཞིན་རེད།

    Reply
  4. འགྱུར་མེད says:
    ལོ་ 17 སྔོན།

    གནས་ཚུལ་དེ་རྣམས་དྲང་བདེན་དང་ལས་དེ་འདྲ་བོ་ལ་ཐུགས་ཡོད་ན་བུ་ཆུང་ང་ཡང་ཡིད་རེ་དགའ་། ཡིན་ཀྱང་ཧུའུ་ཅིན་ཐའོ་དང་རྒྱ་གཞུང་གི་ལས་བྱེད་དེ་ཚོར་ལས་དང་རྣམ་སྨིན་ལ་ཡིད་ཆོས་རྩ་བ་ནས་བྱེད་རྒྱུ་མེད་པར་གཞི་བཞག་ཡིན་ཀྱངདུས་ནི་མི་མི་ནི་འགྱུར་བ་ཡིན་ཞེས་པ་བཞིན་མ་འོངས་བ་ཧུའུ་ཅིན་ཐའོ་ལ་ཡང་ཅུང་ཙེ་མིན་བཞིན་ཡོངས་རྒྱུ་བརྟེན་འཁེལ་ཡོད། ཧཧཧཧཧཧ

    Reply
  5. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 17 སྔོན།

    ལི་ཕིང་གིས་༡༩༨༩ལོར་མང་གཙོ་དོན་གཉེར་བའི་སློབ་ཕྲུག་དམར་གསོད་བཏང་བ་སོགས་ནག་ཉེས་ཧ་ཅང་ཆེ། དེར་བརྟེན་ཁཽ་འཆི་སྐབས་པེ་ཅིན་དུ་རྒྱ་རིགས་མི་མང་གིས་དགའ་སྟོན་ཆེད། ཤོག་སྦག་ཉོ་བཞིན་པའི་གནས་ཚུལ་ཡིན། འོན་ཀྱང་སྐབས་དེར་རྒྱ་གཞུང་གིས་མི་མང་གི་རྣམ་འགྱུར་ཕྱིར་མངོན་མི་བཅུག་པར་དྲག་གནོན་བྱེད་རྒྱུར་གཏན་ཁེལ་ཡོད།

    Reply
  6. chokri nyima says:
    ལོ་ 17 སྔོན།

    ཧཧཧཧཧཧཧཧgood

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ལས་དང་སྨོན་ལམ་ཁ་ཐག་ཉེ་ཡོད་ན།།
    སེམས་དང་ལུས་ཀྱི་རྣམ་སྨིན་འཁོར་ས་ནི།།
    འཛམ་གླིང་འདི་ན་མཐའ་ཡས་གྲངས་མེད་ཅིག།
    ཐག་རིང་ཐག་རིང་ཞིག་གི་སྐད་ཆ་དེ།།
    འགྲོ་བ་མི་ཡི་རྣ་བར་འཛུལ་དཀའ་ཚོད།།

    Reply
  8. རྨོག་རུ་བསྟན་པ། says:
    ལོ་ 17 སྔོན།

    ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ།།
    བརྩེ་བའི་བདག་ཉིད་ཅན་ཡང་དུད་འགྲོར་སྐྱེས།།
    འདི་ལྟར་གསུངས་བ་བསམ་གྱིས་མི་ཁྱབ་པས།།
    རྒྱ་ནག་མགོ་ཁྲིད་དག་ལ་རྣམ་སྨིན་ཡོད།།
    ལྷག་པར་རྒྱ་ནག་སྲིད་འཛིན་ཧུའུ་ཅན་ཐོས།།
    ཆོལ་ཁ་གསུམ་གྱི་བོད་མི་ཁྲག་ལ་བརྫིས།།
    པཎ་ཆེན་བླ་མའི་སྐུ་ཚེར་བར་ཆད་བཏང་།།
    ཉེས་མེད་མི་ལ་མནར་གཅོད་བཙོན་འཇུག་བྱས།།
    ལག་དམར་འདི་ལ་ཤོར་ས་གང་ན་ཡོད།།
    དགྲ་བོ་འདི་ལ་འགྲོ་ས་གང་ན་ཡོད།།

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཅུང་ཙེ་མིན་དེ་ཡང་སྙིང་རེ་རྗེ། མི་ཟེར་བ་དེ་ནི་དེ་ལྟར་ཁྲེལ་གཞུང་མེད་པ་ཞིག་དུ་གྱུར་ནས་འོང་དུས། རང་ཉིད་སྲིད་འཛིན་དུ་བསྡད་དུས་ཀྱི་དུས་སྐབས་ཀྱི་ནག་ཉེས་དག་ལ་བསམ་ཤེས་ཤིག་ཀྱང་ཐུབ་ཡོད་ངེས་ཡིན། ཨ་ང་། སྲིད་ཟུར་ཞིག་གིས་རང་གི་རེ་འདོད་ཙམ་ཡང་བཤད་ས་མེད་པའི་རྒྱ་ནག་གི་སྲིད་གཞུང་དེ་ནི་ཚད་དངོས་ནས་དམའ་བོ་ཞིག་དུ་སླེབས་འདུག གོ་གནས་དང་དབང་ཐང་ཁོ་ན་ལས་འགྲོ་བ་མིའི་རིགས་ཀྱི་སེམས་བྱུང་དང་སྨྲ་བརྗོད་རང་དབང་ཟེར་བའི་ཐོབ་ཐང་དེ་དག་ད་དུང་། རྒྱའི་སྲིད་གཞུང་གི་མངའ་ངོགས་ནས་རང་དབང་ཐོབ་རྒྱུར་དུས་ཚོད་ཧ་ཅང་རིང་བོ་ཡོད་ས་རེད། དེ་ཡིན་དུས་བོད་པ་ཚོ་སྲིད་གཞུང་ངན་པ་དེ་འདྲ་ཞིག་གི་མངའ་ཁུངས་དུ་འདུག་རྒྱུར་འདོད་པ་བྱེད་པ་དེ་ནི་ནོར་འཁྲུལ་སྒང་ལ་ནག་ཉེས་ཤིག་བསགས་པའི་རྒྱུ་རུ་ཡང་འགྱུར་མི་སྲིད་པ་མིན་དུས། བོད་མགོ་ནག་ཡོངས་སུ་རྫོགས་པའི་བསམ་བློ་གཏོང་བ་ནས་ལག་ལེན་བྱེད་རན་དུ་སླེབས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese