མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྐང་འཁོར་རྒྱང་སྐྱོད་ཀྱི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་ཕྱི་ཚེས་ ༨ ཉིན་
རྒྱ་གར་ལྷོ་ཕྱོགས་མོན་གྷོ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་དང་། མོན་གྷོ་དབུ་མའི་ལམ་ལས་འགུལ་ཁང་། མོན་གྷོ་རྒྱལ་ཡོངས་དམངས་གཙོ་ཚོགས་པ། མོན་གྷོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། མོན་གྷོ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཚོགས་པ་ལྔ་ཐུན་མོང་གི་སྣེ་འཁྲིད་དེ། དགོས་འདུན་དོན་ཚན་གཉིས་དང་འབོད་སྐུལ་གཅིག་གི་འོག རྔ་པ་ཀིརྟི་དགོན་པ་གཙོས་རྔ་བའི་མི་མང་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ་མོན་གྷོ་ནས་པུ་ན་བར་གྱི་རྫོང་དང་། གྲོང་ཁྱེར་ཁག་ནང་ཡིག་ཆ་འགྲེམ་སྤེལ་ཆེད་རྐང་འཁོར་རྒྱང་སྐྱོད་ཀྱི་ལས་འགུལ་ཞིག་མགོ་འཛུགས་གནང་ཡོད་འདུག

ཐེངས་འདིའི་ལས་འགུལ་གྱི་བསྒྲགས་གཏམ་ནང་བཀོད་དོན། ཉེ་ཆར་ ༢༠༡༡ ཟླ་ ༣ ཚེས ༡༦ ཉིན་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཕུན་ཚོགས་ནས་རྒྱ་དམར་གཞུང་གིས་བོད་ནང་དུ་མི་སྤྱོད་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པར་རང་ལུས་མེ་རུ་བསྒྲོན་ཏེ་ཞི་བའི་ངོ་རྒོལ་བྱས་པ་ནས་བཟུང་། རྒྱ་ནག་གི་དྲག་ཆས་དམག་མི་བཀོལ་ཏེ་རྔ་བ་ཀིརྟི་དགོན་པ་དང་རྔ་བའི་མི་མང་ལ་དྲག་གནོན་ཚབས་ཆེན་བྱས་དང་བྱེད་བཞིན་པའི་གནས་སྟངས་ཛ་དྲག་མུ་མཐུད་གནས་མུས་ལ་སོང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཁག་དང་། སྲིད་གཞུང་། མི་མང་། གྲོས་ཚོགས། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། ལྷག་པར་དུ་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་སྐྱོར་དང་ལམ་སྟོན་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བསྒྲགས་འདུག  

ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་དོན་ཚན་གཉིས་དང་འབོད་སྐུལ་གཅིག་བཅས་ནི། དང་པོ། རྒྱ་དམར་གཞུང་གིས་རྔ་པ་ཀིརྟི་དགོན་པ་གཙོས་རྔ་པའི་མི་མང་ལ་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་དང་མྱུར་ཏུ་དྲག་ཆས་དམག་མི་ཕྱིར་འཐེན་བྱེད་དགོས་པ། གཉིས་པ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཆ་ཚང་ཀློད་གྲོལ་གཏོང་དགོས་པ། འབོད་སྐུལ་གཅིག་ནི། རང་དབང་དང་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་རང་དབང་གི་གསར་འགོད་པ་དག་ངེས་པར་དུ་རྔ་པ་ས་ཁུལ་དུ་གཏོང་རོགས་གནང་། ཞེས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

མཆན། 6

  1. ཨ་མཆོག་ཚངས་ཐིག says:
    ལོ་ 15 སྔོན།

    ཁ་བ་གངས་ཅན་པ་ཚོ། གཅིག་རྒྱབ་གཅིག་ལངས་ཀྱིས་ངར་ཤུགས་གཅིག་ཏུ་སྤུངས་ན། མ་འོངས་པ་རང་བཞིན་གྱིས་བསུ་ཡོང་ལ། གྲུབ་འབྲས་ལ་ཕྱོགས་པའི་རེ་བའི་ལམ་ཆེན་མདུན་དུ་སླེབ་ངེས་ཡིན། ཉེ་ཆར་ཨ་མདོ་རྔ་བ་པ་དག་གིས་མི་རིགས་གཅིག་དང་། སྐད་ཡིག་གཅིག་གི་ཆེད་ཙམ་མིན་པར་འཛམ་གླིང་འདིར་ཆེས་མེད་དུ་མི་རུང་བའི་ཞི་བདེའི་སྲོག་སྙིང་ལྟ་བུའི་རིག་གཞུང་ཞིག་གིས་མྱོང་བཞིན་པའི་མནར་གཅོད་རྣམས་རང་སྟེང་དུ་བླངས་ཏེ། འདས་ཟིན་པའི་བཙན་པོ་དག་གི་སྟོབས་ཤུགས་དང་དཔའ་ངར་དང་དུ་བླངས་པར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ། ངའི་མདུན་ནས་ལམ་དུ་ཆས་སོང་བའི་རྐང་འཁོར་ལས་འགུལ་བ་གྲོགས་གངས་རིས་གཙོས་ཐམས་ཅད་ལ་སྙིང་ཐག་པ་ནས་རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་བརྒྱ་ཕྲག་ཞུ་བཞིན། ཨ་མཆོག་ཚངས་ཐིག་པས།

    Reply
  2. ཁ་བའི་འདབ་མ། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ། རྒྱབ་སྐྱོར་ཡོད།

    Reply
  3. ཁ་བའི་འདབ་མ། says:
    ལོ་ 15 སྔོན།

    བཙན་བྱོལ་སྤྱི་ཚོགས་ནང་གི་ཚོགས་པ་ལྔ་འདི་ནམ་ཡང་མི་དམངས་གི་རེ་བ་བྱེད་ས་ཞིག་རེད། ད་དུང་ཡང་ལས་འགུལ་ཞིག་སྤེལ་འདུག རྒྱབ་སྐྱོར་ཡོད་་་་་་་མུ་མཐུད་དུ ་་་་་་་་་་་

    Reply
  4. ཨ་གཙང་གནས་རྒྱམ། says:
    ལོ་ 15 སྔོན།

    ངོ་མ་སྙིང་སྟོབས་དང་ལྷག་བསམ་གཉིས་ལྡན་རེད། ཁ་བཤད་ཙམ་མ་ཡིན་པར་ལག་ལེན་ཁྲོད་ན་འབར་བའི་རྒྱལ་གཅེས་པ་ཚོ་ལོངས་ཤོག

    Reply
  5. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་བདེན་དོན་དང་རང་དབང་ཆེད་དཀའ་སྤྱད་དང་ལེན་བྱེད་བཞིན་པའི་རྒྱལ་གཅེས་དཔའ་བོ་གངས་རི་གཙོས་པའི་རྐང་འཁོར་འགྲུལ་བཞུད་པ་རྣམས་ཀྱི་ལས་འགུལ་དོན་འཁྱོལ་ཡོང་བ་དང་།ལྷན་རྒྱས་ཚོའི་ཐུགས་ཀྱི་དགོངས་བཞེད་རྣམས་ལེགས་འགྲུབ་ཡོང་བའི་རེ་བ་དང་སྨོན་ལམ་ཡོད།
    ཁ་དྲོ།བོད་རྒྱལ་ལོ།དབུ་མའི་ལམ་རྒྱལ་ལོ།

    Reply
  6. ཤིང་ལོ། says:
    ལོ་ 15 སྔོན།

    ཚོགས་པ་ལྔའི་ལས་འགན་ཐོག་བབས་ཡོད་པས་རྒྱབ་སྐྱོར་དང་། ཐུགས་རྗེ་ཆེ་ཡོད།གཙོ་བོ་སྐད་བརྡ་འཕྲོད་པོའི་ཐོག་ནས་གསར་འགོད་གསལ་བསྒྲགས་བྱེད་རྒྱུ་གལ་ཆེན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese