ནོར་ཝེ་ཡི་རི་སྐྱེས་ཤྭ་བའི་ལྟེ་གནས་ཆེ་ཤོས་ཀྱི་རི་རྒྱུད་དུ་གནམ་གློག་འཁྱུག་སྟེ་ཤ་བ་ ༣༢༣ ལྷག་བསད་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ནོར་ཝེ་ཡི་དཀྱིལ་དབུས་སུ་ཡོད་པའི་རི་རྒྱུད(
ནོར་ཝེ་རང་བྱུང་ཁོར་ཡུག་ལྟ་ཞིབ་ལས་ཁུངས་ཀྱི་མགྲིན་ཚབ་པ་(Kjartan Knutsen)ལགས་ཀྱིས། དེ་སྔོན་སེམས་ཅན་འདི་འདྲ་མང་པོ་གློག་གིས་བསད་པའི་གནས་ཚུལ་གོ་མྱོང་མེད་ལ། གནས་ཚུལ་འདི་རྒྱུན་ལྡན་ཞིག་མིན་སྐོར་བརྗོད་འདུག
Hardangervidda ཞེས་པའི་རི་རྒྱུད་དེ་ནི་རི་སྐྱེས་ཤྭ་བ་ ༡༠༠༠༠ ནས་ ༡༡༠༠༠ ལྷག་གི་འཚོ་གནས་ཀྱི་རྟེན་གཞི་ཡིན་ལ། ནོར་ཝེ་རྒྱལ་ཁབ་ཀྱི་རི་སྐྱེས་ཤྭ་བའི་ལྟེ་གནས་ཆེ་ཤོས་དེ་ཡིན་འདུག
གསར་འགོད་པ། པདྨ་མཚོ།