འབྲུག་སྨྱོན་ཧེརུ་ཀ།

འབྲུག་སྨྱོན་ཧེརུ་ཀ།

འཛམ་བུ་ས་ཡི་རྩེ་མོ་ན། །ཁ་བ་རི་བོའི་ཤར་ཕྱོགས་ན། །
འབྲོང་སྟག་ཚང་གི་ཡང་སྟེང་དུ། །རྣམ་ཤེས་མི་ཡི་ལུས་ལ་འཇུག།།
སྟོབས་དང་སྤོབས་པ་ཡལ་ཐབས་མེད། །ཁ་དང་ཁོག་པ་ལོན་ཐབས་མེད། །
རིགས་ཞེན་ལ་རྒྱ་དོར་ཐབས་མེད། །ཨ་ཕས་གནང་བའི་རང་གཤིས་ཡིན། །
ཆོས་འཇིག་གཉིས་ལ་གོམས་པ་ཡོད། །ཤི་གསོན་གཉིས་ལ་གདིང་ཚོད་ཡོད། །
རྒྱལ་ཁམས་འགྲིམས་པར་ཐོག་པ་མེད། །སྐད་རིགས་སྨྲ་ལ་འགག་པ་མེད། །
འཕགས་བོད་མཐོ་སློབ་འགྲིམ་པའི་དུས། །ཀུན་གྱིས་འབྲུག་རྒྱལ་མིང་ནས་འབོད། །
དབྱངས་ཅན་དགའ་མ་གྱུར་པའི་དུས། །གཅེས་པའི་མིང་ལ་འབྲུག་སྨྱོན་ཐོག །

No Content Available

གདན་ཞུའི་རྩོམ་པ་པོ།

Welcome Back!

Login to your account below

Retrieve your password

Please enter your username or email address to reset your password.

Add New Playlist