མིག་སྒྲིབ་རྒྱལ་དཀྲོགས་ལས་འགུལ་ས་གནས་ ༥༥ ནང་སྐྱོད་འདུག༼པར༽ བོད་ཀྱི་དུས་བབ། ༢༠༡༢/༠༥/༢༩ ཤེས་རབ་ཚེ་རྡོར་ལགས་ཀྱིས་ཟླ་གཉིས་ལྷག་རིང་རྒྱ་གར་གྱི་ས་གནས་དང་གྲོང་ཁྱེར་ ༥༠ ཙམ་ནང་མིག་སྒྲིབ་རྒྱལ་དཀྲོག་གི་ལས་འགུལ་སྤེལ་ཏེ། ད་ཆར་མི་ཉིས་ཁྲི་ལྷག་གི་མཚན་རྟགས་བསྡུས་ཡོད་པ་མ་ཟད། ཉིན་འདི་གར་ཨོ་རེ་སཱ་བོད་མིའི་གཞས་་་ ཇེ་མང་ཀློགས།
སློབ་མར་ནང་ཆོས་ངོ་སྤྲོད། བོད་ཀྱི་དུས་བབ། ༢༠༡༢/༠༥/༢༩ ཕྱི་ཟླ་ ༦ པའི་ཚེས་མགོ་ནས་ྋགོང་ས་མཆོག་གིས་བཞུགས་སྒར་དུ་བོད་རིགས་ན་གཞོན་རྣམས་དང་རྒྱ་གར་ནང་པ་ཚོར་ནང་ཆོས་ངོ་སྤྲོད་གནང་རྒྱུ་ཡིན་འདུག་་་ ཇེ་མང་ཀློགས།
འགྲན་རྩོམ་བྱ་དགའ་གནང་། བོད་ཀྱི་དུས་བབ། ༢༠༡༢/༠༥/༢༩ སློབ་མའི་ཚགས་པར་གྱི་གོ་སྒྲིག་འོག་དེ་རིང་སྔ་དྲོར་བཞུགས་སྒར་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་སློབ་མའི་འགྲན་རྩོམ་བྱ་དགའ་སྤྲོད་པའི་མཛད་སྒོ་ཞིག་ཚོགས་སོང་།་་་ ཇེ་མང་ཀློགས།
སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་སྐར་སྲུང་གཙི་ཐེངས་དང་པོ། བོད་ཀྱི་དུས་བབ། ༢༠༡༢/༠༥/༢༩ ཁ་སང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་དུ་སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་ཏེ་ལོ་ངོ་ ༢༦༣༧ འཁོར་བའི་འཁྲུངས་སྐར་སྲུང་གཙི་དང་འབྲེལ། གདན་ཞུའི་སྐུ་མགྲོན་ཁག་ཅིག་གིས་སྟོན་པ་མཆོག་གི་འཁྲུངས་འདས་དང་མཛད་རྣམ་ཐོག་བགྲོ་གླེང་བཅས་གནང་སོང་།་་་ ཇེ་མང་ཀློགས།
གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ། བོད་ཀྱི་དུས་བབ། ༢༠༡༢/༠༥/༢༩ ཁ་སང་ཕྱི་དྲོ་དྷ་སྟེང་དྷ་ས་ས་གནས་གཞོན་ནུ་དང་བུད་མེད་གཉིས་ཀྱི་གོ་སྒྲིག་འོག བོད་ཁྱིམ་རྩེད་ཐང་དུ་མེར་མེ་འདུ་འཛོམས་ཀྱི་ལས་འགུལ་ཞིག་སྤེལ་སོང་།་་་ ཇེ་མང་ཀློགས།
འཕགས་ཞིང་དང་སྦོག་ར་གཉིས་རྒྱལ་འདུག བོད་ཀྱི་དུས་བབ། ༢༠༡༢/༠༥/༢༩ གཟའ་ཟླ་བའི་ཕྱི་དྲོའི་འགྲན་ཐེངས་གསུམ་གྱི་ཁྲོད་ནས། འཕགས་ཞིང་དང་སྦོག་ར་རུ་ཁག་གཉིས་སོ་སོའི་འགྲན་ཡ་ལས་རྒྱལ་ཡོད་པ་དང་། མོན་གྷོ་ཊི་དང་གྷ་ལ་ཧོ་སི་གཉིས་འདྲ་མཉམ་ཆགས་འདུག་་་ ཇེ་མང་ཀློགས།
རྡོ་རྗེ་ཚེ་བརྟན་སྐུ་གྲོངས་འདུག བོད་ཀྱི་དུས་བབ། ༢༠༡༢/༠༥/༢༨ ཁ་སང་ཕྱི་ཚེས་ ༢༧ ཉིན་ལྷ་སའི་ཇོ་ཁང་མདུན་ཐང་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་མཁན་རྡོ་རྗེ་ཚེ་བརྟན་ལགས་སྐུ་གྲོངས་འདུག་་་ ཇེ་མང་ཀློགས།
༸གོང་ས་མཆོག་བཞུགས་སྒར་དུ་ཕེབས་བྱུང་། བོད་ཀྱི་དུས་བབ། ༢༠༡༢/༠༥/༢༨ ༸གོང་ས་མཆོག་གི་ཡུ་རོབ་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས། དེང་རིང་ཉིན་གུང་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བའི་ཕེབས་བསུའི་ཁྲོད་བཞུགས་སྒར་དུ་ཞབས་སོར་བཀོད་སོང་།་་་ ཇེ་མང་ཀློགས།