མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོའི་མཐུན་ཚོགས་འདི་ཆབ་སྲིད་ལངས་ཕྱོགས་དང་ཆོས་ལུགས་གྲུབ་མཐར་འབྲེལ་བ་མེད།

བོད་ཀྱི་དུས་བབ།
༢༠༡༦/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ལམ་དུ་འགྲོ་གི་ཡོད་དུས། རྩོམ་གྱི་ནུས་པ་ཆེ་ཡི་རེད་དམ་གྲིའི་ནུས་པ་ཆེ་ཡི་རེད་ཅེས་བསམ་ཚུལ་ཡོང་གི་ཡོད་པ་རེད། ནུས་པ་ཆེ་ཤོས་དེ་སྨྱུ་གུ་ཡིན་པ་བཟོ་དགོས་པ་རྩོམ་པ་པོ་ཚང་མར་འོས་འགན་ཡོད་པ་རེད་ཟེར།

5དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་མེག་གྷན་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གོ་སྒྲོག་འོག ཕྱི་ལོ་ ༢༠༡༦ ལོའི་རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༥ ཚོགས་སོང་། ཚོགས་ཆེན་གྱི་གདན་ཞུས་སྐུ་མགྲོན་གཙོ་བོར་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་དང་། བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དབུ་འཛིན་རྒན་ཐུབ་བསྟན་བསམ་འཕེལ་རྣམ་པ་གཉིས་ཀྱིས་དབུས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་རྣམ་པ་དང་། ཟུར་ཞུགས་རྩོམ་པ་པོ་དང་ཉམས་ཞིབ་པ་སོགས་སེར་སྐྱ་མང་པོ་འཛོམས་འདུག

ཐོག་མར་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་ཨ་རིག་དགེ་མཐོང་ལགས་ཀྱིས་ཐེངས་འདིའི་ཚོགས་ཆེན་ཐེངས་ལྔ་བའི་ལས་གཞི་དང་འབྲེལ་བའི་སྐོར་ལ། ང་ཚོ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འདི་ཕྱི་ལོ་ ༡༩༩༩ ལོར་ཕྱི་ཟླ་ ༣ པའི་ཚེས་ ༡༩ ཉིན་དབུ་བརྙེས་ཏེ་ཕྱི་ལོ་ ༢༠༡༦ ལོའི་བར་བགྲང་བྱ་ ༡༧ ཟིན་པ་རེད། ཐོག་མར་འབྲེལ་ཡོད་མི་སྣ་དག་གིས་པེན་རྒྱལ་སྤྱིའི་ལས་ཁུངས་ལ་འབྲེལ་བ་འཛིན་སྟངས་དང་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་པ་སོགས་ལེགས་པོ་གནང་འདུག བར་སྐབས་ཤིག་ལ་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ལ་མཉམ་ཞུགས་གནང་བའི་ཚོགས་མི་ ཁག་ཅིག་ཕྱིར་མ་ཡོང་བ་དང་། སྐབས་རེར་རྒྱུན་ལས་རྣམས་ཀྱིས་ཕྱག་ལས་གནང་སྟངས་དང་། པེན་གྱི་ཚོགས་ཆེན་ལ་ཞུགས་ནས་ཕྱིར་མ་ཡོང་ན་ཧིན་སྒོར་འབུམ་གཅིག་ཚོགས་པར་སྤྲད་ན་ཆོག་པའི་གྲོས་ཆོད་ཅིག་བཞག་པ་སོགས་ལ་བརྟེན་ནས་སྤྱི་ཚོགས་སྟེང་དངུལ་དང་འབྲེལ་བའི་སྒོ་ནས་གླེང་སློང་ཏོག་ཙམ་བྱུང་བ་རེད། སྐད་ཆ་དེ་དག་བདེན་རྫུན་དབྱེ་འབྱེད་དཀའ་བ་ཞིག་ལས་དོན་དངོས་ཀྱི་བྱུང་བ་ཞིག་ཡིན་མིན་ད་བར་གསལ་ཁ་བྱུང་ཐུབ་མེད། ཚོགས་ཆེན་ཐེངས་བཞི་བའི་སྐབས་ང་ཚོས་གཙོ་བོ་པེན་གྱི་ཚོགས་ཆེན་ལ་མཉམ་ཞུགས་གནང་མཁན་རྒྱུན་ལས་རྣམས་ཕྱིར་ངེས་པར་ཡོང་དགོས་པའི་ཁ་དན་བཞག་ཡོད་ལ། ཁ་དན་བཞག་པ་ནང་བཞིན་ཚོགས་ཆེན་ཁག་གསུམ་ལ་མཉམ་ཞུགས་གནང་བ་རྣམས་ཕྱིར་ཡོང་ཡོད་པ་དེ་གནད་འགག་གཅིག་ཡིན།

གཉིས། ང་ཚོ་སྐབས་བཞི་བའི་རྒྱུན་ལས་རྣམས་ཀྱིས་པེན་རྒྱལ་སྤྱིའི་ལས་ཁུངས་ལ་འབྲེལ་བ་འཛིན་སྟངས་གཏིང་ཇེ་ཟབ་དང་ཚོགས་ཆེན་གསུམ་ལ་མཉམ་ཞུགས་སྐབས། བོད་ཀྱི་སྐད་ཡིག་གི་གནས་སྟངས་དང་བཙོན་འོག་གི་རྩོམ་པ་པོ་རྣམས་ཀྱི་དཀའ་ངལ། དེ་བཞིན་བོད་ཀྱི་ད་ལྟའི་གནས་བབ་བཅས་པེན་རྒྱལ་སྤྱིའི་ཚོགས་ཆེན་སྐབས་སུ་སྙན་གསེང་ཞུས་ནས་གྲུབ་འབྲས་མི་དམན་པ་ཐོབ་ཡོད་ལ། པེན་རྒྱལ་སྤྱིའི་ཚོགས་ཆེན་ཁག་ལ་མཉམ་ཞུགས་བྱས་ཏེ་ཕྱིར་ཡོང་ནས་དུས་ཐོག་གསར་འགོད་གསལ་བསྒྲགས་སྤེལ་ཐུབ་པ་བྱུང་ཡོད།

གསུམ། ང་ཚོའི་སྐབས་འདིར་བོད་ནང་ནས་དཔར་འགྲེམ་བྱེད་པར་དཀའ་ངལ་ཆེ་ཞིང་བོད་ཀྱི་རྩ་དོན་དང་བཅས་པར་ཕན་པའི་དཔེ་དེབ་གསུམ་དང་བོད་ཀྱི་བརྡ་སྤྲོད་ལ་ངེས་པར་མཁོ་བའི་དཔེ་དེབ་གཅིག་བཅས་པར་སྐྲུན་བྱས་ཡོད་ལ། དམིགས་བསལ་བཙོན་འོག་གི་རྩོམ་པ་པོ་རྣམས་ཀྱི་གནས་སྟངས་སྐོར་ལ་ཞིབ་འཇུག་བྱས་ཏེ་སྙན་ཐོའི་དེབ་སྤུས་ལེགས་ཤིག་དཔར་སྐྲུན་བྱས་ཡོད། དེ་བཞིན་པེན་འཛིན་གྲྭ་བཙུགས་ཏེ་བོད་ཀྱི་སྐད་ཡིག་དང་རྩོམ་ཡིག་བཅས་ཀྱི་ཐད་ནས་ དགོན་སྡེ་དང་སློབ་གྲྭ་ཁག་ཅིག་ལ་ཟབ་སྦྱོང་དང་ངོ་སྤྲོད་བྱས་ཡོད། ཅེས་བརྗོད་བྱུང་།

སྐུ་མགྲོན་གཙོ་བོ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དབུ་འཛིན་ཐུབ་བསྟན་བསམ་འཕེལ་མཆོག་གིས། ང་ཚོ་ཐོག་མར་རྒྱ་གར་ནང་བཙན་བྱོལ་དུ་ཡོང་དུས་འཛམ་བུ་གླིང་འདི་དུམ་བུ་གཉིས་སུ་ཕྱིན་ཏེ། གཅིག་ཨུ་རུ་སུ་ནས་མགོ་བཙུགས་པའི་སྤྱི་ཚོགས་རིང་ལུགས་དང་། གཉིས་ཨ་རི་ནས་དབུ་ཁྲིད་པའི་མ་རྩ་རིང་ལུགས་གཉིས་ཆགས་ཡོད་པ་དང་། དེ་འདྲའི་སྤྱི་ཚོགས་ཤིག་གི་ནང་ང་ཚོ་བོད་ཀྱི་འཐབ་རྩོད་དེ་ག་བར་བསླེབས་བསྡད་ཡོད་པ་རེད་ཅེ་ན། རྒྱ་མིས་བོད་ལ་བཙན་འཛུལ་བྱས་ཏེ་ས་ཐག་རིང་བའི་ཕྱིའི་སྤྱི་ཚོགས་སྟེང་རྒྱ་ནག་གིས་བོད་ཞི་བའི་བཅིངས་འགྲོལ་བཏང་ཡོད་སྐོར་དྲིལ་བསྒྲགས་བྱས་པ་དང་། ལྟ་ཚུལ་དེ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཨུ་རུ་སུ་གཙོས་པའི་ཡུ་རོབ་ཤར་ཁུལ་དུ་ཁྱབ་པ་རེད། དེ་ལྟར་སྤྱི་ཚོགས་རིང་ལུགས་པས་བོད་ནང་བཙན་འཛུལ་བྱས་ཏེ་བོད་མི་མང་གི་རང་དབང་ཤོར་བ་དང་། མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་ཀྱི་བར་ནས་ང་ཚོ་བོད་རང་གི་སྐད་དང་ལྟ་བ་ལྟ་ཚུལ་སོགས་རྒྱལ་སྤྱིའི་སྡངས་ཆའི་སྒང་ལ་ཐོན་ཐུབ་ཡོད་པ་མ་རེད། ཡིན་ནའང་རིམ་གྱིས་འགྱུར་བ་ཕྱིན་ཏེ་ང་ཚོ་བཙམ་བྱོལ་ནང་ལོ་མང་བསྡད་དེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མཛད་པའི་<<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་>> དང་ཕྲེང་རིང་རིན་ཆེན་སྒྲོལ་མ་ལགས་ཀྱི་བརྩམས་པའི་<<བོད་ཀྱི་བུ་མོ་>>སོགས་བོད་ཀྱི་ལོ་རྒྱུས་རྩོམ་རིགས་དེ་ཕྱི་ཕྱོགས་སུ་ཁྱབ་གདལ་ཕྱིན་པ་རེད་ཅེས་བརྗོད་སོང་།

ཡང་ཁོང་གིས་རྩོམ་ཡིག་འབྲི་སྐབས། དེ་མི་གཅིག་གི་བསམ་ཚུལ་ཡིན་དུས། དེ་འཛམ་གླིང་སྟེང་ཁྱབ་ཐུབ་པ་ཞིག་བཟོ་ཐུབ་མིན་ལ་སེམས་ཁྲལ་ཡོང་གི་ཡོད་ཀྱང་། རྩོམ་ཡིག་གཅིག་བྲིས་པ་དེ་ཀློག་མཁན་མི་གཅིག་ཙམ་མ་ཟད། དེ་ཀློག་མཁན་རྒྱལ་སྤྱིའི་མི་མང་ཡོད་པ་རེད། བོད་ཀྱི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ལམ་དུ་འགྲོ་གི་ཡོད་སྟབས། རྩོམ་གྱི་ནུས་པ་ཆེན་པོ་རེད་དམ་གྲིའི་ནུས་པ་ཆེ་བ་རེད་ཅེས་བསམ་ཚུལ་ཡོང་གི་ཡོད་པ་རེད། ནུས་པ་ཆེ་ཤོས་དེ་སྨྱུ་གུ་ཡིན་པ་བཟོ་དགོས་པ་རྩོམ་པ་པོ་ཚང་མར་འོས་འགན་ཡོད་རེད། ཅེས་གསུངས་སོང་།

དེའི་རྗེས་པེན་བོད་ཀྱི་རྩོམ་པ་པའི་མཐུན་ཚོགས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་སྨན་ཤེར་བློ་གྲོས་ལགས་ཀྱིས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོ་བོ་དང་ལངས་ཕྱོགས་སྐོར་ལ། མི་མང་པོ་ཞིག་གིས་ང་ཚོ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོ་བོ་དང་ལངས་ཕྱོགས་ག་རེ་ཡིན་ཞེས་དོགས་འདྲི་བྱེད་བཞིན་ཡོད་པ་ལྟར། དེ་ལྟར་འདྲི་དགོས་པའི་རྒྱུན་མཚན་ནི། རྩོམ་པ་པོ་ཟེར་བ་འདི་ང་ཚོ་བཙན་བྱོལ་སྤྱི་ཚོགས་ལ་ཅུང་ཐག་རིང་པོ་ཡོད་པའི་ཤེས་ཡོན་པ་དང་སྨྱུག་འཛིན་པ་ཞིག་ཡིན་ཞིང་། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནི་གཅིག་ནས་སྐྱབས་བཅོལ་བའི་གནས་བབ་ཅིག་དང་། གཉིས་ནས་དང་ཐོག་སྐྱབས་བཅོལ་དུ་ཡོང་མཁན་མང་ཆེ་བ་ཞིག་ཐ་སྙད་རྙིང་པ་ལྟར་བཀྲལ་ན་བྲན་གཡོག་གི་གནས་སྟངས་ཤིག་གི་འོག་བསླེབས་ཡོད་སྟབས། ཤེས་ཡོན་དང་རྩོམ་རིགས། སྒྱུ་རྩལ་སོགས་བཤད་ན་ཧ་ཅང་ཐག་རིང་པོ་རིང་པོ་རེད། དེ་བཞིན། བཙན་བྱོལ་ནང་ལོགས་སུའང་མི་ལོ་ ༥༠ ལྷག་རིང་འཚོ་བ་རང་གི་སྒང་ལ་ཤུགས་བརྒྱབ་ཡོད་སྟབས། རྩོམ་པ་པོ་དང་དེ་འདྲར་རྒྱུས་མེད་པའི་རྒྱུ་མཚན་གྱིས་མི་མང་ཆེ་བ་རྐྱེན་ངན་འདི་འདྲར་འཕྲད་ཡོད་པ་རེད།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འདི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཚོགས་སྡེ་ཁག་དང་མི་འདྲ་ས་ཞིག་ནི། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཚོགས་སྡེ་ཁག་ནི་ཆོགས་ལུགས་ཆབ་སྲིད་དང་འབྲེལ་བ་ཤུགས་ཆེན་ཡོད་སྟབས། ང་ཚོ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འདི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆོས་ལུགས་གྲུབ་མཐའི་རིང་ལུགས་དང་འདུ་ཤེས་སོགས་གང་ལའང་འབྲེལ་བ་མེད་པའི་ཤེས་ཡོན་གྱི་ཚོགས་པ་ཞིག་ཡིན་པ་དེ་རེད། མདོར་བསྡུས་ན་ང་ཚོ་རྒྱ་གར་ནང་ལོགས་ནས་ང་ཚོ་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཞེས་པའི་གོ་དོན་ག་རེ་རེད་ཟེར་ན། གཅིག་ནས་ང་ཚོ་རྒྱལ་སྤྱི་རང་བཞིན་གྱི་ཚོགས་པ་ཞིག་དང་། གཉིས་ནས་ང་ཚོ་ཤེས་ཡོན་པའི་ཚོགས་པ་ཞིག གསུམ་ནས་ང་ཚོ་ཤེས་ཡོན་པའི་ནང་ནས་རྩོམ་པ་པོའི་ཚོགས་པ་ཞིག་ཡིན་པ་རེད། དེར་བརྟེན། ང་ཚོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལངས་ཕྱོགས་དང་ལྟ་གྲུབ་དེ་འདྲར་འགྲེལ་བཤད་རྒྱག་རྒྱུ་ཁག་པོ་རེད། རྩོམ་པ་པོ་ཟེར་བ་དེ་ལྟ་གྲུབ་ཟེར་ན་འདྲ། དེ་སྤྱིར་བཏང་འགྲེལ་བཤད་རྒྱག་རྒྱུ་ཁག་པོ་རེད། རྩོམ་པ་པོ་ཟེར་ན་རང་དབང་དང་ལྟ་གྲུབ། འཆར་ཡན་གྱི་སྒང་ནས་འགྲོ་ཡི་ཡོད་དུས། རྩོམ་པ་པོ་ཟེར་བ་དེར་སྡོམ་ཚིག་རྒྱག་ཐུབ་པ་ཡོད་པ་མ་རེད། དེ་ཁྲིམས་དང་སྒྲིག་གཞི། ལམ་སྲོལ། ཡང་ལུགས་ཤིག་ནང་ནས་རྩ་བ་ནས་འགྲེལ་རྒྱག་མི་ཐུབ་པ་ཞིག་རེད། རྩོམ་པ་པོ་ཞིག་གི་བརྩམས་ཆོས་ཞིག་དཔེ་བཞག་ན། བརྩམས་ཆོས་དེའི་ནང་ལོགས་སུ་དཔྱད་གཞིའི་ཡིག་ཆའི་དེབ་གཅིག་པུར་ལྔ་བརྒྱ་ལྷག་ཟིན་གྱི་ཡོད་པ་དེ་འདྲ་རེད། དེ་འདྲ་ཞིག་གི་ཐོག་ནས་ང་ཚོས་རྩོམ་པ་པོར་གོ་བ་ལེན་གྱི་ཡོད་པ་དང་། དེ་བཞིན་ཚོགས་སྡེ་ཁག་ཡིན་ནའང་། ཚོགས་སྡེ་དེ་དག་དང་ང་ཚོའི་བར་གྱི་བར་ཆ་ག་རེ་ཡིན་པ་དང་ཁྱད་པར་ག་རེ་ཡིན་པ་དེ་འདྲ་ཞིག་གི་ཐོག་ནས་རྩོམ་པ་པོའི་ལངས་ཕྱོགས་དང་རྩོམ་པ་པོའི་ལྟ་གྲུབ་དེ་རང་བཞིན་གྱིས་གསལ་བོ་ཆགས་རྒྱུ་མ་གཏོགས། དེ་ལ་གཞན་འགྲེལ་བཤད་རྒྱག་ཐབས་མེད་པ་ཞིག་རེད། རྩོམ་པ་པོ་ཞིག་ཡིན་ན། དེའི་ལྟ་བ་ལྟ་གྲུབ་དེ་ང་ཚོས་གང་འདྲ་ཞིག་ལ་ངོས་འཛིན་གྱི་ཡོད་དམ་ཞེ་ན། རྩོམ་པ་པོའི་ལྟ་གྲུབ་ཟེར་བ་དེ་མཐར་དེད་ན་མཐའ་མེད་པ་དང་ཚད་མཐོ་བའི་རང་དབང་གི་ལྟ་བ་ལྟ་གྲུབ་ཅིག་ཡིན་དུས། དེ་ལ་འགྲེལ་བཤད་རྒྱག་རྒྱུ་ནི་སྨྲ་བསམ་བརྗོད་འདས་ཤིག་ཡིན་སྐོར་གསུང་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༠ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༡ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༦ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 2

  1. ཐོས་པ་དགའ། says:
    ལོ་ 10 སྔོན།

    བོད་ཀྱི་གསར་འགོད་པ་དང་། བོད་ཀྱི་རྩོམ་པ་ལ་འཁྲི་བའི་ལས་འགན་ཞིག་ཡོད་པ་དེ་རྩོམ་པ་ཐུན་ཚོགས་ཀྱིས་གསལ་བརྗོད་བྱས་ན་ཡག་པོ་འདུག རྩོམ་པ་པོ་ལ་ཆབ་སྲིད་དང་། ཆོས་ལུགས་གྲུབ་མཐར་འབྲེལ་བ་མེད་ཟེར་པ་དེ་ཧ་ཅང་གི་གུ་དོག་དྲག་པའི་སྐད་ཆ་ཞིག་རེད། རྩོམ་པ་པོ་སོ་སོ་ལ་དམིགས་ཡུལ་མ་འདྲ་བ་དང་། ལངས་ཕྱོགས་མ་འདྲ་བ། རྩོམ་ཡིག་གི་ཁ་ཕྱོགས་མ་འདྲ་བ་སྣ་ཚོགས་ཡོད་པ་རེད། ལྷག་པར་དུ་ད་ལྟའི་བོད་མི་རིགས་འདི་མཆི་གསོན་གྱི་གནས་སྐབས་སུ་ཡོད་པའི་སྐབས་འདིར་རྩོམ་པ་པོ་ཚོས་ངེས་པར་དུ་རང་གི་མི་རིགས་འདིའི་སྤྱི་ཚོགས་ལ་འགན་ཁུར་སྣེ་འཁྲིད་ཀྱི་བྱ་བཞག་རེ་སྒྲུབ་རྒྱུའི་ཐོག་གྲོས་ཆོད་ཚུད་ཆད་འཇོག་དགོས་པ་ལས་བོད་ཀྱི་ཆབ་སྲིད་དང་། ཆོས་ལུགས་གྲུབ་མཐའི་ཕྱོགས་གང་ལའང་འགན་འཁུར་མི་དགོས་ན་ད་བར་དུ་མི་རེ་རེའི་ངོས་ནས་ཤེས་ཡོན་སྦྱང་བ་ལ་དམིགས་ཡུལ་ངེས་ཅན་མེད་པའི་ངན་རྟགས་ཤིག་མ་རེད་དམ། བོད་མི་རིགས་འདི་མཆི་གསོན་གྱི་གནས་ནས་སྐྱབས་དགོས་ན་བོད་པའི་ཤེས་ཡོན་པའི་སྡེ་ལ་རགས་ལས་ཀྱི་རེད། ད་བར་ང་ཚོའི་སྤྱི་ཚོགས་འདིར་ལབ་སྟངས་དམིགས་བསལ་བ་ཞིག་ཡོད་པ་རེད། དེ་ཚོ་ནི་བོད་ཀྱི་ཆོས་རྒྱུད་ཁག་གི་བསྟན་བདག་བླ་ཆེན་ཚོས་ལམ་ངན་གཏོད་བཞག་པ་ཞིག་རེད། བླ་ཆེན་མང་ཆེ་བས་ང་ཆོས་རྐྱང་པ་ལས་ཆབ་སྲིད་དང་འབྲེལ་བ་མེད་ལབ་ནས་ཡང་འབུད་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་མིག་མཐོང་ལག་ཟིན་རེད་མོད། གཅིག་གིས་འགན་མ་ཁུར་གཉིས་ཀྱིས་འགན་མ་ཁུར་ན་སུས་འགན་འཁུར་དགོས་པ་རེད། ༸གོང་ས་མཆོག་གཅིག་བུས་ཕྱག་ཟུང་ཐར་མོ་སྦྱར་ནས་དགོངས་གྲངས་བརྒྱད་བཅུར་ཕེབས་ཟིན་པ་རེད། བླ་མ་རེ་རེ་དགོངས་པ་རྫོགས་སོང་ན་ཁོང་ཆབ་སྲིད་དང་འབྲེལ་བ་ཡོད་མ་རེད་ལབ་ནས་གཟི་ལྗིད་དུ་བརྩི་མཁན་དེ་ཚོ་ནི་རང་གི་མི་རིགས་ལ་ཤ་ཞན་མེད་པའི་སྤུ་མེད་པ་ཡི་ཕག་པ་ལས་མ་འདས། དེ་བཞིན་བཙན་བྱོལ་ནང་གི་རྩོམ་པ་པོ་ཚོས་ཀྱང་ཡང་འབུད་བྱས་ནས་བསྡད་ན་ཧ་ཅང་གི་མ་འོས་པ་རེད་སྙམ། ཕྱི་ལོ་ ༢༠༠༨ ལོ་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་གཞིས་ལུས་རྩོམ་པ་ཚོས་ག་ཚད་བློས་གཏོང་གནང་སོང་། དཔེར་ན་དུས་དེབ་ཤར་དུང་རི་གཅིག་བུ་ལ་ཅིག་ལྟོས་དང་།

    Reply
  2. སྨ་ར་ཅན། says:
    ལོ་ 10 སྔོན།

    པར་ཡག་པོ་ཞིག་བཞགས་མི་འདུག་པ་མ་གཏོགས་གསར་འགྱུར་ཡག་པོ་འདུག པར་འདི་འདྲ་ཞིག་གསར་འགོད་པས་ཇི་ལྟར་བརྒྱབ་པ་རེད ཧཧཧཧ མཐུན་ཚོགས་ལ་ངོས་འཛིན་གནང་ཕྱོགས་སོགས་ཀྱི་སྐད་ཆ་དེ་དག་ཧ་ལས་པའི་ཡག་པོ་འདུག

    རྒན་རབ་པ་བཀྲ་ཤིས་ཚེ་རིང་གིས་བོད་གཞུང་དང་དབུས་བོད་མིའི་སྒྲིག་འཛུགས དེ་བཞིན་བཀའ་ཤག་ལྷན་རྒྱས་ཀྱིས་རྩོམ་པ་པོ་ཚོར་རྡོག་རོལ་དང་འབུར་འཇོམ་བྱས་སོང་པའི་སྐད་ཆ་ཞིག་བཤད་ཡོད་བཟོ་འདུག ཡང་ཁོང་གིས་བཤད་པ་དེ་དྲ་ལམ་ཁག་ནང་མ་གཏོང་རོགས་ཟེར་ནས་བཤད་སོང་ཟེར།
    འབུར་འཇོམ་ཟེར་བ་འདི་ཚད་ག་འདྲ་ཞིག་ལ་ངོས་འཛིན་གནང་དགོས་པ་རེད། གཉིས། བཀའ་ཤག་རིམ་པ་གང་ག་ིསྐབས་དང་བཀའ་ཁྲིའམ་བཀའ་བློན་སུ་ཞིག་གིས་འབུར་འཇོམ་གནང་བའི་བཀའ་མོལ་གསུང་སོང་བ་དང་། ཡང་ན་གཞུང་དང་སྒྲིག་འཛུགས་ཚོགས་པ་ཁག་སུ་ཞིག་གིས་རྩོམ་པ་པོའི་རང་དབང་དང་རྩོམ་ཡིག་ལ་བཀའ་སྡོམ་གནང་མྱོང་བ་རེད། གསུམ། རྩོམ་པ་པོའི་དགོངས་ཚུལ་ལ་སྤྱི་ཚོགས་ཀྱིས་ངོས་ལེན་མ་ཐུབ་ཁག་ཅིག་དང་། སྤྱི་ཚོགས་ཀྱི་གནས་བབ་དང་དོན་དངོས་ལས་བརྒལ་བའི་བཀའ་མོལ་དག་ལ་དགའ་བསུ་མ་ཐོབ་དག་ལ་འབུར་འཇོམ་གནང་བ་རེད་ཟེར་རྒྱུ་ཡིན་ནམ།
    རྩོམ་པ་པོ་རྒན་པ་ཞིག་གིས་གཞོན་སྐྱེས་རྩོམ་པ་པོ་ཚོར་ལམ་སྟོན་འདི་ལྟར་གནང་རྒྱུ་ཡིན་ན་བོད་ཀྱི་རྩོམ་པ་པོའི་ཚོགས་སྡེ་འདི་རྩོམ་ཡིག་དང་རྩོམ་པ་པོ་ངོས་མི་ཟིན་མཁན་ཞིག་དང་། རྩོམ་པ་པོའི་འགན་འཁྲི་ངོས་མི་ཟིན་པའི་ཚོགས་སྡེ་ཞིག་ཏུ་འགྱུར་རྒྱུ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese