སྣང་རྒྱལ་ཤེར་དགེ

སྣང་རྒྱལ་ཤེར་དགེ

1ངས་དམུ་ཐག་གི་མཚོན་དོན་མི་ཤེས་ལ་དམུ་ཐག་གི་གསང་བ་དེ་བས་ཀྱང་མི་ཤེས། དེ་ལྟ་ནའང་ང་དམུ་ཐག་ལ་ཤིན་ཏུ་དགའ། ཐེངས་གང་མང་ཞིག་ལ་ངས་རང་ཉིད་ཀྱི་མིག་རྩ་མཛུབ་མོས་མནན་དེ། བཟོད་དཀའ་བའི་ཉི་ཁྱིམ་གྱི་འོད་ཞགས་ལ་ཨུ་ཚུགས་ཀྱིས་བལྟས་ཤིང༌། དྲང་ཤར་ཤར་གྱི་འོད་ཐིག་དེ་དག་ང་རང་ཆེས་དགའ་བའི་དམུ་ཐག་ཡིན་ན་སྙམ། ངས་རང་ཉིད་ཀྱི་དགའ་ཕྱོགས་འདི་ཁྱད་མཚར་ཞིག་ཡིན་པའང་ཤེས་མོད། གང་ལྟར་རང་ཉིད་ཀྱི་སེམས་གཏིང་གི་དུང་བ་འདི་འགོག་མ་ནུས། སྐབས་རེར་དམུ་ཐག་གི་སྣེ་མོ་ཞིག་རང་ཉིད་ཀྱི་སྤྱི་གཙུག་ཏུ་ཟུག་ཡོད་པའི་སྣང་བའང་འཆར། འོན་ཀྱང་དེ་ནི་ཅི་ལ་སྲིད་དེ། ཡབ་ཆེན་གཉའ་ཁྲི་བཙན་པོའི་ཕྱག་ཟུང་འཇུ་ས་འདི། རྫབ་ཆེན་གྲི་གུམ་བཙན་པོས་གླེན་རྟགས་ཀྱིས་བརླག་ཟིན་པ་མིན་ནམ།
གང་ལྟར་ངས་རང་ཉིད་ཀྱི་དགའ་ཕྱོགས་འདི་འགོག་མ་ནུས། འགོག་མ་ནུས་པའི་རྐྱེན་གྱིས་ངས་རང་ཉིད་ལའང་དོགས་པ་ཟོས། དོན་དངོས་སུ་ཁྱོད་སུ་ཡི་བུ་ཡིན་ནམ།

No Content Available

གདན་ཞུའི་རྩོམ་པ་པོ།

Welcome Back!

Login to your account below

Retrieve your password

Please enter your username or email address to reset your password.

Add New Playlist