དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
གསལ་བཤད།
ཟིན་བྲིས་འདིའི་ནང་སྤང་མདའ་ཚང་གི་ལོ་རྒྱུས་ཤིག་མུ་འགོད་གནང་བཞིན་ཡོད་ཀྱང་དེའི་མཐར་བྲིས་མཁན་ཁ་གསལ་མེད་པའི་རྒྱུ་མཚན་གྱིས་སྐབས་འཚོལ་བ་ཁག་ཅིག་གིས་ཚིག་དུམ་རེ་གཉིས་རྟགས་སུ་བཀོད་ནས་སྐྱབས་རྗེ་གྲུབ་དབང་གངས་རི་ཀརྨ་རིན་པོ་ཆེ་ལ་གཞི་མེད་སྐྱོན་འཛུགས་ཀྱིས་ལྷ་སྲས་རྒྱལ་དོན་སོགས་ལ་སྐྱོན་བརྗོད་བྱ་འཆར་དང་ཆོས་ལུགས་ཕན་ཚུན་དབར་དཀྲུགས་བཤིག་སློང་མཁན་གྱི་སྟེར་པོ་ཡིན་རབས་དཀྲོག་གཏམ་སྤེལ་བཞིན་ཡོད་འདུག་པས། ད་ནས་གཟུང་རྒྱ་ཆེ་ཀློག་པ་པོ་རྣམས་ཀྱིས་དོན་མེད་སྤྱི་ཚོགས་ནང་དཀྲོག་གཏམ་མ་སྤེལ་རོགས་ཟེར་ནས་ངས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་རེ་སྐུལ་ཞུ་བཞིན་ཡོད། འདི་བྲིས་མཁན་ཁོང་མིན་པས་ཁོ་བོར་མ་སྐུལ་དྭང་བླང་གིས་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་སྤང་མདའི་ལོ་རྒྱུས་ཞིག་རག་རེའི་དམིགས་ནས་ད་ཡོད་ལོ་རྒྱུས་རྣམས་སུ་འཁོད་རིགས་རྣམས་རིམ་པ་མུ་འགོད་བྱེད་བཞིན་ཡོད། འོན་ཀྱང་དེ་ཡང་ཁུངས་མེད་དཀྲོག་གཏམ་དང་རང་སྣང་གང་ཤར་གྱིས་བསམ་ཚད་ཡིག་ཐོག་ཏུ་སྤེལ་རྒྱུ་མིན་པ་མ་ཟད་ལོ་རྒྱུས་ཀྱི་དེབ་ཕྲེང་རྣམས་སུ་གསལ་ཡོད་པའི་ལེགས་ཉེས་ཇི་ཡོད་བཀོད་རྒྱུ་ལས་ཟུར་གཅིག་གི་ཕྱོགས་སུ་མཆིས་ནས་ལོ་རྒྱུས་གླེང་བ་ལ་དགེ་མཚན་ཇི་ཡོད་མཁྱེན་གསལ་རེད། དཔེར་ན་མུ་འགོད་གསུམ་པ་ནང་ལྷ་སྲས་རྒྱ་དོན་སོགས་ལ་མ་རངས་པའི་རྣམ་པ་ཐོན་ཡོད་ཀྱང་རང་ཉིད་ཕྱོགས་སུ་ལྷོང་བ་མ་ཡིན་པའི་ཆུ་སྒང་གིས་བཀྲམ་པའི་དགག་ལེན་གཏམ་གྱི་ཐོག་མདའ་ལས་ཟུར་འདོན་བྱས་ཡོད། དེ་དང་དེ་བཞིན་འབྱུང་འགྱུར་ཡང་ཡོང་སྲིད་ཀྱང་ལེགས་ཉེས་ཇི་བྱུང་དོ་བདག་རང་ངོས་ནས་འགན་ཁུ་གཙང་མ་འཁྱེར་རྒྱུ་ལས་གཞན་སུ་ལའང་ཁག་དཀྲིས་བསྙད་འདོགས་བྱ་འདོད་མེད། སྐབས་ཐོག་དྭོག་འདྲི་དང་ལམ་སྟོན་སོགས་ཇི་ཡོད་ཁོ་བོའི་ཁ་བྱང་དང་ཁ་པར་བཅས་ཐོག་ངེས་པར་དུ་འབྲེལ་གཏུགས་གནང་རོགས་གནོངས། སྐྱར་དུ་ཞུ་དགོས་པ་ཤིག་ལ་ལོ་རྒྱུས་འདི་བཞིན་གྲྭ་རྐྱང་ཞིག་གིས་འབད་སྒྲུབ་ཙམ་ལས་དམིགས་བསལ་སྤང་མདའ་ལ་འབྲེལ་བ་ནམ་ཡང་མེད་པའི་དེ་དོན་དགོངས་འཇགས་འཚལ། ཕྱོགས་སྒྲིག་པ་ཐུབ་བསྟན་རྒྱལ་མཚན་གྱིས། email thupten_gyaltsen@yahoo.com Markhmapapandhatogyal@yahoo.in
cell phone 9882310127
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།