རྫ་ཚེ་རིང་བཀྲ་ཤིས།

རྫ་ཚེ་རིང་བཀྲ་ཤིས།

༡ ངས་རང་ཉིད་ལ་དབང་བའི་བརྡ་འཕྲིན་གྱི་ལམ་ཆེན་འདི་བརྒྱུད་ནས་གོ་ལ་ཅན་གྱི་འཇིག་རྟེན་འདིའི་ནང་དུ་དུས་དང་མཐུན་པའི་འཚོ་བ་ཞིག་བསྐྱེལ་རྒྱུ་ཡིན།
༢ ངས་རང་ཉིད་ལ་དབང་བའི་བོད་ཡིག་གི་གླེང་སྟེགས་འདི་དམ་དུ་བཟུང་ནས་ཁ་བ་གངས་ཅན་ཀྱི་འདས་འབྱུང་ད་གསུམ་ལ་བསམ་གཞིགས་བྱ་རྒྱུ་ཡིན།
༣ ངས་རང་ཉིད་ལ་དབང་བའི་རྒྱང་མཐོང་གི་དྲ་ངོས་འདི་ཡོངས་སུ་སྤྱད་དེ་ཐག་རིང་ཕ་ཡུལ་གྱི་དགའ་སྐྱོའི་འཚོ་བ་ལ་བལྟ་རྟོག་བྱ་རྒྱུ་ཡིན།
༤ ངས་རང་ཉིད་ལ་དབང་བའི་ཟིན་བྲིས་ཀྱི་སྦྲགས་ཁང་འདིར་ཡོང་ནས་བསམ་བློ་འཐུན་པའི་དྲ་གྲོགས་དག་གི་བརྩེ་བ་དང་ཤེས་རབ་ཀྱི་འཕྲིན་བཟང་བསྒུག་རྒྱུ་ཡིན།
༥ ངས་རང་ཉིད་ལ་དབང་བའི་རྒྱལ་སྒོ་འདི་ཕྱེས་ནས་ཐོས་པ་དང་རྣམ་དཔྱོད་ཀྱི་ལེགས་སྐྱེས་མཐའ་དག་ལ་གུས་བཀུར་གྱིས་ཕེབས་གསུ་ཞུ་རྒྱུ་ཡིན།
འདི་ནི་ངས་རྨི་ལམ་ཐུན་གཅིག་གི་ཁ་དོག་ཡིན།
བཀྲ་ཤིས་བདེ་ལེགས།

No Content Available

གདན་ཞུའི་རྩོམ་པ་པོ།

Welcome Back!

Login to your account below

Retrieve your password

Please enter your username or email address to reset your password.

Add New Playlist