རྗེས་ཕྱོཊ་བླ་རུང་སྒར་དུ་གཏན་སྡོད་མི་བྱེད་པའི་དམ་བཅའ་ཞོག བོད་ཀྱི་དུས་བབ། ༢༠༡༦/༡༠/༣༡ རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་སློབ་གཉེར་གནང་བཞིན་པའི་ས་གནས་གཞན་གྱི་གྲྭ་བཙུན་རྣམས་ཕྱིར་ཕུད་བཏང་སྟེ་རྗེས་ཕྱོཊ་བླ་རུང་སྒར་དུ་གཏན་སྡོད་མི་བྱེད་པའི་དམ་བཅའ་ཡི་གེ་ཞིག་ལ་མཚན་རྟགས་འགོད་དུ་འཇུག་བཞིན་ཡོད་འདུག་་་ ཇེ་མང་ཀློགས།
གྲྭ་པ་གཉིས་བཙན་འཁྲིད་བྱས་ཏེ་ཟླ་གཉིས་ལྷག་ཕྱིན། བོད་ཀྱི་དུས་བབ། ༢༠༡༦/༡༠/༢༧ རྒྱ་གཞུང་གིས་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་གཉིས་བཙན་འཁྲིད་བྱས་ཏེ་ཟླ་གཉིས་ལྷག་ཕྱིན་ཡོད་ཀྱང་གར་ཡོད་ཅི་བྱུང་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།་་་ ཇེ་མང་ཀློགས།
བླ་བྲང་འཇིགས་མེད་རྒྱ་མཚོ་བཙོན་གྲོལ་ཐོབ། བོད་ཀྱི་དུས་བབ། ༢༠༡༦/༡༠/༢༦ དེ་རིང་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༨།༣༠ ཙམ་ལ། དེ་སྔོན་རྒྱའི་བཙོན་འོག་ཏུ་ཡོད་པའི་བླ་བྲང་དགོན་པའི་གྲྭ་འཇིགས་མེད་རྒྱ་མཚོ་ལགས་བཙོན་གྲོལ་ཐོབ་སྟེ་ཕྱིར་ཡུལ་དུ་ལོག་ཡོད་འདུག་་་ ཇེ་མང་ཀློགས།
ཚད་མའི་དགུན་ཆོས་ཆེན་མོ་མཇུག་བསྒྲིལ། བོད་ཀྱི་དུས་བབ། ༢༠༡༦/༡༠/༢༤ བོད་མདོ་སྨད་རྔ་པ་ཀིརྟིའི་དགོན་དུ་"ཀིརྟི་ཚང་གི་གདན་ས་གོང་འོག་གིས་གཙོས་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚད་མའི་དགུན་ཆོས་ཆེན་མོ་"ཐེངས་བཅུ་བ་དེ་ཚོགས་ཡོད་འདུག་་་ ཇེ་མང་ཀློགས།
གྲྭ་བ་ཞིག་ལ་འཛིན་བཟུང་གཅར་རྡུང་བཏང་སྟེ་སྨན་ཁང་དུ་བསྐྱལ། བོད་ཀྱི་དུས་བབ། ༢༠༡༦/༡༠/༢༠ རྔ་བ་རྫོང་ཐོག་ནས་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ཞུ་བ་ཞིག་གིས་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་སྐབས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གཅར་རྡུང་བྱས་ཏེ་རྔ་བ་རྫོང་སྨན་དུ་བསྐྱལ་ཡོད་འདུག་་་ ཇེ་མང་ཀློགས།
ཡུལ་ཤུལ་རྫ་སྟོད་དུ་ས་ཡོམ་བརྒྱབ་འདུག བོད་ཀྱི་དུས་བབ། ༢༠༡༦/༡༠/༡༧ མཚོ་སྔོན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ཚད་རིམ་ ༦.༤ ཅན་གྱི་ས་ཡོམ་བྱུང་སྟེ། ཡུལ་མིའི་སྡོད་ཁང་དང་ཕྱུགས་ཟོག་ལ་གནོད་པ་བྱུང་ཡོད་སྐོར་བརྗོད་འདུག་་་ ཇེ་མང་ཀློགས།
བོད་ཀྱི་གླུ་བ་གཉིས་བཙོན་གྲོལ་བཏང་འདུག བོད་ཀྱི་དུས་བབ། ༢༠༡༦/༡༠/༠༦ བོད་ཀྱི་གླུ་བ་པདྨ་འཕྲིན་ལས་ལགས་དང་ཕྱག་རྡོར་ལགས་ཀྱི་ ༤ ཡི་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བཏང་ཡོད་ནའང་། ཁོང་རྣམ་པ་གཉིས་ཀྱི་སྐུ་གཟུགས་གནས་སྟངས་ཤེས་རྟོགས་ཐུབ་མེད་པ་རེད།་་་ ཇེ་མང་ཀློགས།
གྲྭ་ཤག་ ༦༠༠ ཙམ་གཏོར་ཏེ་གྲྭ་བཙུན་ ༡༠༠ ལྷག་ཕྱིར་ཕུད་བཏང་། བོད་ཀྱི་དུས་བབ། ༢༠༡༦/༡༠/༠༡ གསེར་རྟ་བླ་རུང་སྒར་ནས་གྲྭ་ཤག་ ༦༠༠ མ་ཟིན་ཙམ་གཏོར་ཚར་ཡོད་པ་དང་བོད་རང་སྐྱོང་ལྗོངས་ནས་ཡིན་པའི་གྲྭ་བཙུན་ ༡༡༠ ཉིན་ཤས་སྔོན་བཙན་གྱིས་ཕྱིར་ལོག་བཏང་ཡོད་འདུག་་་ ཇེ་མང་ཀློགས།