མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གྲོགས་པོ་སྒྱུ་རྩལ་བ་ཞིག་འདས་གྲོངས།

བོད་ཀྱི་དུས་བབ།
༢༠༡༦/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་ལོ་བདུན་ཞེས་པའི་གླུ་གཞས་གཏོང་མཁན་དབྱིན་ཇིའི་རོལ་གཞས་སྒྱུ་རྩལ་བ་གྲགས་ཅན་ཌཱ་ཝི་ཌི་བྷོ་བི་ལགས་མཆིན་པའི་འབྲས་སྐྲན་གྱིས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

160112061646R2རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ༼བོད་ནང་ལོ་བདུན༽ཞེས་པའི་གླུ་གཞས་གཏོང་མཁན་དབྱིན་ཇིའི་རོལ་གཞས་སྒྱུ་རྩལ་བ་གྲགས་ཅན་ཌཱ་ཝི་ཌི་བྷོ་བེ་(David Bowie)ལགས། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་མཆིན་པའི་འབྲས་སྐྲན་གྱི་ནད་རྙིང་འཕར་ཏེ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དབྱིན་ཇིའི་སྲིད་བློན་ཌ་ཝེ་ཌི་ཁེམ་རོན་ (David Cameron)ལགས་ཀྱི་གཙོས་རྒྱལ་སྤྱིའི་ཐོག་ནས་ཁོང་གི་རོལ་གཞས་སྒྱུ་རྩལ་དང་གློག་བརྙན་ལ་དགའ་མོས་བྱེད་མཁན་ཧ་ཅང་མང་པོས། ཁོང་འདས་གྲོངས་སུ་ཕྱིན་པ་དེས་རོལ་གཞས་སྒྱུ་རྩལ་ཐད་གྱོང་གུད་ཆེན་པོ་ཐེབས་ཡོད་སྐོར་བརྗོད་དེ་རྗེས་དྲན་མྱ་ངན་ཞུ་བཞིན་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་ཌཱ་ཝི་ཌི་བྷོ་བེ་ལགས་ཀྱི་གཞུང་གཉེར་ངོ་དེབ་ཐོག འདས་པའི་ཟླ་ ༡༨ རིང་སྤོབས་པ་ཆེན་པོའི་ཐོག་ནས་འབྲས་སྐྲན་གྱི་ན་ཚར་འཐབ་འཛིང་བྱས་རྗེས། དེ་རིང་ཁྱིམ་མི་ཚོའི་ལྟ་སྐྱོང་འོག་ཁོང་འཇིག་རྟེན་འདི་ནས་ཁ་བྲལ་སོང་། ཞེས་བྲིས་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༨ ཉིན་ནི་ཁོང་དགུང་ལོ་ ༦༩ ལོན་པའི་སྐྱེས་སྐར་ཡིན་པ་དང་། ཉིན་དེར་ཁོང་གི་མི་ཚེའི་ནང་གི་ཆེད་སྒྲིག་མཐའ་མ་སྐར་མ་ནག་པོ་(Blackstar)ཞེས་པ་དེའང་འགྲེམས་སྤེལ་བྱས་ཡོད་འདུག

ཌཱ་ཝི་ཌི་བྷོ་བེ་ལགས་དགུང་ལོ་ ༡༣ ཙམ་ཡིན་སྐབས། དབྱིན་ཇིའི་རྩོམ་པ་པོ་བློ་བཟང་ཟེར་བ་ཞིག་གིས་བརྩམས་པའི་(The Rampa Story)ཞེས་པའི་དཔེ་དེབ་ཀྱི་ཤུགས་རྐྱེན་འོག ནང་ཆོས་ལ་དོ་དབྱིངས་བསླེབས་ཏེ་ཁོ་རང་གི་ཕུ་བོ་སོགས་ཀྱི་འགྲམ་ནས་ནང་ཆོས་སྦྱོང་མགོ་བརྩམས་ཡོད་པ་དང་། ཕྱིས་སུ་འཆི་མེད་གཡུང་དྲུང་རིན་པོ་ཆེ་དང་གྲོགས་པོར་གྱུར་ཏེ་ཁོང་གི་མདུན་ནས་ཀྱང་ནང་ཆོས་སྦྱངས་ཡོད་འདུག ཌཱ་ཝི་ཌི་བྷོ་བེ་ལགས་དགུང་ལོ་ ༡༩ ཙམ་ལ་སོན་སྐབས། དབྱིན་ཇིའི་སི་ཀོ་ཊི་ལན་ཌི་ནང་ཡོད་པའི་ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་དགོན་པ་བསམ་ཡས་གླིང་དུ་སོང་ནས་སྒོམ་ཉམས་ལེན་བྱས་པ་མ་ཟད། སྐབས་དེར་ཁོང་ལ་རབ་བྱུང་སྒྲུབ་འདོད་ཀྱི་འདུན་པའང་ཆེན་པོ་སྐྱེས་ཡོད་ཀྱང་། གཞན་གྱི་ལམ་སྟོན་ལྟར་གླུ་གཞས་སྒྱུ་རྩལ་གྱི་ཆེད་ལས་དེ་དོར་ནུས་མེད་པ་རེད།

ཕྱི་ལོ་ ༡༩༦༧ ལོར་ཁོང་གིས་བོད་དང་འབྲེལ་བའི་གླུ་གཞས་ཐོག་མ་(Silly Boy Blue)ཞེས་པ་བརྩམས་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་རྩོམ་པ་པོ་ཧིན་རི་ཆི་ཧཱ་རིར་(Heinrich Harrer)ལགས་ཀྱིས་བརྩམས་པའི་༼བོད་ནང་ལོ་བདུན༽་ཞེས་པའི་བོད་སྐོར་གྱི་དཔེ་དེབ་དེས། ཁོང་ལ་བོད་དོན་ཐོག་དོ་ཁུར་གནང་བའི་འདུན་པ་ཤུགས་ཆེན་པོ་བསྐྲུན་ཡོད་པ་ལྟར། ཕྱི་ལོ་ ༡༩༩༧ ལོར་ཁོང་གིས་༼བོད་ནང་ལོ་བདུན༽ཞེས་པའི་རྒྱའི་བཙན་འཛུལ་འོག་གི་བོད་མིའི་དཀའ་སྡུག་མཚོན་པའི་གླུ་གཞས་དེ་བརྩམས་ཡོད་པ་དང་། དེ་བཞིན་(Wild Eyed Boy from Free Cloud)ཟེར་བ་སོགས་ཁོང་གིས་བོད་དོན་དང་འབྲེལ་བའི་གླུ་གཞས་མང་པོ་བརྩམས་ཡོད་སྟབས། རྒྱ་གཞུང་གིས་ཁོང་བོད་དང་རྒྱ་ནག་ནང་ཡོང་བར་བཀག་འགོག་བྱས་ཡོད་འདུག

ཌཱ་ཝི་ཌི་བྷོ་བེ་ལགས་ཕྱི་ལོ་ ༡༩༤༧ ཟླ་ ༡ ཚེས་ ༨ ཉིན་དབྱིན་ཇིའི་རྒྱལ་ས་ལུན་ཏུན་དུ་སྐྱེས་ཤིང་། ཆུང་དུས་ནས་རོལ་དབྱངས་ལ་དགའ་བོ་ཡོད་སྟབས་སློབ་གྲྭ་ནས་ཐོན་ཏེ་རོལ་དབྱངས་སྒྱུ་རྩལ་ཐོག་ཆེད་སྦྱོང་བྱས་ཡོད་པ་དང་། ད་ལྟའི་བར་ཁོང་ལ་རོལ་གཞས་ཆེད་སྒྲིག་ཁྱོན་ ༢༦ ལྷག་ཡོད་འདུག ཁོང་གི་སྒྱུ་རྩལ་བརྩམས་ཆོས་རྣམས་ལ་ལྟད་མོ་བ་མང་པོས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། ཆེས་ཚབ་མཚོན་རང་བཞིན་ལྡན་པའི་རོལ་གཞས་བ་གྲགས་ཅན་ཞིག་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༧ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese