དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ངའི་མིང་ལ་ནོར་བུ་དང་་་་ཡོད་ཚད་ཟེར།
དེ་ནི་སྙིང་སྐྱེས་མས་བཏགས་པའི་མིང་ཡིན་པས་
དེ་ལས་གཞན་པའི་མིང་ཡོད་ཀྱང་མི་དྲན་གི
ངས་ནི་བརྩེ་གདུང་ལ་རིན་འཚོལ།
བརྩེ་གདུང་ནི་གྱོང་ཁ་དང་ཕམ་ཁ་རེད།
བརྩེ་གདུང་ནི་སྙིང་པོ་མེད་པའི་སྡུག་བསྔལ་རེད།
གྱོང་ཁ་དང་ཕམ་ཁ་ལས་མ་རྒྱལ་བའི་ཐ་ཤལ་བ་ ང་ལ་དོན་སྙིང་ལྡན་པའི་ལོ་རྒྱུས་གང་ཡང་མེད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།