བོད་དུ་ཕེབས་འཇུག་རོགས་ཟེར། བོད་ཀྱི་དུས་བབ། ༢༠༡༠/༠༤/༢༣ ཨོ་སི་ཊོ་ལི་ཡའི་ཆབ་སྲིད་མཁས་དབང་དང་མང་ཚོགས་ཀྱིས་༧གོང་ས་མཆོག་ཁམས་སྐྱེ་རྒུ་མདོར་ཕེབས་རྒྱུར་ཡུལ་དེའི་སྲིད་བློན་མཆོག་ལ་སྙན་ཞུ་ཕུལ་ཡོད་འདུག་་་ ཇེ་མང་ཀློགས།
བསྔོ་སྨོན་མཆོད་འབུལ། བོད་ཀྱི་དུས་བབ། ༢༠༡༠/༠༤/༢༢ རྫོང་སར་བཤད་གྲྭས་བོད་ནང་ས་ཡོམ་གྱིས་གནོད་འཚེ་ཕོག་པའི་མི་མང་གི་ཆེད་དུ་དུང་སེམས་མཉམ་སྐྱེད་ཀྱི་བསྔོ་སྨོན་དང་མཆོད་འབུལ་སོགས་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག་་་ ཇེ་མང་ཀློགས།
དོལ་རྒྱལ་ཚོགས་པའི་ཞུ་གཏུགས་རྩིས་མེད་དུ་བཏང་འདུག བོད་ཀྱི་དུས་བབ། ༢༠༡༠/༠༤/༢༢ ལོ་གཉིས་ཀྱི་སྔོན་ལ་དོལ་རྒྱལ་ཚོགས་པས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་། རྒྱ་གར་དབུས་གཞུང་དང་ཧི་མ་ཅལ་མངའ་སྡེ་བཅས་ཁྲིམས་བྱས་པ་དེ་ལྡི་ལི་མཐོ་རིམ་ ཁྲིམས་ཁང་གིས་རྩིས་མེད་བཏང་བ་ཕྱིར་བསྒྲགས་བྱས་འདུག་་་ ཇེ་མང་ཀློགས།
རྟེན་འབྲེལ་དང་ལས་སྨོན་འཛོམས་ཏེ་བོད་དུ་ཕེབས་ཐུབ་སྲིད། བོད་ཀྱི་དུས་བབ། ༢༠༡༠/༠༤/༢༢ ༧རྒྱལ་བ་ཀརྨ་པ་མཆོག་གིས་༧གོང་ས་མཆོག་གིས་དགོངས་པ་ཆེར་བཞེས་གནང་སྟེ། སྐྱོན་ཆག་བྱུང་བའི་ས་ཁུལ་དུ་ཕེབས་ཐུབ་པའི་ཐུགས་རེ་གནང་གི་ཡོད་ལ། གཅིག་བྱས་ན་རྟགས་རྟེན་འབྲེལ་དང་ལས་སྨོན་འཛོམས་ཏེ་བོད་དུ་ཕེབས་ཐུབ་ཅེས་ གསུངས་ཡོད།་་་ ཇེ་མང་ཀློགས།
ཧིན་སྒོར་ ༣༠༠༠༠༠ གྱི་ཞལ་འདེབས། བོད་ཀྱི་དུས་བབ། ༢༠༡༠/༠༤/༢༢ ངེད་ཚོགས་པའི་ངོས་ནས་ཀྱང་འཕྲལ་དུ་རྒྱུན་ལས་ཚོགས་བསྐོང་བྱས་ཏེ། གསོན་པོར་གནས་པའི་རང་རིགས་སྤུན་ཟླ་རྣམས་ཀྱི་ཁྱིམ་གཞིས་བསྐྱར་སྐྲུན་གྱི་ཆེད་དུ་ཧིར་སྒོར་འབུམ་གསུམ་ ༣༠༠༠༠༠ ཞལ་འདེབས་སུ་འབུལ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཟེར།་་་ ཇེ་མང་ཀློགས།
༧གོང་ས་མཆོག་སྐྱེ་རྒུ་མདོར་ཕེབས་རྒྱུར་རེ་བ་རྒྱག་གི་ཡོད། བོད་ཀྱི་དུས་བབ། ༢༠༡༠/༠༤/༢༠ ཐེངས་འདིར་རྒྱ་ནག་གིས་དགོངས་པ་ཆེར་བཞེས་གནང་སྟེ་འདས་གསོན་རྣམས་ཀྱི་ཆེད་དུ། ༧གོང་ས་མཆོག་སྐྱེ་རྒུ་མདོར་ཕེབས་རྒྱུར་རེ་བ་རྒྱག་གི་ཡོད་ཅེས་ཕྱི་དྲིལ་དྲུང་ཆེ་མཆོག་གིས་གསུངས།་་་ ཇེ་མང་ཀློགས།
བོད་མི་ ༨ འཇུས་པ། བོད་ཀྱི་དུས་བབ། ༢༠༡༠/༠༤/༡༩ བལ་ཡུལ་ཉེན་རྟོག་པས་བོད་མི་ ༨ ཁྲིམས་འགལ་གྱིས་བལ་ཡུལ་ས་ཁོངས་སུ་འཛུལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག་་་ ཇེ་མང་ཀློགས།
ཞལ་འདེབས་སློང་གི་ཡོད། བོད་ཀྱི་དུས་བབ། ༢༠༡༠/༠༤/༡༩ ང་ཚོས་བསྡུ་སློང་བྱ་རྒྱུའི་མ་དངུལ་དེ་ས་གནས་ས་ཐོག་གི་མི་མང་ལ་འཕྲོད་པར་བྱ་ ཐུབ་པའི་གདེང་ཚོད་དང་ཡིད་ཆེས་ཡོད་ཅེས་ ༤༌༡༤ གསར་དུ་བཙུགས་པའི་ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་གིས་གསར་འགོད་པར་འགྲེལ་ བརྗོད་གནང་བྱུང་། ་་་ ཇེ་མང་ཀློགས།