མངའ་རིས་སུ་དམག་གི་ས་འོག་མཛོད་ཁང་ཆེན་པོ་ཞིག་རྒྱག་བཞིན་འདུག བོད་ཀྱི་དུས་བབ། ༢༠༡༩/༠༡/༡༩ རྒྱ་ནག་གཞུང་གིས་རྒྱ་གར་དང་རྒྱང་ཐག་སྤྱི་ལེ་ ༥༠ ཙམ་གྱི་མཚམས་སུ་ཡོད་པའི་བོད་མངའ་རིས་སྒར་རྫོང་གི་ས་ཁུག་ཅིག་ཏུ་དམག་གི་ས་འོག་མཛོད་ཁང་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་འདུག་་་ ཇེ་མང་ཀློགས།
གྲྭ་ཆོས་ཀྱིས་ལགས་ཀློད་གྲོལ་བཏང་། བོད་ཀྱི་དུས་བབ། ༢༠༡༩/༠༡/༡༩ ཁ་སང་དགོང་མོར་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་བཞི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཕུ་གུ་དགོན་གྱི་དགེ་འདུན་པ་ཆོས་ཀྱིས་ལགས་ཀློད་གྲོལ་བཏང་ཡོད་འདུག་་་ ཇེ་མང་ཀློགས།
འདས་ལོའི་ལོ་སྟོད་སྨད་བསྡུར་ན་འགྲུལ་བ་འགྲོ་འོང་བརྒྱ་ཆ་ ༧༩ མར་ཆག་སོང་ཟེར། བོད་ཀྱི་དུས་བབ། ༢༠༡༩/༠༡/༡༨ རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་བརྒྱུད་ནས་རྒྱ་ནག་ནང་དྲག་སྤྱོད་པ་དང་ཉེས་ཅན་སིམ་འཛུལ་མི་ཡོང་བའི་ཆེད་དུ་ས་མཚམས་ཁག་ནས་དམ་དྲག་ཤུགས་སྣོན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག་་་ ཇེ་མང་ཀློགས།
དབུལ་ཕུངས་དུད་ཁྱིམ་ཟེར་བའི་ནང་རྒྱ་ནག་གཞུང་གི་ལས་བྱེད་ཚོ་ཡང་ཚུད་ཡོད་འདུག བོད་ཀྱི་དུས་བབ། ༢༠༡༩/༠༡/༡༨ རྒྱ་ནག་གཞུང་གིས་ད་ལོའི་ལོ་མཇུག་བར་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་གསེབ་དང་གྲོལ་རྡལ་ཁག་ཚང་མ་དབུལ་སྒྲོལ་འགག་གཏོར་ཆེད་གཞུང་ལམ་གྱིས་མཐུད་ཐུབ་པ་བྱ་རྒྱུ་ཡིན་ཟེར།་་་ ཇེ་མང་ཀློགས།
སྐྱབས་རྟེན་བསྔོ་རྟེན་འབུལ་མཁན་ལའང་ཁ་བྲལ་བར་དངུལ་སྤྲད་པའི་ཉེས་མིང་འགེལ་གྱི་ཡོད། བོད་ཀྱི་དུས་བབ། ༢༠༡༩/༠༡/༡༤ རྒྱ་ནག་གཞུང་གིས་འདས་ལོར་བོད་རང་སྐྱོང་ལྗོངས་ནང་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་དང་ཡང་ན་དཔལ་འབྱོར་གྱི་རྒྱབ་རྟེན་འོག་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་ ༢༥ ལ་ཉེས་ཆད་བཅད་ཡོད་སྐོར་བསྒྲགས་འདུག་་་ ཇེ་མང་ཀློགས།
ཕྱི་མི་ཡུལ་སྐོར་བ་བོད་ནང་འགྲོ་རྒྱུ་ལས་སླ་རུ་བཏང་ཡོད་ཟེར། བོད་ཀྱི་དུས་བབ། ༢༠༡༩/༠༡/༡༡ བོད་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་ཆེ་དགྲ་ལྷས་འདས་ལོར་བོད་ལྗོངས་ནང་ཡུལ་སྐོར་བ་ས་ཡ་ ༣༣ ལྷག་ཙམ་བྱུང་བ་དང་འདི་ལོར་ཕྱི་མི་ཡུལ་སྐོར་བ་བརྒྱ་ཆ་ ༥༠ ཡར་འཕར་བའི་རེ་བ་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག་་་ ཇེ་མང་ཀློགས།
ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉ་སེང་སྒྲ་བཀག་ཉར་བྱས། བོད་ཀྱི་དུས་བབ། ༢༠༡༩/༠༡/༠༩ མགོ་ལོག་དགའ་བདེ་རྫོང་ས་གནས་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་ཐེར་འདོན་དང་འབྲོག་མིའི་ཐོབ་ཐང་རྩོད་ལེན་པ་ཨ་ཉ་སེང་སྒྲ་ལགས་འཛིན་བཟུང་བྱས་ཏེ་ཟི་ལིང་གི་བཀག་ཉར་ཁང་ཞིག་ཏུ་འདུག་་་ ཇེ་མང་ཀློགས།
རྨ་འབྲི་རྫ་གསུམ་ནང་ཉ་རིགས་ཚེ་ཐར་གཏོང་མི་ཆོག་ཟེར། བོད་ཀྱི་དུས་བབ། ༢༠༡༩/༠༡/༠༧ འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ཟེར་བའི་ལས་གཞིའི་འོག་ཟླ་འདིའི་ནང་ནས་བཟུང་ཡུལ་ཤུལ་ཁུལ་གྱི་རྨ་འབྲི་རྫ་གསུམ་གྱི་ཆུ་གཞུང་དང་། ཡན་ལག་གི་ཆུ། མཚེའུ་དང་ཆུ་མཛོད་སོགས་ཀྱི་ནང་ཉ་ཚེ་ཐར་གཏོང་མི་ཆོག་པ་བཟོས་འདུག་་་ ཇེ་མང་ཀློགས།