དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ཕྲན་ནི་རྩྭ་ཐང་ནས་སྐྱེས་པའི་བོད་པ་རྩམ་གཟན་ཚང་གི་འབྲོག་ཕྲུག་རྣལ་མ་ཞིག་དང་ཆོས་ལུགས་ལ་བགས་ཆགས་ཟབ་པའི་རྣལ་འབྱོར་བ་མགོ་རེག་ཞིག་ཀྱང་ཡིན། ངའི་ཨ་མ་ནི་ཆོས་ལ་དད་ཅིང་ཆོས་ལ་འདུན་པར་མ་ཟད་སྔ་དགོང་ཞལ་འདོན་གྱི་སྒྲ་དབྱངས་སྙན་མོའི་དྲོད་ཁོལ་མོའི་མི་ཚེའི་ནང་ནས་ཡལ་མ་མྱོང་། ང་ཚོ་ཕ་མ་སྤུན་མཆེད་ཀྱིས་བོད་པ་རྩམ་གཟན་ཚང་གི་ཞབས་འདྲེན་ཞུ་མ་མྱོང་ལ་ཡབ་མེས་བཀའ་དྲིན་ཅན་གྱི་བླ་ཡང་བཙོང་མ་མྱོང་། གུས་པས་སྤྱོད་ལམ་ཡ་མ་ཟུང་གི་ཆོ་འཕྲུལ་སྟོན་མི་ཤེས་ཤིང་བཀའ་བསྟན་གསེར་གྱི་སྦྲམ་བུའི་རིན་ཐང་ཡང་འདོར་མི་ཤེས། དེར་མ་ཟད་རིགས་མ་ཁབ་ཏུ་བཞེས་པའི་རྟོགས་པ་དང་ཐིག་ལེ་གྱེན་དུ་འདྲེན་པའི་དུས་ཚོད་ཀྱང་སླེབས་མེད་པའི་ཆོས་བྱེད་པ་ཉམ་ཆུང་ཞིག་ཀྱང་ཡིན། གཅིག་བྱས་ན་ངོ་མ་ང་ནི་ཆོས་མེད་པ་འཇམ་དབྱངས་ནོར་བུ་ལགས་ཀྱི་སྔ་རྒོལ་ཞིག་ཀྱང་ཡིན་སྲིད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།