༢༠༡༧ ལོ་ནི་ལས་འགུལ་གྱི་ལོ་དང་། ༢༠༡༨ ལོ་ནི་བཀའ་དྲིན་རྗེས་དྲན་གྱི་ལོ་ཡིན། བོད་ཀྱི་དུས་བབ། ༢༠༡༧/༠༣/༡༠ དེ་རིང་ནི་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན།་་་ ཇེ་མང་ཀློགས།
ཁྱེད་བཟའ་ཚོ་གཉིས་ཀྱིས་ཧུར་ཐག་རྦད་ཐག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་དུས་བབ། ༢༠༡༧/༠༣/༠༩ ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ད་ལྟ་ལས་བྱེད་དང་སློབ་ཕྲུག་ཁྱོན་ ༤༨༤ ཙམ་ཡོད་པ་དང་ད་ཆར་རོབ་རྩིས་བྱས་ན་ལོ་རེའི་ཡོང་འབབ་ཧིན་སྒོར་ས་ཡ་ ༡༢༠.༣༨ དང་འགྲོ་སོང་སྒོར་ས་ཡ་ ༡༡༦.༤༦ ཡིན་འདུག་་་ ཇེ་མང་ཀློགས།
རྒྱ་ནག་གི་དཔལ་འབྱོར་བཅོས་སྒྱུར་དང་ཞི་ཅིན་ཕིན་གྱི་བྱས་རྗེས། བོད་ཀྱི་དུས་བབ། ༢༠༡༧/༠༣/༠༧ རྒྱ་ནག་གི་དཔལ་འབྱོར་བཅོས་སྒྱུར་དང་ཞི་ཅིན་ཕིན་གྱི་བྱས་རྗེས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་དེ་ཟླ་འདིའི་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོར་རྒྱ་ནག་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་བཞིན་ཡོད་པ་་་ ཇེ་མང་ཀློགས།
མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧོང་ཀོང་རང་བཙན་གླེང་། བོད་ཀྱི་དུས་བབ། ༢༠༡༧/༠༣/༠༦ ཉིན་འདི་གར་ཚོགས་བཞིན་པའི་རྒྱ་ནག་དམངས་ཆེན་ཚོགས་འདུ་མགོ་འཛུགས་སྟེང་། སྲིད་བློན་ལི་ཁེ་ཆང་གིས་ཧོང་ཀོང་གི་རང་བཙན་འཐབ་རྩོད་ལ་སྐྱོན་བརྗོད་བྱས་པའི་སི་ཨན་ཨན་གྱི་གསར་འགྱུར་ཞིག་བོད་སྒྱུར་བྱས་ཡོད།་་་ ཇེ་མང་ཀློགས།
གནམ་སྔོན་པོ་སྲུང་སྐྱོབ་ཀྱི་དམག་འཁྲུག་ཡག་པོ་ཞིག་རྒྱག་གི་ཡིན། བོད་ཀྱི་དུས་བབ། ༢༠༡༧/༠༣/༠༦ རྒྱ་ནག་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་ཐོག་ཞི་ཅིན་ཕིན་སྲོག་ཤིང་ཡིན་པ་ཤུགས་ཆེན་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་དེས་སྲོག་ཤིང་དུ་གྱུར་བར་ཏན་ཏན་མ་འདང་བ་ཞིག་ཡིན་པ་གསལ་པོར་བསྟན་པ་རེད་ཟེར།་་་ ཇེ་མང་ཀློགས།
༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དྲུང་ནས་སྒོམ་སྒྲུབ་སློབ་ཁྲིད་ཞུས། བོད་ཀྱི་དུས་བབ། ༢༠༡༧/༠༣/༠༦ ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དྲུང་ནས་སྒོམ་སྒྲུབ་སློབ་འཁྲིད་ཞུས། རྩོམ་ཡིག་འདི་སྨན་པ་དང་དབང་རྩའི་མཁས་དབང་སཱན་ཇེ་གུཔྟ་(Dr Sanjay Gupta)ལགས་ཀྱི་བརྩམས་གནང་པ་ཡིན་ཞིང་། ཁོང་ནི་སི་ཨན་ཨན་གསར་ཁང་གི་སྨན་རིགས་གསར་འགོད་པའི་འགན་འཛིན་ཡིན།་་་ ཇེ་མང་ཀློགས།
རྒྱ་ནག་གཅིག་གི་སྲིད་བྱུས་དགོས་ན། རྒྱ་གར་གཅིག་གི་སྲིད་བྱུས་ཅིའི་ཕྱིར་མི་དགོས། བོད་ཀྱི་དུས་བབ། ༢༠༡༧/༠༣/༠༤ ད་ལོའི་ཕྱི་ཟླ་ ༤ པའི་ནང་༧གོང་ས་མཆོག་ཨཱ་རུ་ན་ཅལ་མངའ་སྡེ་ནང་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་མ་ཟད། སྐབས་དེར་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་དང་ཨཱ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་དང་མཇལ་འཕྲད་གནང་རྒྱུ་་་ ཇེ་མང་ཀློགས།