ཇོ་རུ་ཚེ་རིང་།

ཇོ་རུ་ཚེ་རིང་།

དྲ་ངོས་ལེབ་མོ་འདི། ངའི་གཟའ་ཉི་མའི་ཇ་ཁང་ཡིན། ཁྱོད་ཀྱང་མ་བོས་འགྲོན་པོར་བྱོན་ཆོག ཡིན་ནའང་། ངེད་ཚང་གིས་སྒོ་ཁྱི་བཙན་པོ་ཞིག་ཉར་ཡོད། དེ་ནི་འུད་གཏམ་དང་ཉོག་བཤད་ལ་སྤྲོ་བ་མེད་པའི་ངའི་རང་གཤིས་གྱོང་པོ་དེ་ཡིན།

དྲ་ངོས་ལེབ་མོ་འདི། ངའི་རང་བཙན་གྱི་ཁྱིམ་གཞིས་ཡིན། ཁྱོས་ཀྱང་རང་གི་གནས་ལུགས་དང་ལྟ་ཚུལ་ཁྱེར་ནས་འགྲོན་པོར་སླེབས་ཆོག ཡིན་ནའང་། ངས་ནམ་ཡང་ཁྱོད་ལ་མི་སེར་སྤེལ་འཇུག་གི་མིན། གལ་སྲིད། ཁྱོད་རང་སུན་སྣང་སྐྱེ་ན་མ་ཡོང་བས་ཆོག འུ་ཅག་གི་བར་དུ་འཛུམ་ཆུང་དང་སྡང་མིག་གང་རུང་གིས་སྦྲེལ་དགོས་དོན་ཡེ་ནས་མི་འདུག འུ་གཉིས་སྔར་བཞིན་ངོ་མ་ཤེས་པར་སོ་སོར་བསྡད་ཆོག

ངས་འདི་ལྟར། ཁྱོད་ཀྱི་འགྲོན་ལམ་ལ་ཚེར་མ་གཏོར་དོན་ནི། ཁྱོད་ཀྱི་རང་དབང་གི་སྨྲ་སྒོ་ལ་སྒོ་ལྕགས་རྒྱག་འདོད་པ་མ་ཡིན་པར། རང་ཉིད་ཀྱི་སྐད་ཆར་རང་གིས་བདག་པོ་རྒྱག་ཐུབ་ཆེད་ཡིན།

ངས་འདི་ལྟར། ཁྱོད་ཀྱི་གོམ་ཁ་ལ་ཚོད་འཛིན་བྱེད་དོན་ནི། ཁྱོད་ཀྱི་མཐའ་མེད་པའི་རང་དབང་གི་གནས་ལུགས་མཐོན་པོ་དེས། ངའི་མངོན་ཆུང་བའི་བདག་དབང་ཆུང་ཆུང་འདི་ནག་གསུབ་མི་ཡོང་ཆེད་ཡིན།

མཐའ་དོན་བརྗོད་འདོད་པ་ནི། ང་ཚོ་ལྷན་དུ་འཚོ་ཞིང་གནས་ཐུབ་པ་དེ་ནི། འུ་ཚོའི་ཡོད་ཚད་དཔར་ཤིང་གཅིག་ལ་ཡོངས་སུ་འཕྲོད་སོང་བས་མ་ཡིན་པར། འུ་ཚོས་ཕྱོགས་ཡོངས་ནས་སོ་སོའི་མ་འདྲ་བའི་ཆ་དེ་ངོས་ཟིན་པས་རེད།

No Content Available

གདན་ཞུའི་རྩོམ་པ་པོ།

Welcome Back!

Login to your account below

Retrieve your password

Please enter your username or email address to reset your password.

Add New Playlist