མངའ་རིས་ནས་གནའ་རྫས་རྙེད། བོད་ཀྱི་དུས་བབ། ༢༠༡༨/༠༢/༠༡ བོད་སྐྱོར་གྱི་མིང་བཏགས་པའི་རྒྱ་ནག་གི་གནའ་རྫས་རྟོག་ཞིབ་ཚན་པ་ཞིག་གིས་བོད་མངའ་རིས་ནས་གནའ་བོའི་བང་སོ་ ༩ བསྔོགས་ཏེ་གནའ་རྫས་རིགས་མང་པོ་ཞིག་རྙེད་ཡོད་འདུག་་་ ཇེ་མང་ཀློགས།
ཆབ་སྲིད་བཙོན་ཟུར་ངག་དབང་མཚོ་མོ་ལགས་སྐུ་གྲོངས། བོད་ཀྱི་དུས་བབ། ༢༠༡༨/༠༢/༠༡ རྒྱ་ནག་གཞུང་གིས་ལོ་ ༧ བཙོན་འཇུག་བྱས་ཏེ་སྡུག་སྦྱོང་མནར་གཅོད་བཏང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བཙུན་མ་ངག་དབང་མཚོ་མོ་ལགས་ཉིན་ཤས་སྔོན་འཕན་པོ་རྫོང་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག་་་ ཇེ་མང་ཀློགས།
ཝང་ཆི་ཧྲན་བསྐྱར་དུ་དམར་ཤོག་ཚོཊ་པའི་སྲིད་སྟེཊ་སུ་བསླེབས། བོད་ཀྱི་དུས་བབ། ༢༠༡༨/༠༡/༣༡ རྒྱ་ནག་པེ་ཅིན་གྱི་གནད་ཡོད་མི་སྣ་ཁག་ཅིག་གིས་འདི་ལོའི་ཕྱི་ཟླ་ ༣ པའི་དམངས་ཆེན་ཚོགས་འདུའི་ཐོག་ཝང་ཆི་ཧྲན་རྒྱ་ནག་གི་སྲིད་བློན་གཞོན་པར་བསྐོ་བཞག་བྱེད་སྲིད་སྐོར་བརྗོད་འདུག་་་ ཇེ་མང་ཀློགས།
ཆབ་སྲིད་བཙོན་ཟུར་བློ་གྲོས་ལགས་གར་ཡོད་ཅི་བྱུང་མེད་པར་གྱུར། བོད་ཀྱི་དུས་བབ། ༢༠༡༨/༠༡/༣༠ ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་དུ་ཆབ་སྲིད་བཙོན་ཟུར་གྲགས་ཅན་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཀྱིས་ཞི་རྒོལ་སྐད་འབོད་གནང་རྗེས་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག་་་ ཇེ་མང་ཀློགས།
ཧིན་སྒོར་འབུམ་ ༣༠ བཏང་སྟེ་གཞིས་ཆགས་ཁག་བརྒྱད་ནང་ཆུ་ལ་ཞིབ་འཇུག་བྱེད་ཀྱི་འདུག བོད་ཀྱི་དུས་བབ། ༢༠༡༨/༠༡/༢༩ བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཆེད་མཁས་མི་སྣ་གླས་ཏེ་ལྷོ་གཞིས་ཆེ་ཁག་ལྔ་དང་དབུས་གཞིས་ཆགས་གསུམ་ནང་ཆུའི་ཐོན་ཁུངས་ལ་ཞིབ་འཇུག་བྱེད་བཞིན་འདུག་་་ ཇེ་མང་ཀློགས།
བོད་ཀྱི་སྟག་ཤར་ཞིག་གིས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་བྱས། བོད་ཀྱི་དུས་བབ། ༢༠༡༨/༠༡/༢༩ ཕྱི་ལོ་ ༢༠༡༦ ལོའི་ཁ་ན་ཌའི་བོད་ཀྱི་སྟག་ཤར་སངས་རྒྱས་སྐྱབས་ལགས་ཀྱིས་ཊོ་རོན་ཊོར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག་་་ ཇེ་མང་ཀློགས།
མོན་ཇོ་ནང་དགོན་པར་རིས་མེད་སྨོན་ལམ་ཆེན་མོ་ཚོགས། བོད་ཀྱི་དུས་བབ། ༢༠༡༨/༠༡/༢༩ ཟླ་འདིའི་ཕྱི་ཚེས་ ༢༥ ནས་ ༢༨ བར་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དབུ་བཞུགས་ཐོག་མོན་ཇོ་ནང་བཀྲ་ཤིས་ཆོས་ཐང་དགོན་པར་རིས་མེད་སྨོན་ལམ་ཆེན་མོ་ཐེངས་དང་པོ་སྐོང་ཚོགས་གནང་ཡོད་པ་རེད།་་་ ཇེ་མང་ཀློགས།
བོད་རྒྱ་ཚིག་མཛོད་མཉེན་ཆས་གསར་པ་དབུ་འབྱེད་གནང་། བོད་ཀྱི་དུས་བབ། ༢༠༡༨/༠༡/༢༩ ཐའེ་ཝན་དུ་<<བོད་རྒྱ་ཚིག་མཛོད་མཉེན་ཆས>>་གསར་པ་དབུ་འབྱེད་གནང་བའི་མཛད་སྒོའི་ཐོག་གློག་ཀླད་ཆེད་མཁས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་རྒྱ་བོད་ཚིག་མཛོད་མཉེན་ཆས་ཕབ་ལེན་བྱེད་མཁན་མི་གྲངས་ས་ཡ་གཅིག་ལས་བརྒལ་ཡོད་སྐོར་་་ ཇེ་མང་ཀློགས།