འོད་གསལ།

འོད་གསལ།

༈ ཚན་རྩལ་རིག་པའི་གོམ་སྟབས་མྱུར་མོས་དུས་ཀྱི་རྟ་ཕོའི་ཁ་ལོ་བསྒྱུར་ཏེ། གོ་ལ་གསར་པའི་དབུ་མཁྱུད་འབྲི་བཞིན་པའི་སྐབས་འདིར། ངེད་ཁ་བ་རི་པའི་ལས་དབང་ལ་རྫོགས་ཚིག་མི་འགོད་པར་ལོ་རྒྱུས་ཀྱི་མེ་ལོང་ངོས་སུ་ཡིད་དུ་འོང་བའི་མཛེས་རིས་ཤིག་འབྲི་ན་འདོད། མི་རིགས་ཤིག་འཚོ་གནས་ཐུབ་མིན་ནི་མི་རིགས་དེའི་སྐད་ཡིག་གནས་མིན་ལ་རགས་ལས་སྟབས། རིགས་ཞེན་གྱི་ཞེ་རྩ་མི་ལྷོད་ཅིང་རང་རིགས་ཀྱི་འདུ་ཤེས་མ་དོར་བའི་མི་བུ་སྐོར་ཞིག་གིས་ལྷག་བསམ་ཆེར་བསྐྱེད་ཀྱིས་བོད་ཡིག་གི་ཚེ་སྲོག་སྐྱོབ་པར་བྲེལ་བཞིན་པའི་སྐབས་འདིར། ང་ཡང་རྩམ་ཟན་བོད་མིའི་རིགས་སུ་གཏོགས་པས་རང་འགར་ལྟད་མོ་བལྟས་ཏེ་སྡོད་ཐབས་མ་མཆིས་པའི་ངེས་ཤེས་བརྟན་པོ་ཞིག་གིས་སྣ་དྲངས་ཏེ། འདས་མ་ད་གསུམ་གྱི་འཕོ་འགྱུར་ལ་མིག་བཤེར་དང་བསམ་གཞིགས་གྲངས་མེད་ཀྱི་མཐར། སྐྱེ་བོ་དེ་དག་གི་མཛད་རྗེས་ལ་དགའ་མགུ་ཡི་རང་དང་བཅས་གནས་འདིར་འོང་བ་ཡིན།

No Content Available

གདན་ཞུའི་རྩོམ་པ་པོ།

Welcome Back!

Login to your account below

Retrieve your password

Please enter your username or email address to reset your password.

Add New Playlist