རྒྱ་རགས།

རྒྱ་རགས།

འཇིག་རྟེན་ནི།
གཉའ་གནོན་དང་། གྱེན་རྒོལ་མོད་ས་ཞིག
ཚ་ཚ་འུར་འུར་དང་། བྲེལ་བྲེལ་འཚུབ་འཚུབ་ཅིག
ཡང་ན།
རང་སེམས་རང་གིས་གསོ་ས་ཞིག
སོས་དལ་བག་ཕེབས་ཀྱིས་རྨི་ལམ་བཞེངས་ས་ཞིག་རེད།
ཁོ་བོ་ཡང་།
རྨི་ལམ་གྱི་གཟིངས་ཆུང་ལ་ཞུགས་པའི་ཆུ་གཞུང་གི་སྡོང་ལོ་སེར་པོ་ཞིག་ཡིན།
ཡང་ན། འཕྲུལ་སྣང་གི་རླུང་བུར་བཅིབས་པའི་མཛོ་མོ་བལ་དཀར་ཞིག་ཡིན།
འཇའ་ཚོན་གྱི་དྲྭ་བ་སླེ་རུ་ཡོང་དགོས་བྱུང་།
དབུ་བའི་སྐས་གདང་ལ་འཛེགས་དགོས་བྱུང་།

No Content Available

གདན་ཞུའི་རྩོམ་པ་པོ།

Welcome Back!

Login to your account below

Retrieve your password

Please enter your username or email address to reset your password.

Add New Playlist