མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་ཀློག་དེབ་བཅུའི་ནང་བོད་པའི་གཏམ་རྒྱུད་བརྒྱ་ཡོད།

བོད་ཀྱི་དུས་བབ།
༢༠༡༦/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཤེས་རིག་ལས་ཁུངས་ངོས་ནས་གཞི་རིམ་འོག་མའི་ཐོག་ཤུགས་བསྐྱོན་ཏེ། བྱིས་པའི་ཀློག་དེབ་སོགས་ལས་འཆར་ཆེན་པོ་བང་སྒྲིག་ཡོད་པ་དང་། ད་ལྟ་བྱིས་སྒྲུང་ ༤༠ ཙམ་འདོན་འཆར་ཡོད་པའི་པའི་ཐོག་བསྒྱུར་ཟིན་པའི་ཀློག་དེབ་ ༡༥ ཙམ་མི་འགྱང་བར་འཐོན་ལ་ཉེ་བ་དང་། དེ་འདྲའི་ཀློག་དེབ་རྩོམ་ཐུབ་པ་ཡིན་ན་ཤེས་རིག་གི་ངོས་ནས་པར་སྐྲུན་ཞུ་ཐབས་སུ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་ཤེས་རིག་བཀའ་བློན་མཆོག་གིས་གསུངས།

14305271_1186974258008553_437417830823388999_oདེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ པའི་ཐོག་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག གྲྭ་རེ་མདོ་སེང་གེ་ལགས་ཀྱིས་རྩོམ་སྒྲིག་གནང་བའི་ <<གཏམ་བརྒྱུད་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་>>ཅེས་པའི་དཔེ་ཚོགས་དེབ་ཕྲེང་བཅུ་དང་། བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་སློབ་དེབ་གསུམ་བཅས་དབུ་འབྱེད་གནང་སོང་ལ། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཀྱི་རྩོམ་སྒྲིག་པ་རྣམ་པ། དེ་བཞིན། ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་སློབ་དང་། དྷ་ཤོད་བོད་ཁྱིམ་གྱི་འཛིན་རིམ་དྲུག་པ་བདུན་པའི་དགེ་སློབ་རྣམས་པ་སོགས་ཕེབས་འདུག

མཛད་སྒོའི་ཐོག་རེ་མདོ་སེང་གེ་ལགས་ཀྱིས་ཀློག་དེབ་དེ་དག་རྩོམ་སྒྲིག་གི་དགོས་དམིགས་དང་དེའི་རྒྱབ་ལྗོངས་སྐོར་ལ། བཙན་བྱོལ་ནང་གི་མི་རབས་གསུམ་པ་བཞི་པ་ནས་བཟུང་གནས་སྟངས་མང་པོ་ཞིག་ལ་འགྱུར་བ་ཕྱིན་པ་དང་མཉམ་དུ་སློབ་གྲྭ་ཁག་གི་གནས་སྟངས་ལའང་འགྱུར་བ་ཕྱིན་ཡོད། འགྱུར་བ་ཆེན་པོ་གཅིག་དེ་མི་སོ་སོའི་མི་ཚེ་རིན་ཐང་གི་ལྟ་བ་ལ་འགྱུར་བ་ཕྱིན་པ་དང་། གཉིས་པ་སློབ་གཉེར་བ་ཚོའི་ཤེས་ཡོན་སློབ་སྦྱོང་གི་གོ་དོན་ངོས་འཛིན་ལ་འགྱུར་བ་ཕྱིན་ཡོད། དེ་ནིི་ཧ་ཅང་ཉེན་ཁ་ཆེ་བའི་འགྱུར་བ་ཆེན་པོ་གཉིས་རེད། མི་ཞིག་གི་མི་ཚེ་ཁ་ཕྱོགས་སམ་མི་རབས་ཤིག་གི་མ་འོངས་གནས་སྟངས་ག་འདྲ་ཆགས་མིན་དེ། མི་སྒེར་སོ་སོ་དང་མི་རིགས་ཤིག་གི་མི་རབས་དེས་མི་ཚེ་རིན་ཐང་ངོས་འཛིན་བྱེད་སྟངས་དང་འབྲེལ་བ་ཆེན་པོ་ཡོད། བཙན་བྱོལ་ནང་གི་མི་རབས་དང་པོ་དང་གཉིས་པའི་གནས་སྟངས་ལ་མཚོན་ན། མི་མང་ཆེ་བའི་བསམ་བློའི་ནང་གཙོ་བོ་རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ཅི་སྒྲུབ་གནང་རྒྱུ་དང་། བོད་བསྟན་པ་ཆབ་སྲིད་ལ་ཕན་ཐོགས་པའི་བྱ་བ་ཞིག་བསྒྲུབ་ཐུབ་པ་ཡིན་ན། སོ་སོའི་མི་ཚེའི་དོན་གོ་ཆོད་ཡོད་པའི་བསམ་བློ་ཤུགས་ཆེན་པོ་རེད། དུས་སྐབས་དེའི་སློབ་གཉེར་བ་ཚོའི་དཔལ་འབྱོར་གནས་སྟངས་སོགས་གང་ཅིའི་ཐད་ཧ་ཅང་སྐྱོ་བོ་ཡིན་ནའང་བསམ་བློའི་ངར་ཤུགས་ལ་བརྟེན་ཏེ། སོ་སོའི་སྦྱོང་བྱའི་ཤེས་ཡོན་གཏིང་ཟབ་པོ་ཤེས་པ་མ་ཟད། སློབ་གྲྭ་ནས་མཐར་ཕྱིན་པ་དང་ལྟོ་གོས་རག་ཐབས་ཙམ་མ་ཡིན་པར། སོ་སོའི་ཤེས་ཡོན་དེས་བོད་བསྟན་པ་ཆབ་སྲིད་དང་། བོད་མི་རིགས་ཀྱི་ཆེད་དུ་ཡིན་པའི་ལྷག་བསམ་ཆེན་པོ་ཡོད། ཡིན་ནའང་མི་རབས་གསུམ་པ་དང་བཞི་བ་ནས་བཟུང་སྤྱི་ཚོགས་ཀྱི་གནས་སྟངས་དང་སློབ་གྲྭའི་གནས་སྟངས་སོགས་ལ་འགྱུར་བ་ཕྱིན་པ་དང་མཉམ་དུ་མི་ཚེ་རིན་ཐང་ངོས་འཛིན་བྱེད་སྟངས་དང་སློབ་སྦྱོང་གི་གོ་དོན་ངོས་འཛིན་བྱེད་སྟངས་ལའང་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད། ད་ལྟའི་ང་ཚོའི་མི་རབས་འདི་ཧ་ཅང་གཉེན་འཕྲེང་ཆེན་པོ་ཞིག་ལ་ཐུག་ཡོད་སྟབས། མ་འོངས་པར་ང་ཚོའི་མི་རིགས་འདི་གང་འདྲ་ཆགས་མིན་དེ་སློབ་གྲྭ་ཁག་ནང་སློབ་སྦྱོང་གང་འདྲ་གནང་མིན་དང་། སོ་སོའི་མི་ཚེ་རིན་ཐང་ག་འདྲ་ཞིག་ལ་ངོས་འཛིན་གནང་མིན། སོ་སོའི་སློབ་སྦྱོང་གི་གོ་དོན་མ་ནོར་བར་ངོས་འཛིན་བྱེད་ཐུབ་མིན་ལ་འབྲེལ་བ་ཆེན་པོ་ཡོད། ཅེས་བརྗོད་བྱུང་།

Screen Shot 2016-09-16 at 9.07.26 PM

ཁོང་གི་ཀློག་དེབ་རྩོམ་སྒྲིག་གནང་བའི་སྐོར་ལ། གནའ་སྔ་མོའི་སྐྱེས་བུ་དམ་པ་དེ་ཚོས་ག་རེ་གནང་ཡོད་པ་དེ་ཟུར་འདོན་བྱས་ནས་རྣམ་པ་ཚོར་ཕུལ་བ་ཡིན་ན་དེས་ཕན་ཐོག་ཡོང་གི་རེད་བསམ་ནས། དཔེ་ཚོགས་ཀྱི་ཁ་བྱང་ལའང་<<གཏམ་བརྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་>>ཞེས་བཏགས་པ་ཡིན་ལ། དེ་སྔོན་ངས་<<བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་ཇུས་>>ཞེས་པའི་དེབ་ཅིག་བྲིས་པ་ཡིན། སྐབས་དེར་ངས་སྤྱི་ཚོགས་གནས་སྟངས་ལ་གང་ལ་འཚམས་རྒྱུས་ལོན་བྱུང་བ་བསྟུན་ཏེ། ཀློག་དེབ་རྩོམ་སྒྲིག་གི་ལས་དོན་འདི་འདྲ་ཞིག་བསྒྲུབ་པའི་འདུན་པ་བྱུང་སོང་། ཡིན་ནའང་དུས་ཚོད་ཀྱི་དབང་གིས་བར་སྐབས་སུ་ལས་དོན་དེ་བྱེད་ཐུབ་མ་སོང་། ཕྱི་ལོ་ ༢༠༡༢ ལོར་སྐབས་དེའི་ཤེས་རིག་འགན་འཛིན་བཀྲ་ཤིས་དོན་འགྲུབ་ལགས་དང་ང་ཚོའི་བར་ལ་སྐད་ཆ་བྱུང་ནས་གཏན་འཁེལ་བ་རེད། སྤྱིར་དེང་སང་གི་སྤྱི་ཚོགས་སྟེང་ལས་ཀ་འདི་འདྲར་ལག་པ་འཆང་མཁན་དཀོན་པོ་རེད་ལ། དཀོན་པོ་ཡིན་པའི་ལས་ཀ་དེར་ལག་པ་འཆང་ཐུབ་པ་ཡིན་ན། དེས་ང་ཚོའི་ཤེས་ཡོན་སློབ་གསོའི་སྟོང་ཆ་ཞིག་བསྐོང་ཐུབ་ཀྱི་ཡོད་སྟབས། ངས་དེབ་ཕྲེང་ ༡༠ དང་། དེབ་རེ་རེའི་ནང་གཏམ་བརྒྱུད་ ༡༠ རེ་བཅས་ཁྱོན་གཏམ་བརྒྱུད་ ༡༠༠ བྲིས་ཡོད། དེབ་ཕྲེང་དེ་དག་ནང་ངས་དུས་རབས་གསར་རྙིང་གི་རླབས་ཆེན་མི་སྣ་ ༣༤ ཆོས་ལུགས་ཆོལ་ཁ་རིས་མེད་ཐོག་འདེམས་སྒྲིག་བྱས་ཏེ། ཁོང་རྣམ་པའི་མི་ཚེ་ལོ་རྒྱུས་དང་མཛད་རྗེས་སྙིང་བསྡུས་སུ་བྲིས་ཡོད་ལ། རྩོམ་སྟངས་ཀྱི་ཐད་ནས་གཞི་རིམ་སློབ་མའི་ཤེས་ཚད་ལ་གཞིགས་ཏེ་བོད་རང་གི་བརྡ་སྤྲོད་དང་མཐུན་པའི་སྒོ་ནས་ཧ་ཅང་གོ་བདེ་བོར་བྲིས་ཡོད། དེང་སང་ཀློག་དེབ་གང་ལ་གང་འཚམས་ཡོད་ནའང་། ཀློག་དེབ་མང་པོ་ཞིག་བསྒྱུར་རྩོམ་དང་། བྱིས་སྒྲུང་། རྟོག་སྒྲུང་སོགས་རེད། བོད་རང་གི་དངོས་བྱུང་མི་སྣ་ཞིག་བརྗོད་བྱར་བཟུང་ནས་བྲིས་པའི་ཀློག་དེབ་དེ་འདྲ་མང་པོ་མཇལ་རྒྱུ་མ་བྱུང་། དེར་བརྟེན། དཔེ་དེབ་འདི་དག་ནང་བོད་རང་གི་དངོས་བྱུང་མི་སྣ་ཡིན་པ་དང་བོད་སྤྱི་ཚོགས་སྟེང་ཤུགས་རྐྱེན་ངེས་ཅན་ཡོད་མཁན། བོད་ཀྱི་ཆོས་དང་རིགས་གཞུང་ཐོག་མཛད་རྗེས་ཆེན་པོ་ཡོད་མཁན་ཁག་ཅིག་བརྗོད་བྱར་བཟུང་ནས་བྲིས་ཡོད། ཅེས་བརྗོད་བྱུང་།

དེའི་རྗེས་ཤེས་རིག་བཀའ་བློན་མཆོག་གིས་ཐེངས་འདིར་རེ་མདོ་སེང་གེ་ལགས་ཀྱིས་བཙན་བྱོལ་ནང་སློབ་ཕྲུག་སྟོང་ཕྲག་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་ཚོའི་ཆེད་དང་། བོད་ནང་གི་སློབ་ཕྲུག་ཚོའི་ཆེད་དུ། དེ་བཞིན། བོད་པའི་སྐད་ཡིག་རིག་གཞུང་ཡར་རྒྱས་ཀྱི་ཆེད་དུ་སྐུ་ལས་བསྐྱོན་ནས་དེབ་བཅུ་བཏོན་ཡོད་པར་བོད་མི་ཚང་མས་ངེས་པར་དུ་དོ་སྣང་གནང་གལ་ཆེ་སྐོར་གསུངས་པ་དང་འབྲེལ་ཏེ། ད་སྔ་འཛམ་གླིང་སྒང་འདིར་སྐད་ཡིག་ཁྲི་གཅིག་ལྷག་ཡོད་པ་ལས་ད་ཆར་སྐད་ཡིག་ ༥༦༠༠ ཙམ་ལས་མེད་པ་དང་། དེའི་ནང་ནས་སྐད་ཡིག་བརྒྱ་དང་ཉི་ཤུ་རྩ་གྲངས་ཤིག་ལོ་ལྔ་བཅུའི་ནང་མེད་པ་ཆགས་ཡོད་པ་དང་། དེའི་རྒྱུ་མཚན་སྐད་ཡིག་དེ་ཤེས་མཁན་འཛམ་གླིང་ནང་མི་རེ་ཟུང་ལས་མེད་སྟབས། སྐད་ཡིག་དེ་མེད་པ་ཆགས་པ་དང་མི་རིགས་དེ་ཡང་མེད་པ་ཆགས་ཀྱི་ཡོད་པ་རེད། གཞན། འཛམ་གླིང་ནང་མི་འབོར་ཐེར་འབུམ་ ༧ བཤད་ཀྱི་ཡོད་པ་དང་། མི་འབོར་ཐེར་འབུམ་ ༧ དེས་སྐད་ཡིག་བརྒྱ་ཆ་ ༤ མ་གཏོགས་བེད་སྤྱོད་གཏོང་གི་མེད་སྟབས། སྐད་ཡིག་མང་པོ་ཞིག་རང་བཞིན་གྱིས་མེད་པ་ཆགས་འགྲོ་བཞིན་ཡོད་པ་དང་། མི་རིགས་ཤིག་གི་སྐད་ཡིག་གནས་དང་མ་གནས་དེ། སྐད་ཡིག་དེ་བེད་སྤྱོད་བཏང་དང་མ་བཏང་ལ་རག་ལས་ཡོད་སྟབས། བོད་སྐད་ཡིག་བེད་སྤྱོད་གཏོང་མཁན་བོད་མི་ས་ཡ་དྲུག་ཙམ་ལས་མེད་པ་དང་། བོད་སྐད་ཡིག་གི་ཉེན་ཁ་གཞན་ཞིག་དེ་རྒྱ་ནག་གཞུང་གིས་མངོན་གསལ་དོད་པོས་བོད་སྐད་ཡིག་བཀག་སྡོམ་བྱེད་བཞིན་ཡོད་སྟབས། བོད་ནང་གི་བོད་མི་ཚོས་དེ་ལ་གདོང་ལེན་ཞེ་དྲགས་གནང་གི་ཡོད་ཀྱང་། བཙན་བྱོལ་ནང་ང་ཚོ་རང་ཉིད་ཀྱིས་གཏོར་བཤིག་གཏོང་གི་ཡོད་སྟབས། ང་ཚོ་གཟབ་གཟབ་མ་བྱས་ཚེ། བོད་སྐད་ཡིག་དེ་ཡང་རིམ་གྱིས་མེད་པ་ཆགས་རྒྱུའི་ཉེན་ཁ་ཆེན་པོ་ཞིག་ཏུ་སླེབ་ཡོང་གི་ཡོད་དང་། གལ་ཏེ་བོད་སྐད་ཡིག་མེད་མ་ཆགས་ན། བོད་ཀྱི་བླ་སྲོག་མེད་པ་ཆགས་པ་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ། ཤེས་རིག་ལས་ཁུངས་ངོས་ནས་གཞི་རིམ་འོག་མའི་ཐོག་ཤུགས་བསྐྱོན་ཏེ། བྱིས་པའི་ཀློག་དེབ་སོགས་ལས་འཆར་ཆེན་པོ་བང་སྒྲིག་ཡོད་པ་དང་། དེའི་ནང་ནས་གལ་ཆེ་ཤོས་དེ་ཀློག་དེབ་དང་སྒྲུང་དེབ་མང་པོ་ཞིག་པར་སྐྲུན་བྱ་དེ་ཡིན་ཞིང་། རྩོམ་པ་པོས་སློབ་ཕྲུག་གི་བསམ་བློ་དང་ཤེས་ཚད་དང་མཚམས་པ། སློབ་ཕྲུག་གི་དང་བ་འདྲེན་ཐུབ་པའི་ཀློག་དེབ་དེ་འདྲ་འབྲི་ཐུབ་དགོས་པ་དང་། དེའི་ཐད་ཤེས་རིག་ལས་ཁུངས་ནས་མཐུན་འགྱུར་ཟབ་སྦྱོང་མང་པོ་ཕུལ་ཡོད་པ་མ་ཟད། ད་ལྟ་བྱིས་སྒྲུང་ ༤༠ ཙམ་འདོན་འཆར་ཡོད་པའི་པའི་ཐོག་བསྒྱུར་ཟིན་པའི་ཀློག་དེབ་ ༡༥ ཙམ་མི་འགྱང་བར་འཐོན་ལ་ཉེ་བ་དང་། དེ་འདྲའི་ཀློག་དེབ་རྩོམ་ཐུབ་པ་ཡིན་ན། ཤེས་རིག་གི་ངོས་ནས་པར་སྐྲུན་ཞུ་ཐབས་སུ་འབད་བརྩོན་བྱེད་རྒྱུ་ཡིན། ཞེས་གསུངས་སོང་།

མཇུག་ཏུ་ཁོང་གིས་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་སྐོར་ལ། ལྷོ་བྱང་ཨ་རིའི་སློབ་ཕྲུག་ཚོས་བོད་སྐད་བཤད་མི་ཤེས་པར་མང་ཆེ་བས་དབྱིན་སྐད་རྒྱག་གི་ཡོད་པ་དང་། སྐབས་རེར་ཕ་མ་དང་ཕྲུག་གུའི་བར་ལ་གོ་བརྡ་འཕྲོད་ཀྱི་མེད་སྟབས། ཁོ་ཚོའི་ཆེད་དུ་ཤེས་རིག་ལས་ཁུངས་ནས་སློབ་དེབ་རྩོམ་སྒྲིག་ཞུས་པ་དང་། ཐོག་མ་ཁོ་ཚོས་བོད་སྐད་བཤད་ཐུབ་པ་ནས་བོད་ཡིག་ཀློག་ཐུབ་ཙམ་ལ་རེ་བ་རྒྱག་གི་ཡོད་པ་མ་གཏོགས། བཙན་བྱོལ་ནང་གི་སློབ་ཕྲུག་ཚོ་ལྟར་བོད་སྐད་ཡིག་ཐོག་ནས་རྩོམ་འབྲི་མཁན་དང་མཁས་པ་ཆགས་པར་ཁོ་ཚོས་ང་ཚོར་རེ་བ་རྒྱག་གི་ཡོད་པ་མ་རེད། ཅེས་གསུངས་སོང་།

Screen Shot 2016-09-16 at 4.48.59 PM

<<གཏམ་བརྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་>>ཞེས་པའི་ཀློག་དེབ་དེ་དག་གཞི་རིམ་འཛིན་གྲྭ་བདུན་པ་ཡན་གྱི་སློབ་མའི་ཤེས་ཚད་གཞིར་བཟུང་སྟེ་བྲིས་ཡོད་པ་དང་། བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་འཛིན་རིམ་གསུམ་པ་ནས་ལྔ་བའི་བར་གྱི་སློབ་དེབ་གསུམ་དེ་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་གནང་ནས་དྲ་ཐོག་ www.bodyiglobjong.com ཏུ་བཏང་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༤ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༩ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 1

  1. ཚེ་རིང says:
    ལོ་ 9 སྔོན།

    ཡིག་ནོར་མེད་པར་སྨོན

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese