དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ལས་དབང་བཙན་པོས་མཐུ་ནུས་སྟོབས་ཆེན་ཞིག་གི།
བསིལ་ལྗོངས་བོད་ནས་སུག་བཞི་གཉོམ་ལགས་རྒྱས་ཀྱང་།།
ཐོད་པའི་ཡི་གེའི་རི་མོ་འབྲི་ཕྱོགས་བར་ནས།།
བདག་གི་མི་ཚེའི་འགྲོལ་ལམ་ལྷོ་ལ་བསྙེགས་སོང་།།
ལྷོ་གཞེས་ཚང་བས་ནགས་སུ་ཕྱོགས་མེད་འཁྱམ་བའི།།
སྤྲང་ཕྲུག་གཞོན་ནུ་ཞིག་གི་ཐོབ་ཐང་ཉར་ཡང་།།
ལྷ་བྱ་དཀར་པོའི་གཤོག་གྲིབ་བསིལ་མོའི་འོག་ཏུ།།
ངལ་གསོ་ཅུང་ཙམ་ཐོབ་པའི་སྣང་བ་ཤར་སོང་།།
སྙན་ངག་རེ་སུག་ལས་སུ་བརྒྱུ་བ་ནི་བདག་གི་ཆང་ཕོར་ཡིན།
དེས་ན་ང་དང་འགྲོག་བཟང་ཚོ་འདིར་ཕེབས་རོགས།
བདག་གི་འཕྲིན་བྱང་ནི_bubchu088@yahoo.comཡིན།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།