མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་མི་མང་དུང་ཕྱུར་གཅིག་རྩ་མེད་བཟོས་པའི་སྡིག་ཉེས་ཆེན་པོ།

བོད་ཀྱི་དུས་བབ།
༢༠༡༧/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

—–《རྒྱ་ནག་དང་སུའུ་ལེན་མཛའ་མཐུན་མཉམ་འབྲེལ་གྱི་དམིགས་བསལ་གྲོས་ཆོད》ཕྱིར་གྱར།

རྩོམ་པ་པོ་ཀྲུའུ་ཀྲུང་ཁང་དང་། བོད་སྒྱུར་བ་པདྨ་མཚོ།

སྒོ་འབྱེད་དུས་དེབ་(开放杂志)ཀྱི་རྩོམ་སྒྲིག་པའི་དཔྱད་གཏམ་དུ། ཡིག་ཆ་དེ་ཆ་ཚང་ཕྱི་ལོ་ ༡༩༥༠ ཟླ་ ༢ པའི་ནང་རྒྱ་ནག་དང་སུའུ་ལེན་གྱི་ཕྱི་འབྲེལ་བློན་ཆེན་གཉིས་ནས་སུའུ་ལེན་གྱི་རྒྱལ་ས་མོ་སི་ཁོ་རུ་གསང་བའི་ཐོག་ནས་བཞག་པའི་《དམིགས་བསལ་གྲོས་ཆོད》ཐོག་སྤེལ་ཡོད་པ་དང་། ཡིག་ཆ་འདི་བཀླགས་མྱོང་མཁན་ཚང་མས་སྔར་བྱུང་མ་མྱོང་བའི་ངོ་ཚ་དང་སྡིག་ཉེས་ཆེ་བའི་གྲོས་ཆོད་ཅིག་དང་། རྒྱ་ནག་མི་མང་བྲན་གཡོག་ལས་ཀྱང་སྡུག་པའི་གནས་བབ་འོག་ལྷག་པའི་ངེས་ཤེས་རྙེད་ཐུབ་པར་བརྟེན། སུའུ་ལེན་བཙན་རྒོལ་སྐབས་རྒྱ་ནག་གཞུང་གིས་གྲོས་ཆོད་ཀྱི་ཡིག་འབྲུ་གཅིག་ཀྱང་ཕྱིར་གྱར་མ་ཕོད་པར་འདས་པའི་ལོ་ངོ་ ༦༠ རིང་གསང་བ་ཧ་ཅང་དམ་པོ་བྱས་ཡོད། ང་ཚོས་རྒྱ་ནག་གཞུང་ལ་གནད་དོན་འདིར་འགྲེལ་བཤད་དགོས་པའི་རེ་བ་འདོན་པའི་ཐོབ་ཐང་ཡོད་པ་རེད།

ལོ་བཅུ་ཕྲག་འགའ་འདས་ཚར་བ་དང་། སུའུ་ལེན་ཁ་འཐོར་དུ་ཕྱིན་རྗེས་རྒྱ་ནག་དང་སུའུ་ལེན་བར་གྱི་དགའ་སྐྱོ་ཆགས་སྡང་ལའང་རྫོགས་ཚིག་བཀོད་དེ་རྒྱ་ནག་དང་ཨུ་རུ་སུ་བར་མཛའ་མཐུན་མཉམ་འབྲེལ་བྱེད་བཞིན་པའི་སྐབས་འདིར། ཉེ་སྔོན་ཨུ་རུ་སུས་གསང་བའི་ཡིག་ཚགས་ཕྱིར་བསྒྲགས་པའི་ནང་མའོ་ཙེ་ཏུང་དང་སི་ཏ་ལིན་གཉིས་ཀྱིས་གསང་བའི་ཐོག་ནས་བཞག་པའི་གྲོས་ཆོད་ཅིག་ཕྱིར་ཐོན་ཡོད་པ་དང་། གྲོས་ཆོད་འདིའི་མགོ་མཇུག་བར་གསུམ་དུ་རྒྱ་ནག་གི་བདག་དབང་གཡོ་ཚོང་བྱས་ཏེ་རྒྱ་ནག་མི་མང་གི་ཚེ་སྲོག་བཅད་པའི་རྒྱལ་ཚོང་གྲོས་ཆོད་ཅིག་ཡིན་པ་རེད།

གྲོས་ཆོད་འདིའི་ནང་དུ་ས་བདག་བཙན་པོས་རྒྱ་ནག་མི་མང་དུང་ཕྱུར་གཅིག་རྩ་མེད་བཟོ་བའི་སྐོར་བྲིས་ཡོད་ཀྱང་། རྩ་མེད་ཟེར་བའི་ཡིག་འབྲུ་འདི་གཉིས་བྲིས་ཡོད་པ་མ་རེད། གང་ཡིན་ཟེར་ན། རྒྱ་མི་ནི་ཡིག་འབྲུའི་རྩེད་མོ་རྩེ་མཁན་བྱང་ཆུབ་པ་ཞིག་ཡིན་སྟབས། གྲོས་ཆོད་འདིའི་ནང་ད་ལྟ་ཐོན་ཁུངས་ཉུང་བའི་རྐྱེན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་གྲངས་དུང་ཕྱུར་གཅིག་ཇེ་ཉུང་དུ་མི་གཏོང་བར་རྒྱུན་འཁྱོངས་བྱེད་ཐབས་མེད་པ་དང་། ཞིབ་ཕྲའི་བྱེད་ཐབས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་ནས་ལག་བསྟར་ཐག་གཅོད་བྱེད་དགོས་ཞེས་བྲིས་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཐོན་ཁུངས་ཉུང་བའི་རྐྱེན་གྱིས་མི་གྲངས་དུང་ཕྱུར་གཅིག་ཇེ་ཉུང་དུ་གཏོང་གི་ཡོད་ན། ཇེ་ཉུང་དུ་གཏོང་སྟངས་ག་འདྲ་རེད། རྒྱ་ནག་གཞུང་ནས་རང་འགུལ་ཐག་གཅོད་བྱེད་དགོས་ཀྱི་ཡོད་ན་སི་ཏ་ལིན་གྱིས་རྒྱ་ནག་གི་མི་གྲངས་དུང་ཕྱུར་གཅིག་རྩ་མེད་བཟོ་བའི་ཐོབ་ཐང་རྒྱ་ནག་གཞུང་ལ་སྤྲད་པར་བརྟེན། མའོ་ཙེ་ཏུང་དང་གུང་ཁྲན་ཏང་གིས་རྒྱལ་ཁབ་འཛུགས་སྐྲུན་ནས་མགོ་བརྩམས་ཏེ་རྒྱ་ནག་མི་མང་ལ་འདི་འདྲའི་གདུག་རྩུབ་དང་གནག་སེམས་ཆེན་པོ་བྱས་ཡོད། འཐབ་རྩོད་དང་ལས་འགུལ་རབ་དང་རིམ་པར་བརྒྱུད་རིག་གནས་གསར་བརྗེ་མཇུག་བསྡུ་སྐབས། མའོ་ཙེ་ཏུང་དང་གུང་ཁྲན་ཏང་གིས་རྒྱ་ནག་མི་མང་དུང་ཕྱུར་གཅིག་ལྷག་རྩ་མེད་བཟོས་ཡོད་པ་དང་། དུས་ཡུན་ལོ་གསུམ་རིང་གི་མཆོང་སྐྱོད་ཆེན་མོའི་འགུལ་སྐྱོད་ཁྲོད་མི་གྲངས་ས་ཡ་ ༤༠ ལྷག་མུག་ཤི་ངན་གསོད་བྱས་པ་གྲངས་འབོར་འདིའི་ནང་ཚུད་ཡོད་པ་མ་རེད། སི་ཏ་ལིན་གྱི་མཛུབ་འཁྲིད་འོག་མའོ་ཙེ་ཏུང་གིས་རྒྱ་ནག་མི་མང་དམར་གསོད་ཀྱི་ལས་འགན་བདེ་ལེགས་ངང་གྲུབ་ཡོད་པ་དང་། མའོ་ཙེ་ཏུང་གིས་རྒྱ་ནག་མི་མང་གི་བདུན་ཆ་གཅིག་ཙམ་བསད་ཡོད་པ་རེད། ཡིན་ནའང་། མའོ་ཡི་སློབ་ཕྲུག་པོལ་པོཊ་( Pol Pot )མའོ་ཙེ་ཏུང་ལས་ཀྱང་གདུག་རྩུབ་ཆེ་བ་རེད། ཁོས་ཁམ་བྷོ་ཌི་ཡའི་མི་འབོར་ས་ཡ་དྲུག་ལས་ས་ཡ་གཉིས་བསད་ཡོད། མའོ་ཡི་དབང་ཆ་གཅིག་སྡུད་སྐབས། སྐད་ཆ་གཅིག་སྟེ་གྲོད་ཁོག་མི་རྒྱག་པའི་དཀའ་སྡུག་འོག་ཏང་དང་སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་བྱས་པར་བརྟེན་དམར་གསོད་བཏང་ཡོད་པ་རེད། ཡིན་ནའང་། ཁམ་བྷོ་ཌི་ཡ་ནང་ཁྱེད་ཀྱིས་མིག་ཤེལ་ཞིག་གྱོན་ནའང་གསོད་པ་རེད། གང་ཡིན་ཟེར་ན། མིག་ཤེལ་གྱོན་མཁན་ཚང་མ་ཤེས་ཡོན་པ་ཡིན་ཞིང་། ཤེས་ཡོན་པ་ཚང་མ་རྩ་མེད་ཀྱི་དམིགས་འབེན་ཆགས་བསྡད་ཡོད་པ་རེད།

ཕྱི་ལོ་ ༡༩༥༠ ཟླ་ ༢ ཚེས་༡༤ ཉིན་ཀྲུའུ་ཨིན་ལེ་ཡིས་རྒྱ་ནག་གི་ཚབ་བྱས་ཏེ་རྒྱ་ནག་དང་སུའུ་ལེན་མཛའ་མཐུན་མཉམ་འབྲེལ་གྱི་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད་པ་དང་། གྲོས་ཆོད་ནང་སུའུ་ལེན་གནའ་འབྲེལ་གཞུང་ནས་རྒྱ་ནག་ལ་ཨ་སྒོར་དུང་ཕྱུར་ ༣ དངུལ་བུན་གཏོང་རྒྱུ་གཏན་འབེབས་བྱས།

གསང་བའི་ཡིག་ཆ་འདི་ལ་ཕྱི་ལོ་ ༡༩༥༠ ཟླ་ ༢ ཚེས་ ༡༢ ཉིན་མིང་རྟགས་བཀོད་ཡོད་པ་དང་། ཡིག་ཆ་དེའི་མིང་ཆ་ཚང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སུའུ་ཝིཊ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་གྱི་མཛའ་མཐུན་མཉམ་འབྲེལ་དམིགས་བསལ་གྲོད་ཆོད།》ཅེས་དམིགས་བསལ་གྱི་གྲིབ་འོག་ནས་མངོན་གསུམ་འཛེམ་མེད་ཀྱིས་རྒྱལ་ཁབ་བཙོང་སྟེ་མི་མང་གསོད་ཀྱི་ཡོད་པ་དང་། 《རྒྱ་སུའུ་མཛའ་མཐུན་ཆིངས་ཡིག༽གི་ཉིན་གཉིས་ཀྱི་གོང་དུ་ཡིག་ཆ་དེར་མིང་རྟགས་བཀོད་ཟིན། 《རྒྱ་སུའུ་མཛའ་མཐུན་ཆིངས་ཡིག》ནི་མི་ལ་སྟོན་རྒྱུ་ཙམ་དང་ཁ་གཡར་ས་ཙམ་དུ་བྱས་ཏེ་འཛམ་གླིང་ཡོངས་སུ་བསྒྲགས་པ་དང་། དམིགས་བསལ་གྲོས་ཆོད་ནི་མི་དུང་ཕྱུར་གཅིག་རྩ་མེད་བཟོ་བའི་རྒྱལ་ཚོང་གི་གྲོས་ཆོད་ཅིག་ཡིན་སྟབས། རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་དང་འཛམ་གླིང་ཧྲིལ་པོར་ལོ་ངོ་བཅུ་ཕྲག་དུ་མར་སྦེད་གསང་བྱས་པ་རེད། ཡིན་ནའང། གསང་བ་འདི་སྦེད་ཐུབ་པ་མ་རེད། མི་ལོ་དྲུག་ཅུའི་གོང་གི་ཨ་རི་ནི་ཚན་རྩལ་ཆེས་འཕེལ་རྒྱས་ཕྱིན་པའི་རྒྱལ་ཁབ་ཅིག་ཆགས་བསྡད་ཡོད་པ་དང་། ཨ་རིའི་གསང་མྱུལ་བ་ཚོར་ཐབས་རྩལ་ཕུལ་དུ་བྱུང་ཡོད་པས་ཁོ་ཚོ་དང་བསྡུར་ན་ནུས་པ་བླ་ལྷག་གིས་ཆེ་བར་བརྟེན། ཏག་ཏག་ཟླ་ཤས་འགོར་རྗེས་ཕྱི་ལོ་ ༡༩༥༠ ཟླ་ ༧ ཚེས་ ༡༦ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཚོགས་ཀྱིས་དམིགས་བསལ་གྲོས་ཆོད་དེ་ཕྱིར་བསྒྲགས་ཡོད་པ་དང་། འཛམ་གླིང་ཧྲིལ་པོས་གནས་ཚུལ་འདི་ཤེས་རྟོགས་བྱུང་སྐབས། སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་མོའི་ལྕགས་རའི་ནང་ཡོད་པའི་མི་མང་གིས་ད་དུང་ཤེས་མེད་པ་དང་། མི་ལོ་ ༦༠ ཕྱིན་རྗེས་ཀྱི་དེ་རིང་གཞི་ནས་ཤེས་ཀྱི་ཡོད་པ་རེད།

《རྒྱ་སུའུ་མཛའ་མཐུན་མཉམ་འབྲེལ་གྱི་དམིགས་བསལ་གྲོས་ཆོད》ཀྱི་ནང་དོན་ཧྲིལ་པོ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུས་མི་མང་སྲིད་གཞུང་དང་སུའུ་ཝིཊ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛའ་མཐུན་མཉམ་འབྲེལ་དམིགས་བསལ་གྲོས་ཆོད་བཞག་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་དམ་ཟབ་བརྒྱུད་ བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ཅི་རིགས་དང་། ཉི་ཧོང་བཙན་རྒྱལ་རིང་ལུགས་དང་ངན་འབྲེལ་སླར་གསོ་བྱེད་པ་བཅས་ལ་སྔོན་འགོག་བྱས་ཏེ། ཡ་གླིང་ནང་སྒྲིག་ལམ་གསར་པ་འཛུགས་སྐྲུན་དང་རྒྱ་སུའུ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྲ་བརྟན་དུ་གཏོང་བ། ལྷག་པར་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་རོགས་རེས་ཀྱི་ཆིངས་ཡིག་ལས་གཞན་དམིགས་བསལ་གྲོས་ཆོད་འཇོག་པར་ཏང་ཁག་སོ་སོའི་དབང་ཚད་ཆ་ཚང་ལྡན་པའི་འཐུས་མི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུས་མི་མང་སྲིད་གཞུང་གི་དམིགས་བསལ་སྐུ་ཚབ་རྒྱ་ནག་ཆབ་སྲིད་ལྷན་ཁང་གི་སྲིད་བློན་དང་ཕྱི་འབྲེལ་བློན་ཆེན་ཀྲུའུ་ཨིན་ལེ་དང་། སུའུ་ཝིཊ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་སུའུ་ཝིཊ་ལྷན་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཕྱི་འབྲེལ་བློན་ཆེན་ཨན་ཌི་ལི་ཝེ་ཞིན་སི་ཇི་(安德列.维辛斯基)། ཕྱོགས་གཉིས་ཀྱི་དབང་ཆ་ཆ་ཚང་ལྡན་པའི་སྐུ་ཚབ་གཉིས་ནས་ཕན་ཚུན་གྱི་དཔང་ཡིག་ལག་སྤྲོད་ཀྱིས་ནང་དོན་འོས་འཚམ་དུ་མཐོང་རྗེས་གཤམ་གྱི་དོན་ཚན་ཁག་ལ་མོས་མཐུན་དགོས།

གཅིག རྒྱལ་ཁབ་གཉིས་མཉམ་འབྲེལ་གྱིས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱས་ཏེ་འཛམ་གླིང་འཁྲུག་ཆེན་གསུམ་པ་འབྱུང་བར་སྔོན་འགོག་ཁ་གཏད་གཅོག་རྒྱུ་དང་། རྒྱ་ནག་གཞུང་ནས་སུའུ་ལེན་གྱི་དམག་དཔུང་རྒྱ་ནག་ནང་གནས་སྡོད་བྱེད་དུ་བཅུག་སྟེ་མཉམ་དུ་འཛམ་གླིང་ཞི་བདེ་སྲུང་སྐྱོབ་དགོས།

གཉིས། གྲོས་ཆོད་བཞག་པའི་ཉིན་མོ་ནས་བཟུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁྱབ་ཀྱིས་རྒྱ་ནག་བྱང་ཤར་དང་བྱང་ཕྱོགས་རྒྱ་མཚོའི་ཁུལ་གྱི་ལས་གཞི་འཆར་འབུལ་གྱིས་དམག་དོན་ཐད་གོ་སྒྲིག་དགོས་པ་མ་ཟད། ཨེ་ཤ་ཡའི་ཤར་ལྷོའི་བཅིངས་གྲོལ་ལས་དོན་ལ་མི་མང་བཅིངས་གྲོལ་དམག་གིས་གཞོགས་འདེགས་བྱས་ཏེ་ཡ་གླིང་བཅིངས་གྲོལ་གྱི་བྱ་བཞག་ཆེན་པོ་འགྲུབ་ཏུ་འཇུག་པ།

གསུམ། མ་འོངས་པར་རྒྱ་ནག་མི་མང་བཅིངས་གྲོལ་དམག་རྒྱལ་སྤྱིའི་དམར་དམག་ཏུ་བཅོས་སྒྲིག་དང་། དམར་དམག་ཆེས་མཐོའི་སྤྱི་ཁྱབ་བཀོད་འདོམས་པས་ཐད་ཀར་བཀོད་འདོམས་བྱེད་པར་རྒྱལ་ཁབ་ཕྱོགས་གཉིས་ནས་མོས་མཐུན་དགོས།

བཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་གི་ལས་མི་ས་ཡ་བཅུ་གྲབ་གསོག་གིས་སུའུ་ལེན་ལ་གཞོགས་འདེགས་བྱ་རྒྱུ་འགན་ལེན་པ་དང་། རྒྱ་སུའུ་དམག་དོན་སྒྲིག་ཆས་མཉམ་དུ་འཛུགས་སྐྲུན་བྱས་ཏེ་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་འགུལ་སྐྱོད་ལ་ཁ་གཏད་གཅོག་པ།

ལྔ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བྱང་ཁུལ་གྱི་རྒྱ་མཚོའི་གྲུ་ཁ་རྣམས་སྒོ་ཕྱེས་ཏེ་སུའུ་ལེན་གྱི་དམག་དཔུང་ཡུན་རིང་གནས་སྡོད་བྱེད་དུ་འཇུག་དགོས་པ་མ་ཟད། ནང་འཛུལ་ཕྱི་སྐྱོད་ལ་རང་དབང་དགོས་པ་དང་། སྒོ་འབྱེད་ཁུལ་གྱི་ནང་ཆིན་ཧྲང་གླིང་ཕྲན་དང་ཧེ་ཀྲུའུ། ཡན་ཐའེ། ཝེ་ཧེ་ཝི། ཆིན་ཏོ། ཏ་ཉན་བཅས་ཡོད།

དྲུག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལོ་འདིའི་ལོ་མཇུག་ཏུ་སྔར་གྱི་དམག་དཔུང་ཐོག་དམག་མི་ས་ཡ་བཞི་མང་དུ་གཏང་སྟེ། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ཁ་གཏད་གཅོག་པར་གྲ་སྒྲིག་དགོས།

བདུན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མི་འབོར་མང་བ་དང་ད་ལྟའི་ཆར་ཐོན་ཁུངས་ཉུང་བའི་རྐྱེན་གྱིས་མི་གྲངས་དུང་ཕྱུར་གཅིག་ཇེ་ཉུང་དུ་མི་གཏོང་བར་རྒྱུན་འཁྱོངས་བྱེད་ཐབས་མེད་པ་དང་། མི་གྲངས་ཉུང་དུ་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་ནས་ལག་བསྟར་ཐག་གཅོད་དགོས།

བརྒྱད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུས་མི་མང་སྲིད་གཞུང་གི་ཁྱབ་ཁོངས་ལས་ཁུངས་ཁག་དང་སྤྱི་གཉེར་ལས་དོན་གྲོས་བསྡུར་ཆེད་སུའུ་ཝིཊ་སྤྱི་ཚོགས་རིང་ལུགས་སྤྱི་མཐུབ་རྒྱལ་ཁབ་གནའ་འབྲེལ་གྱི་གྲོས་སྟོན་པ་བསྐོ་བཞག་དགོས།

དགུ། སུའུ་ཝིཊ་སྲིད་གཞུང་ནས་བཟོ་ལས་ལག་རྩལ་མི་སྣ་ཆེད་གཏོང་གིས་རྒྱ་ནག་གི་ས་ཁུལ་ཁག་གི་གཙོ་གནད་ལས་ཀའི་འཛིན་སྐྱོང་ནང་མཉམ་ཞུགས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལས་མི་དེ་ཚོར་དགོས་ངེས་ཀྱི་འཚོ་བའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་པར་ཕྱོགས་གཉིས་ནས་མོས་མཐུན་དགོས།

བཅུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་འགྲུལ་གྲོང་ཁྱེར་དང་སྐམ་སའི་ནང་གི་ཁྲོམ་ར་རྣམས་སྒོ་ཕྱེས་ཏེ་སུའུ་ལིན་གནའ་འབྲེལ་ནས་རང་དབང་ཚོང་འགྲུལ་ཆོག་པ་མ་ཟད། དཔྱ་ཁྲལ་ཐད་བརྒྱ་ཆ་གཅིག་གི་ཆག་ཡང་ཡོད།

བཅུ་གཅིག རྒྱ་སུའུ་གཉིས་ཀྱིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་ཆ་རྐྱེན་འོག དངོས་པོ་ཕན་ཚུན་བརྗེ་རེས་བྱས་ཏེ་མཛའ་གྲོགས་ཀྱི་འབྲེལ་བ་འཛུགས་པར་ཕྱོགས་གཉིས་ནས་མོས་མཐུན་དགོས།

བཅུ་གཉིས། སུའུ་ཝིཊ་གནའ་འབྲེལ་སྲིད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་ལོགས་ཀྱི་གཏེར་ལྕགས་རྒྱུ་ཆ་སོགས་བཀོལ་སྤྱོད་ཐད་དམིགས་བསལ་དབང་ཆ་ཡོད་པ་དང་། གཤའ་དཀར་གྱི་ལོ་ཧྲིལ་པོའི་ཐོན་འབོར་ལས་བརྒྱ་ཆ་ ༢༠ རང་གིས་བེད་སྤྱོད་བྱེད་པ་ལས་གཞན་སུའུ་ལེན་ལ་མཁོ་སྤྲོད་ཀྱིས་བཟོ་ལས་དར་སྤེལ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ལས་ཅན་འཛུགས་སྐྲུན་ལ་གཞོགས་འདེགས་དགོས།

མ་ཡིག་གི་འབྲེལ་ཐག http://www.aboluowang.com/2017/0301/889890.html?utm_campaign=shareaholic&utm_medium=facebook&utm_source=socialnetwork

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༦ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༦ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༡ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese