མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་སྒེར་ཡིག་ཚང་གི་དྲ་རྒྱར་བསྐྱར་བཅོས།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

སྐུ་སྒེར་ཡིག་ཚང་གི་དྲ་རྒྱ་ Dalailama.com གྱི་སྟེང་གསལ་བསྒྲགས་སྤེལ་བ་ལྟར་ན། ཕྱི་ཚེས་ ༡༠ ཉིན་ནས་བཟུང་གོང་གསལ་དྲ་རྒྱ་དེར་བསྐྱར་བཅོས་ཀྱིས་སྒོ་ཕྱེ་རྒྱུ་ཡིན་འདུག

ཕྱི་ཚེས་ ༡༠ ཉིན་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པ་དང་། ཉིན་འདི་ནི་ ༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ཏེ་མི་ལོ་ ༢༠ འཁོར་བའི་དུས་དྲན་ཡང་ཡིན། དེ་བས་ཉིན་འདི་དང་བསྟུན་ནས་སྐུ་སྒེར་ཡིག་ཚང་གིས་ད་ཡོད་དྲ་ཚིགས་དེར་བསྐྱར་བཅོས་ཀྱིས་སྒོ་ཕྱེ་རྒྱུ་ཡིན་འདུག

ཉེ་སྔོན་བོད་གཞིས་བྱེས་གཉིས་ཀྱི་བོད་ཡིག་ཀློག་མཁན་མང་པོ་ཞིག་གིས་སྐུ་སྒེར་ཡིག་ཚང་གི་དྲ་རྒྱ་དེའི་སྟེང་བོད་ཡིག་གི་སྡེ་ཚན་མེད་པའི་སྐོར་ལ་བསམ་ཚུལ་ཤུགས་ཆེར་བཏོན་ཡོད་ལ། ལྷག་པར་དུ་བོད་ནང་གི་བོད་མི་ཚོས་དྲ་རྒྱ་འདིའི་སྟེང་ནས་༧གོང་ས་མཆོག་གི་མཛད་འཆར་རྣམས་ཀློག་ཐུབ་ཀྱི་མི་འདུག་ཚུལ་གྱི་བསམ་ཚུལ་རྣམས་བོད་ཀྱི་དུས་བབ་གསར་ཤོག་དང་དྲ་ངོས་གཉིས་སུ་བཀོད་ཡོད།

ཕྱི་ཚེས་ ༡༠ ཉིན་༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་དུ་བཞུགས་མེད་ནའང་བཙན་བྱོལ་བོད་གཞུང་གིས་དུས་དྲན་འདི་གཞུང་འབྲེལ་ཐོག་སྲུང་གཙི་གནང་རྒྱུ་ཡིན་འདུག་ལ། ཉིན་འདིར་གཞུང་ཞབས་པ་གཞོན་སྐྱེས་རྣམས་ཀྱིས་དུས་དྲན་འདི་སྲུང་གཙིའི་ཆེད་དུ་གཞས་སྣ་ཡང་གོ་སྒྲིག་བྱེད་ཀྱིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

སྐར་མ ༡༡ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 17

  1. ཨ་ཆགས་ཚེ་རྡོར།་ says:
    ལོ་ 17 སྔོན།

    སྐུ་སྒེར་ཡིག་ཚང་གི་དྲ་རྒྱའི་ནང་བོད་ཡིག་ངེས་པར་དགོས་ཆེ།གཙོ་བོའི་དམིགས་སྒོ་ནི་གཞིས་ལུས་བོད་མི་རྣམས་ཀྱིས་རྒྱལ་བ་རིན་པོ་ཆེའི་ཉིན་རེའི་མཛད་འཆར་བལྟ་ཀློག་ཐུབ་དགོས་རྒྱུ་དེ་ཡིན།ཆབ་སྲིད་ཐོག་ནས་ཞུས་ན་ང་ཚོའི་འཐབ་རྩོད་ཀྱི་མ་རྩ་ཡིན་རང་དབང་འཐབ་རྩོད་ཀྱི་རྨང་རྡོའང་ཡིན་པས།
    སྐུ་ཡིག་འབྲེལ་ཡོད་གཙོ་འགན་བཞེས་མཁན་རྣམས་ནས་དགོངས་དཀྱེལ་ཆེ་བཞེས་ཀྱིས་བོད་ཡིག་ནང་དྲ་རྒྱ་དེ་བལྟ་ཀློག་ཐུབ་པ་བཟོ་གནང་རྒྱུ་ངེས་པར་གལ།

    Reply
  2. མི་ཉག་སྐལ་བཟང་། says:
    ལོ་ 17 སྔོན།

    བོད་ནང་གི་བོད་མི་ཚོས་དྲ་རྒྱ་འདིའི་སྟེང་ནས་༧གོང་ས་མཆོག་གི་མཛད་འཆར་རྣམས་ཀློག་ཐུབ་ཀྱི་མི་འདུག་ཚུལ་གྱི་བསམ་ཚུལ་བཏོན་ཡོད་པ་དང་། བྱེས་བཞུགས་བོད་མི་ཚོས་ཀྱང་བོད་ཡིག་གི་ལམ་ནས་གནས་ཚུལ་དག་ཀློག་འདོད་པ་ཡིན། དྲ་རྒྱའི་སྟེང་དུ་བོད་རྒྱ་དབྱིན་གསུམ་ངེས་པར་དུ་ཚང་དགོས་པ་ཡིན། བོད་ཡིག་ཡོད་དགོས་པ་ནི་དེ་ལས་ཀྱང་གལ་ཆེ་ཤོས་ཤིག་རེད། གལ་ཏེ་བོད་ཡིག་གི་ལམ་ནས་ཀློག་མི་ཐུབ་པ་དང་བོད་ཡིག་བཀོད་མེད་པ་ཡིན་ན་ང་ཚོས་སྐུ་སྒེར་ཡིག་ཚང་ལ་ངོ་རྒོལ་བྱ་རྒྱུའམ་མ་འགྲིགས་པ་མེད། ༧གོང་ས་མཆོག་ནི་འཛམ་གླིང་སྤྱིའི་ཞི་བདེའི་དེད་དཔོན་དང་། ཡང་སྒོས་བོད་མི་ས་ཡ་དྲུག་གི་མགོན་སྐྱབས་ཡིན་པ་སོང་བས་བོད་མི་ཚོས་ཀྱང་ཁོང་གི་མཛད་འཕྲིན་རྣམས་བོད་ཡིག་ཁོ་ནའི་ལམ་ནས་ཀློག་འདོད་པ་ཡིན། དཔེར་ན། རྒྱ་གཞུང་གི་བོད་ཀྱི་གནད་དོན་སྐོར་གླེང་འདོད་སྐབས། རྒྱ་གཞུང་གིས་ཏྰ་ལའི་བླ་མ་སྒེར་གྱི་གནད་དོན་མ་གཏོགས་བོད་ཀྱི་གནད་དོན་ཞེས་བརྗོད་མྱོང་མེད་ཅིང་བརྗོད་འདོད་མེད་ལ། གལ་ཏེ་སྐུ་སྒེར་ཡིག་ཚང་གི་དྲ་རྒྱའི་སྟེང་དུ་བོད་ཡིག་ཙམ་ཡང་མེད་ན་རྒྱ་གཞུང་གི་ཡོད་ཚད་སྒེར་གྱི་གནད་དོན་བཤད་པ་དེར་རྒྱབ་སྐྱོར་དུ་སོང་བ་ཞིག་ཀྱང་མཐོང་གིན་འདུག སྤྱིར་དྲ་རྒྱ་དེའི་སྟེང་དུ་བོད་ཡིག་ཡོད་པ་ཡིན་ན་མཛེས་རྒྱན་དུ་མཐོང་བ་ལས་ཚེར་མ་ལྟ་བུ་ཞིག་མཐོང་ག་ལ་སྲིད།

    Reply
  3. ཨ་ཆགས་ཚེ་རྡོར།་ says:
    ལོ་ 17 སྔོན།

    བཙན་པོའི་བུ་ལགས།་དགོངས་འཆར་གནང་བར་ཡི་རང་ཞུ།བཀའ་མོལ་གནང་སྟངས་དེ་ཅུང་ཐལ་འདུག
    གོང་ས་མཆོག་ཚོང་རྫས་ཤིག་ཡིན་ན་རིན་འབབ་ཟ་མཁན་གྲས་སྐུ་ཉིད་ཀྱང་ཡོད་པ་ཐུགས་བསྙེལ་མི་གནང་བ་ཞུ།
    སྐུ་ཉིད་ཀྱི་སྨྱུག་ཁ་དགྲ་བོ་རྒྱ་འགོང་གི་གདུག་རྩུབ་ཚ་བའི་སྲིད་བྱུས་ལ་གཏད་གནང་གལ་ཆེ་བ་ལས།སོ་སོའི་གཞུང་དང་ཞབས་ཞུ་བར་དམའ་ཕབ་བསྡད་ན་དགྲ་དགའ་གཉེན་སྡུག་ལས་ཐོབ་བྱ་ཅང་མ་མཆིས་སོ།

    Reply
  4. བཙན་པོའི་བུ། says:
    ལོ་ 17 སྔོན།

    གཞུང་ཞབས་པ་དག་གིས་ཀྱང་དབྱིན་སྐད་བཤད། གཞུང་གི་ལས་ཁུངས་དག་གིས་ཀྱང་དབྱིན་ཡིག་འབྲི། གཞུང་གི་སློབ་གྲྭ་ཁག་ཏུ་ཡང་དབྱིན་ཡིག་བསླབ། བྱེས་སྡོད་བོད་མི་དག་གིས་ཀྱང་རང་སྐད་བརྗེད། མདོར་བསྡུས་ནས་བཤད་ན། བོད་ཡིག་འདི་བོད་མི་རང་གིས་རྩ་བརླག་ཏུ་གཏོང་བཞིན་འདུག

    ཏྰ་ལའི་བླ་མའི་དྲ་རྒྱ་འདི་བོད་ཡིག་ཏུ་མེད་པར་རྒྱུ་མཚན་མང་སྟེ།
    གཅིག སྐུ་སྒེར་ཡིག་ཚང་གི་ལས་གཙོ་རྣམས་པ་བོད་ཡིག་ལ་དུང་བ་མེད་པ།
    གཉིས། སྐུ་སྒེར་ཡིག་ཚང་གི་ལས་བྱེད་པ་རྣམས་བོད་མི་རིགས་ལ་ཤ་ཞན་མེད་པ།
    གསུམ། སྐུ་སྒེར་ཡིག་ཚང་གིས་༸གོང་ས་མཆོག་གི་ཚོང་རྫས་ཁོ་ན་བྱེད་འདོད་པ།
    བཞི། སྐུ་སྒེར་ཡིག་ཚང་གིས་དམངས་ཀྱི་སེམས་ཁམས་ལ་རྒྱུས་ལོན་བྱེད་མ་འདོད་པ།
    ལྔ། སྐུ་སྒེར་ཡིག་ཚང་གིས་བོད་པ་རྣམས་སྐད་ཡིག་དང་རིག་གཞུང་གི་སྐྱབས་བཅོལ་བ་ཡིན་པ་བརྗེད་ཟིན་པ།
    དྲུག སྐུ་སྒེར་ཡིག་ཚང་གིས་གཞིས་བཞུགས་བོད་རིགས་རྣམས་ཀྱིས་བོད་ཡིག་གི་ཆེད་དུ་རང་སྲོག་ཀྱང་གཏོང་བཞིན་ཡོད་པ་དོ་སྣང་མ་བྱས་པ།
    བདུན། སྐུ་སྒེར་ཡིག་ཚང་གིས་གཞིས་བཞུགས་བོད་རིགས་ཡོངས་ཀྱིས་༸གོང་ས་མཆོག་ གི་མཛད་འཕྲིན་མཐའ་དག་བོད་ཡིག་གི་ལམ་ནས་ཀློག་འདོད་ཡོད་པ་མ་དྲན་པ།
    བརྒྱད། སྐུ་སྒེར་ཡིག་ཚང་གིས་བོད་ཡིག་འདི་རང་སྐད་ཡིན་པ་ཡང་བརྗེད་ཟིན་པ།
    གང་ལྟར། སྐུ་སྒེར་ཡིག་ཚང་གིས་༸གོང་ས་མཆོག་གི་མཛད་འཕྲིན་རྣམས་བོད་ཡིག་གི་ལམ་ནས་དྲ་ཐོག་ཏུ་མ་སྤེལ་བར་མཐའ་གཅིག་ཏུ་བློ་ཕམ་ཡོད། གལ་སྲིད་དྲ་རྒྱ་ཇུས་འགོད་པ་དེ་ཕྱི་རྒྱལ་བ་ཞིག་ཡིན་ན། དེའི་ཚབ་ཏུ་བོད་རིགས་ཤིག་བདམས་ན་ཅིས་མི་ཆོག འོན་ཀྱང་། དབང་ཆ་ཡོད་མེད་དང་། འབྱོར་བ་ཆེ་ཆུང་གིས། རང་གི་རྩ་བའི་བླའི་མཛད་འཕྲིན་དག་ཀྱང་རང་སྐད་སྟེང་ཀློག་ཐུབ་མ་སོང་།

    Reply
  5. གངས་ཕྲུག says:
    ལོ་ 17 སྔོན།

    སྐུ་སྒེར་ཡིག་ཚང་གི་ལས་བྱེད་རྣམ་པ། སྐུ་སྒེར་ཡིག་ཚང་གི་དྲ་རྒྱར་བསྐྱར་བཅོས་བྱས་བ་ཡིན་ན། དེའི་ནང་ལ་བོད་ཡིག་གི་ལེ་ཚན་ཞིག་ངེས་པར་དུ་དགོས། བོད་ཡིག་ཡོད་པར་ཤོག

    Reply
  6. འོས་ལངས། says:
    ལོ་ 17 སྔོན།

    སྐུ་སྒེར་ཡིག་ཚང་གི་དྲ་རྒྱར་བསྐྱར་བཅོས་ག་འདྲ་བྱས་ན་ཡང་། དེའི་ནང་བོད་ཡིག་གི་ལེ་ཚན་ཞིག་མེད་པ་ཡིན་ན་གནད་འགག་གང་ཡང་མཐོང་གི་མི་འདུག སྐུ་སྒེར་ཡིག་ཚང་གིས་༧གོང་ས་མཆོག་བོད་ཀྱི་ཏཱ་ལའི་བླ་མ་ཡིན་པར་འདོད་ཀྱི་ཡོད་ན། སྐུ་ཡིག་དྲ་རྒྱའི་ནང་བོད་ཡིག་ངེས་པར་དུ་ཡོད་དགོས་པ་ཞིག་རེད། དེ་མིན་བོད་མིའི་དབུ་ཁྲིད་ཀྱི་ལས་ཁུངས་ངོས་ནས་བོད་ཀྱི་རིག་གཞུང་གི་སྲོག་རྩ་ལ་སྣང་མེད་བཏང་བའི་བཟོ་འདྲ་མཐོང་ཡོང་།

    Reply
  7. ཨ་རུ་ར། says:
    ལོ་ 17 སྔོན།

    ༸གོང་ས་མཆོག་གི་མཛད་རྣམ་དང་མཛད་འཕྲིན་དེ་བཞིན་བཀའ་སློབ་སོགས་ཤེས་འདོད་མཁན་བོད་པ་གཅིག་བུ་མིན་པར་མི་རིགས་སྣ་ཚོགས་ཤིག་ཡོད་སྟབས། བོད་དབྱིན་རྒྱ་གསུམ་ཙམ་མིན་པར་སྐད་ཡིག་སྣ་འཛོམ་གྱི་དྲ་རྒྱ་ཞིག་སྐྲུན་བརྒྱུ་ཧ་ཅང་གི་གལ་ཆེན་དུ་མཐོང་།

    Reply
  8. བསེ་རུ། says:
    ལོ་ 17 སྔོན།

    སྐུ་སྒེར་ཡིག་ཚང་གི་དྲ་རྒྱ་ Dalailama.com བསྐྱར་བཅོས་གནང་བར་འཚམས་འདྲི་ཡོད། འོན་ཀྱང་དེ་དག་བོད་ཡིག་གི་ཐོག་ཏུའང་ཡོད་དགོས་པ་ཞིག་ནི། དཔྱོད་ལྡན་ཀུན་གྱིས་གླེང་དང་གླེང་བཞིན་པ་རེད། དེ་སྔོན་དྲ་ཐོག་ནས་གནས་ཚུལ་མང་པོ་གླེང་ཚར་བ་རེད། དོན་དངོས་སུ་དཔལ་ལྡན་སྐུ་སྒེར་ཡིག་ཚང་ལ་ཡིག་ཐོག་དང་ངག་ཐོག་གཉིས་ཀའི་ཐོག་ནས་རེ་སྐུལ་ཞུ་མཁན་ཡང་བྱུང་ཡོད་ཚོད་རེད། ཅི་སྟེ། ད་དུང་བོད་ཡིག་ཐོག་ཏུ་༸གོང་ས་ཏཱ་ལའི་བླ་མའི་དྲ་རྒྱ་ཞེས་པ་ཞིག་གསར་བཟོ་གནང་མ་ཐུབ་ཚེ། སྐོམ་པ་ཆུ་འདོད་ལྟར་གནས་པའི་བོད་ཡིག་ཀློག་པ་པོ་ཚོ་ད་དུང་སྐྱོ་སྣང་ངང་དུ་གནས་དགོས་པ་ཞིག་མ་རེད་དམ།།

    དྲ་རྒྱ་བསྐྱར་བཅོས་མ་གཏོགས་བོད་ཡིག་ཐོག་གསར་བཟོ་གནང་ཡོད་མེད་གསལ་ཁ་མི་འདུག ཕལ་ཆེར་བོད་ཡིག་ཐོག་ཁག་ཙམ་རེད་སྙམ།

    Reply
  9. མཚོ་ཚང་བཀྲིས། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ་བྲེལ་བ་མ་བྱེད་ཉི་མ་ཁ་ཤས་བསྒུག་དང༌། བོད་ཡིག་ཡོད་མེད་མཐོང་ངེས། དེ་དུས་གྲོས་གླེང་ལྷུག་པོར་བྱས་ཆོག

    Reply
  10. གྲགས་པ་རྒྱ་མཚོ། says:
    ལོ་ 17 སྔོན།

    བོད་ཡིག་ཡོད་རྒྱུ་རེད། ད་ཡིན་ན་བོད་ཡིག་ཡོད་པར་ཤོག་ཅིག

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སྔོན་ཆད་དྲ་ངོས་འདི་ལ་བོད་ཡིག་མེད་པའི་བསྐོར་མང་བོ་ཞིག་གླེང་ཚར་བ་རེད། ད་རེབས་ཀྱི་གསལ་བསྒྲགས་འདིའི་ནང་དུ་ཡང་བོད་ཡིག་ཡོད་མེད་ཁ་གསལ་བོ་ཞིག་བཀོད་མེད་པ་གང་རེད་དམ་ལགས། ཡང་ན། བོད་ཡིག་ད་རེབས་ཀྱང་མེད་པ་རེད་དམ།

    Reply
  12. བློ་བཟང་ཆོས་འཕེལ། says:
    ལོ་ 17 སྔོན།

    གྲགས་པ་རྒྱ་མཚོ་བདེན་པ་རེད་་་་་་་་་་བོད་ཡིག་སྡེ་ཚན་ངེས་པར་དྲྭ་རྒྱའི་ནང་ཡོད་གལ་མཐོང་།

    Reply
  13. གྲགས་པ་རྒྱ་མཚོ། says:
    ལོ་ 17 སྔོན།

    སྐུ་སྒེར་ཡིག་ཚང་གི་ད་ལྟ་བར་དུ་བོད་ཡིག་མི་བཟོ་བ་དེ་ནི་ཧ་ལས་པ་ཞིག་རེད། ལོ་མང་པོ་གོང་ནས་བོད་ཡིག་ཀྱི་དྲྭ་རྒྱ་མང་པོ་བཟོ་ཟིན་ཡོད། ད་དུང་བོད་ཀྱི་བླ་ཆེན་མང་པོ་ཞིག་ལྷག་འདུག ཁོང་རྣམ་པ་ཚོར་རེ་བསྐུལ་ཞུ་དགོས།

    Reply
  14. ཡེ་ཤེས། says:
    ལོ་ 17 སྔོན།

    འཇིག་རྟེན་ཁ་དཔེ་ལ་མི་བལྟ་བའི་མིག་ཡོད་ཏེ་རང་ལ་བལྟ་བའི་མེ་ལུང་དགོས་ཞེས་པ་ལྟར་རེད། བོད་མི་ཚང་མས་བོད་ཡིག་མཁོ་སྤྱོད་དགོས་ན་ཐོག་མར་དབུ་ནས་ལེགས་པོ་ཞིག་ཡོང་དགོས།

    Reply
  15. གཞིས་ལུས་བོད་པ། says:
    ལོ་ 17 སྔོན།

    ལས་བྱེད་རྣམ་པ། བོད་ཡིག་གི་དྲ་ཚིགས་མེད་དོན་ཅི་རེད། ༧གོང་ས་མཆོག་གི་མཛད་པ་བོད་ཡུལ་ལ་ཁ་ཕྱོགས་མི་དགོས་པ་ཨེ་རེད།

    Reply
  16. ནོར་བུ་རྒྱལ་མཚན། says:
    ལོ་ 17 སྔོན།

    སྐུ་སྒེར་ཡིག་ཚང་གི་ལས་བྱེད་་ཚང་མ་ལ་ཐུགས་རྗེ་ཆེ།

    Reply
  17. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཞི་བདེ་གཟེངས་རྟགས་ཉིན་ནས་བཟུང་གོང་བཀོད་དྲ་རྒྱ་དེའི་ནང་དུ་བོད་ཡིག་ཀློག་རྒྱུ་ཡོད་ནི་རེད་དམ། འདི་དོན་བཟང་ཞིག་རེད་ལ། འགྱུར་བ་གསར་པ་ཞིག་ཀྱང་རེད།
    འོན་ཀྱང་ཉིན་དེ་ནས་བཟུང་དྲ་རྒྱ་དེར་བོད་ཡིག་ཀློག་རྒྱུ་ཡོད་མེད་ཁ་གསལ་ཅང་མེད་ཀ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese