སྤོབས་པ་མཐའ་ཡས།

སྤོབས་པ་མཐའ་ཡས།

ཚེ་སྟོད་ཉི་མ་མདོ་ཁམས་སྨད་དུ་བསྐྱལ༎
མི་ཚེ་དུམ་གཅིག་རྒྱ་གར་ཡུལ་དུ་ཟད༎
ད་ལྟ་ངེས་མེད་མཐའ་ཡི་ཡུལ་གྲུ་འགྲིམ༎
ཡུལ་གྱར་མི་ཚེ་འདི་ཡང་རྨི་ལམ་འདྲ།

འཛམ་གླིང་ཡོངས་ཁྱབ་དྲྭ་བའི་བང་མཛོད་འདིར༎
མཁོ་རྒུའི་རིག་པ་ཐང་མར་བརྡལ་བ་ལས༎
ཁམས་དང་མོས་པ་བཞིན་དུ་ལེན་ནུས་པའི༎
རང་དབང་བདེ་བ་འདི་ལ་གང་གིས་འགྲན༎

དཀའ་གནད་ཟབ་མོའི་གཏིང་མཐའ་རྗེན་པ་རུ༎
སྟོན་པའི་མཐུ་ནུས་བདག་ལ་མ་མཆིས་ཀྱང་༎
བདེན་པ་སྨྲ་བའི་ཡིག་ཕྲེང་དྲང་པོ་རེ༎
རིགས་མཐུན་གྲོགས་ཀྱི་ཕྱོགས་སུ་སྤྲིང་བར་མོས༎

ཆོས་སྲིད་ཆེན་པོའི་ལས་ཀྱི་སྣེ་མོ་རུ༎
འགྱེང་བའི་རེ་དོག་བདག་ལ་མ་མཆིས་པས༎
སྐྱེས་སྦྱངས་ཤེས་རབ་གཙང་མའི་རྒྱ་མ་འདི༎
ལས་དང་རྒྱུ་འབྲས་འཇལ་བའི་ཆེད་དུ་བསྔོ༎

No Content Available

གདན་ཞུའི་རྩོམ་པ་པོ།

Welcome Back!

Login to your account below

Retrieve your password

Please enter your username or email address to reset your password.

Add New Playlist