གསལ་ལེ་རྒྱལ།

གསལ་ལེ་རྒྱལ།

ངའི་མིང་ལ་གསལ་ལེ་རྒྱལ་ཟེར། ང་རང་སྐུ་ཞབས་སྨན་བླའི་ཁ་ཤགས་སྒྱུ་རྩལ་ལས་འཚར་ལོངས་བྱུང་། ཨ་ཕས་བཤད་ན་ང་རང་ཆུང་དུས་སློབ་གྲྭར་འགྲོ་ཁུལ་བྱས་པ་དེ་མ་འགྲིག་པ་རེད་ཟེར་ལ། ཨ་མས་བཤད་ན་དེ་ནི་ངའི་ལས་དབང་དང་ཐོད་པའི་ཁ་ཡིག་རེད་ཟེར། ཡང་ལོ་ལོན་འགས་བཤད་ན་ངའི་ཁོག་ལ་གདོན་ཞུགས་པས་རེད་ཟེར། ཡིན་ཡང་སྐུ་ཞབས་སྨན་བླས་དེ་ནི་བློ་སྤོབས་དང་གོ་སྐབས་འཕྲད་པའི་མདུན་སྐྱོད་ཀྱི་གོམ་པ་དང་པོ་ཡིན་ལ། སྒྱུ་རྩལ་ཁ་ཤགས་འདིའི་ནང་གི་རེ་བ་ཆེ་ས་དེའང་ཡིན་མོད། མི་ཚང་མས་ངོ་གདོང་ནས་གོ་བ་བླངས་ཏེ་ཟ་ལེ་རྒྱལ་གྱི་ངོ་གདོང་ལ་མཆིལ་མ་གཏོར་བར་བློ་ཕམ་ཡོད་ཟེར། ངས་ཞིབ་འདང་བརྒྱབས་ན་ཨ་ཕས་བཤད་པ་བདེན་ལ། ཨ་མས་བཤད་པའང་བདེན། ལོ་ལོན་ཚོས་བཤད་པར་ངས་དོ་སྣང་བྱེད་ཀྱིན་མེད་ལ་བྱེད་དོན་ཡང་མེད། དེ་ནི་དུས་རབས་གཉིས་ཀྱི་བར་ཐག་ཡིན་པས་རེད། བཤད་ཤེས་པ་ཙམ་ལས་འདང་རྒྱག་མི་ཤེས་པའི་མྱི་ཁ་ཤས་ཀྱིས་ང་ལ་ཧབ་བགད་བྱེད་པ་དེའི་དོན་ཅི་ཡིན་ངས་ད་དུང་ཤེས་ཀྱི་མེད། དྲང་མོར་བཤད་ན་ངས་སྐུ་ཞབས་སྨན་བླས་སྒྱུ་རྩལ་གྱི་ཞིང་ཁམས་ནས་ཤེས་སྟོབས་ཀྱིས་བཞེངས་པའི་གསལ་ལེ་རྒྱལ་དེའི་ཚབ་བྱེད་མི་ཐུབ་ནའང་། རང་ཉིད་ཀྱིས་གདམས་པའི་ལམ་ཁ་འདིར་མྱི་ཁར་ཉན་ནས་འགྱོད་པ་ནམ་ཡང་སྐྱེས་མ་མྱོང་།

No Content Available

གདན་ཞུའི་རྩོམ་པ་པོ།

Welcome Back!

Login to your account below

Retrieve your password

Please enter your username or email address to reset your password.

Add New Playlist