མྱི་གསར་བའི་རུ་དཔུང་།

མྱི་གསར་བའི་རུ་དཔུང་།

རང་མོས་གླེང་སྟེགས་འདི་ནི་ཐོག་མར་སྤྱི་ལོ་ ༢༠༠༦ ལོའི་ཟླ་ ༤ བར་ཤེས་རབ་དགའ་ཚལ་སློབ་གླེང་གི་སློབ་མ་རྒན་རབས་པ་ཁག་ཅིག་གི་སྒེར་ངོས་ནས་བསྒྲུབས་པའི་སློབ་གྲྭ་ནང་ཁུལ་གྱི་སློབ་གྲོགས་ཕན་ཚུན་བར་གུ་ཡངས་བའི་བགྲོ་གླེང་གི་ཁོར་ཡུག་ཅིག་ཡིན་ཞིང་། སྐབས་དེར་རྟ་ནག་པ་སྐལ་བཟང་ལུང་རིག་ལགས་ཀྱིས༼མི་རིགས་དང་སྐད་ཡིག་གི་འདུ་ཤེས༽དང༌། དོན་འགྲུབ་བཀྲ་ཤིས་ཀྱིས་༼ནུབ་ཕྱོགས་དང་ཤར་ཕྱོགས་པའི་བསམ་བློ་བའི་འགལ་འབྲེལ༽འཇམ་དབྱངས་ལགས་ཀྱིས༼ང་ཚོ་འགྱུར་དགོས༽། བཅས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་པ་ནས་དངོས་སུ་མགོ་འཛུགས་བྱས། དུས་དེ་ནས་བཟུང་རས་གཟའ་སྤེན་པ་ནམ་ཡིན་ལ་བརྗོད་གཞི་འདྲ་མིན་ཐོག་ཚོགས་ཐེངས་ ༥༤ ཙམ་ཚོགས་ཐུབ་ཙམ་བྱུང་ཡོད། འོན་ཀྱང་། སྐབས་རེར་གནད་དོན་འདྲ་མིན་གྱི་དབང་གིས་ཚོགས་ཐེངས་རེ་ཟུང་བར་ཆད་པའི་གནས་ཚུལ་ཡང་བྱུང་ཡོད། སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༧ སླར་ཡང་༼མྱི་གསར་བའི་རུ་དཔུང་༽གིས་དཀའ་ངལ་ལ་གདོང་ལེན་དང༌། མཆོངས་སྐྱོད་ཀྱི་གདེང་སྤོབས་ཆེར་སྐྱེད་ཀྱིས་མགོ་འཛུགས་ཐུབ་པ་བྱུང་བ་མ་ཟད། སྔར་གྱི་རང་མོས་གླེང་སྟེགས་དེ་སློབ་གླེང་གི་ཁོར་ཡུག་ལས་བརྒལ་ཏེ། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཤེས་ལྡན་མི་སྣ་དང༌། རིག་གཞུང་ལ་དོ་སྣང་ཡོད་རིགས་གང་ཆུད་གདན་འདྲེན་ཞུས་ཤིང་། རང་མོས་གླེང་སྟེགས་ཀྱི་སྡིངས་ཆ་འདིའི་ཆ་ཤས་བགོ་བཤའ་བྱས་ཏེ། སློབ་གྲོགས་ཚོ་དང་བསམ་ཚུལ་བརྗེ་རེས་དང་ཉམས་མྱོང་སྤེལ་རེས་ཀྱི་སྒོ་རྒྱ་ཡངས་པོར་ཕྱེས་ཡོད།

ཚོགས་ཡུལ་ས་གནས་ཀྱི་ཁ་བྱང་།

Sherab Gatsal Lobling School
P.O Khanyara - 176218
Dharamsala (H.P)
INDIA

Phone - 203252

No Content Available

གདན་ཞུའི་རྩོམ་པ་པོ།

Welcome Back!

Login to your account below

Retrieve your password

Please enter your username or email address to reset your password.

Add New Playlist