དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
གངས་རི། ཆུ་བོ། སྤང་ལྗོངས། རབ་ཏུ་མཛེས་པའི་ཕྱི་སྣོད་ཀྱི་བཀོད་པ། བྱམས་བརྩེ། ལྟོས་གྲུབ། མཉམ་མཐུན་དང་གུ་ཡངས་ཀྱི་འབྱུང་ཁུངས། ཟབ་ཅིང་བརླིངས་བའི་ཐུན་མིན་བོད་ཀྱི་རིག་གཞུང་། འདི་དག་འཇིག་ལ་ཉེ། རྫོགས་ལ་ཐུག ང་རང་གཏན་ནས་སྡོད་ཐབས་མ་བྱུང་། འཇིགས་དངངས་ཀྱི་སེམས་འགྱུ་རེ་རེས། ཆད་མ་མཐུད་དུ་བསམ་གཞིག་གི་གླིང་ཀར་འགྲོ་ཞིང་། ལངས་མ་འགྱེད་གྱིས་ལག་ལེན་གྱི་རྩོལ་བ་བསྟེན་ཏུ་འགྲོ།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།