མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ལ་བཅར་འདྲི། ཚན་པ་གཉིས་པ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཚོགས་སྟེང་ནས་སེམས་ཁྲལ་གཞན་ཞིག་ནི་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་སླེབས་སྟངས་འདི་རེད། མི་དམངས་ཀྱི་རྒྱབ་སྐྱོར་དང་གཞུང་དང་སློབ་གྲྭ་ཁག་གི་དགེ་ལས་ཀྱི་ཞལ་འདེབས་ཀྱང་ཚོགས་པ་འདིར་འབུལ་གྱིན་ཡོད་པ་རེད། འདི་གང་འདྲ་ཡིན་མིན་དྲིས་པར། ཚོགས་ཆུང་འཛུགས་སྟངས་དེ་ཆབ་སྲིད་ཀྱི་འཐབ་བྱུས་གང་ཡང་མ་རེད། ཉ་ཉུང་མཉམ་བསྲེས་རེད། འཛམ་གླིང་གང་དུའང་མི་དམངས་དང་གཞུང་གཉིས་ཁ་ཁ་ཡོད་པ་རེད། གཞུང་དང་མི་དམངས་གཉིས་དབྱེ་བ་རྩ་ནས་མེད་པ་ཆགས་ན་དོན་དག་ཡོད་པ་མ་རེད། ཅེས་གསུངས། དེ་བཞིན་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ཚོགས་མི་རེ་ཟུང་གིས་མང་ཚོགས་ལ་བོད་རང་བཙན་གྱི་སྐད་འབོད་བྱས་ན་ཉེན་རྟོག་པར་རྩིས་སྤྲོད་བྱེད་རྒྱུ་ཡིན་ཞེས་བཤད་ཚུལ་འདུག་སྟབས། བཀའ་རྒྱ་འདིའི་འབྱུང་ཁུངས་ན་ལོ་རྒྱུས་དང་ཆབ་སྲིད་ཀྱི་ནོར་འཁྲུལ་ཞིག་མགོ་འཛུགས་གི་མེད་དམ་ཞུས་པར་ཁོང་གིས། གཞུང་གི་སྲིད་བྱུས་ནི་རང་བཙན་རྩོད་ཀྱིན་མེད་པ་དེ་རང་རེད། ཡིན་ནའང་མི་དམངས་ལ་རང་དབང་འཇོག་དགོས་པ་རེད། མི་དམངས་ནི་དོན་གྱི་བདག་པོ་རེད། གཞུང་གི་མི་དེ་ཚོ་ལས་ཀ་བྱེད་མཁན་རེད། ཚོང་ལྟ་བུ་ཡིན་ན། རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ནི་རྒྱ་ནག་གཞུང་དང་བོད་མི་རིགས་གཉིས་ཀྱི་བར་འདུམ་པ་ལྟ་བུ་རེད། རྒྱ་ནག་གི་ཆ་རྐྱེན་དེའང་མིན་པ་དང་། བོད་མི་རིགས་ཀྱི་མངོན་འདོད་དེའང་མིན་པར། ཕྱོགས་གཉིས་ཀ་ནས་བློས་གཏོང་གང་འཚམ་རེ་བྱས་ཏེ་ཐག་གཅོད་པ་དེ་རེད། གཞན་བོད་ཀྱི་རྒྱལ་གླུ་ལེན་མི་ཆོག བོད་རང་བཙན་བཤད་མི་ཆོག་ཅེས་པ་ཙམ་གྱིས་རྒྱ་ནག་གི་ངོ་སོ་ལེན་པ་ལ་ཕན་གི་མ་རེད། ང་ཚོའི་གཞོན་སྐྱེས་ཚོའི་མ་འོངས་པའི་མདུན་ལམ་དེ་འགོག་གི་རེད། ཏན་ཏན་འགོག་གི་རེད། ང་ཚོ་བོད་ཀྱི་རྨང་གཞི་རྩ་བ་ནས་མེད་པ་བཟོས་པ་ཡིན་ན་འགྲིག་གི་མ་རེད། ཅེས་གསུངས་བྱུང་། དེས་མི་ཚད་དེང་སྐབས་གཞོན་སྐྱེས་ཚོའི་ཁྲོད་དུ། ད་ནི་བོད་རྒྱ་ཞི་མོལ་དེ་གནས་སྐབས་རིང་མ་ཡོང་ནའང་འགྲིག་མོད། གཙོ་བོ་ད་ལྟའི་ལས་གནས་ན་ཡོད་པའི་རྒན་རབས་པ་ཚོས་རྒྱ་ནག་དང་མཉམ་དུ་བོད་དོན་འདི་ཚེ་མཇུག་གི་ཕམ་ཚོང་རྒྱག་རྒྱུར་བློ་འཚབ་ཡོད་མཁན་འདུག འདིའི་ཐད་དགོངས་ཚུལ་ཆི་ཡོད་དྲེས་པའི་ལན་དུ། སྤྱིར་བཏང་ང་རང་ལྟ་བུ་ཡིན་ན་དེང་སྐབས་གཞིས་བྱེས་གཉིས་ཀའི་གཞོན་སྐྱེས་ཚོའི་ནང་ན་སེམས་ཤུགས་ཅན་ཞེ་དྲག་ཨེ་ཡོད་བསམ་པ་རེད། དེ་འདྲ་ཡིན་དུས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་རིང་ལ་ཐག་ཆོད་ན་མ་གཏོགས། དེའི་རྗེས་ནས་ཚར་བ་རེད་བསམ་བསྡད་ཡོད། ཁྱོད་ཀྱིས་བཤད་པ་བཞིན་ལོ་རྒན་པ་ཚོའི་སེམས་ཁྲལ་གཅིག་པ་འདྲ་མིན་འགྲོ ཁྱེད་རང་ཚོས་ཤེས་དགོས་པ་ཞིག་ལ་རྒྱལ་བ་རིན་པོ་ཆེས་རང་བཙན་རྩ་བ་ནས་གསུང་ཐུབ་པ་ཡོད་པ་མ་རེད། དེ་རྒྱལ་བ་རིན་པོ་ཆེ་ནོར་བ་མ་རེད། འཁྲུལ་བ་ཡང་མ་རེད། དེ་འདྲ་མི་བྱེད་ཀ་མེད་རེད། ཁ་ཉིན་ནས་ལས་འགུལ་སྤེལ་དུས་གཞོན་སྐྱེས་ཁ་ཤས་མཐོང་བྱུང་། དཔལ་འབར་འཁྱེར་དུས་དང་། བོད་ནང་ཤི་རྨས་བྱུང་བ་ཚང་མ་གཞོན་སྐྱེས་ཚོ་ཡིན་སྟབས། དོན་དག་དེ་བརླག་ན་རྩ་བ་ནས་འགྲིག་གིན་མི་འདུག་ཅེས་ངས་མང་པོར་ལབ་པ་ཡིན། རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་རིང་ལ་བྱུང་ན་ཡག་གི་རེད། མ་ཡོང་ནའང་གཞོན་སྐྱེས་ཚོར་བཞག་ན་མ་གཏོགས་རྩ་བ་ནས་འགྲིག་གི་མ་རེད། དེ་འདྲ་ཞིག་ཤི་ཚར་དུས་ང་ཚོས་བདག་རྒྱག་དགོས་པ་རེད་མ་གཏོགས། གྱོང་གི་སྒང་ལ་གྱོང་འཁྱེར་ན་ཅི་གང་ཕན་གི་མ་རེད། བྲེལ་བ་བྱེད་རྒྱུ་མི་འདུག མི་ཤི་ཚར་བ་དེས་ཤི་གོབ་ཅིག་ཆོད་དགོས་པ་རེད། དོན་དག་བྱུང་ན་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དེ་ལ་ང་ཚོས་ཕྱིར་འཐེན་གང་ཡང་མེད། མི་འགྲུབ་བཞིན་དུ་ཨུ་ཚུགས་བརྒྱབས། སྤྲེལ་ལད་འཁྲབ་ནས་རང་གི་མ་རྩ་ཚང་མ་བདག་པོ་རྒྱག་མི་ཐུབ་པ་ཞིག་ཆགས་པ་ཡིན་ན་ནོར་འཁྲུལ་ཆེན་པོ་ཆགས་ས་རེད་ཅེས་བཤད་ཀྱིན་ཡོད། ད་རེབ་ཤི་མཁན་ཚང་མ་མི་རྒན་པ་མ་རེད། དམངས་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེ་ཟེར་བ་གོ་བ་ཙམ་མ་གཏོགས། དེའི་ནང་དོན་རྩ་ནས་མི་གོ་མཁན་རྐྱང་ཤི་ཡོད་པ་རེད། དེས་སྡུག་བསྔལ་མ་གཟོད་ནས་ཤི་གིན་ཡོད་པ་མ་རེད། རིགས་ཞེན་གྱིས་ཤི་གིན་ཡོད་པ་རེད། ད་གཟབ་གཟབ་བྱེད་དགོས་ཀྱིན་འདུག་བསམ་བསྡད་ཡོད། ཅེས་གསུངས་བྱུང་།
བོད་རྒྱ་གཉིས་ཕྱོགས་ནས་༧གོང་ས་མཆོག་སྐུ་ཕྲེང་བཅོ་ལྔ་བའི་སྐོར་གླེང་མགོ་བཙུགས་ཡོད་པ་མ་ཟད། བོད་པའི་མ་འོངས་པའི་དབུ་ཁྲིད་ཀྱི་ཕྱོགས་ལའང་བསམ་བློ་གཏོང་མགོ་བཙུགས་ཡོད་པ་རེད། མ་འདས་སྤྲུལ་སྐུ་དང་ཡི་ཤུའི་བླ་ཆེན་པོབ་ཡོང་སྟངས་ལྟ་བུ་གླེང་གིན་ཡོད་ལ། ད་ཡོད་བླ་སྤྲུལ་གཞོན་སྐྱེས་རྒྱལ་པ་ཀརྨ་པ་དང་ཡོངས་འཛིན་གླིང་རིན་པོ་ཆེའི་ཡང་སྲིད་བཅས་ལའང་བསམ་བློ་གཏོང་གིན་ཡོད་པ་རེད། ཁོང་ལ་འདིའི་ཐད་དགོངས་ཚུལ་ཅི་ཡོད་དྲིས་སྐབས། འདིའི་སྐོར་ང་ལ་བསམ་ཚུལ་གང་ཡོད་དེ་བཅའ་ཁྲིམས་ནང་བྲིས་བཞག་ཡོད་པ་རེད། བོད་མི་རིགས་ལ་ཏླ་ལའི་བླ་མ་མེད་ཐབས་མེད་པ་དེ། རྒྱ་ནག་གིས་ཀྱང་ཤེས་བསྡད་ཡོད་པ་རེད། ང་ཚོས་ཀྱང་སྐུ་ཕྲེང་བཅུ་བཞི་བ་མི་བཞུགས་པའི་དུས་ཤིག་ཤར་རྒྱུ་ཡོད་པ་དང་། དེའི་རྗེས་ནས་སྐུ་ཕྲེང་བཅོ་ལྔ་བར་བདག་པོ་རྒྱག་སྟངས། བདག་པོ་བརྒྱབས་ནས་ཁྲི་ཁར་འགོད་སྟངས་ཚུན་ལ་བསམ་བློ་བཏང་ཡོད་པ་རེད། ཡིན་ནའང་། དེང་སྐབས་ཡོངས་འཛིན་གླིང་རིན་པོ་ཆེའི་ཡང་སྲིད་དང་རྒྱལ་བ་ཀརྨ་པ་སོགས་གླེང་མཁན་ཡོད་པ་རེད་དེ། བོད་རིགས་ཡོངས་རྫོགས་ཀྱི་སེམས་འཁྲི་ས་ཞིག་དགོས་པ་རེད། བོད་པའི་སྤྱི་ཚོགས་ལ་བལྟ་དགོས་པ་རེད། དེ་ནས་ཁ་གཏད་རྒྱ་མི་ལ་བལྟ་དགོས་པ་རེད། ཏླ་ལའི་བླ་མ་ཟེར་དུས་བོད་ལ་གོ་བསྡད་ཀྱིན་ཡོད་པ་རེད། དེའི་ཚབ་ཡིན་ཟེར་མཁན་ཞིག་ཡོད་དུས་དེའི་ནུས་པ་ཤོར་ཚར་བ་རེད། གཞན་པ་སུ་ཡོང་ནའང་ཕན་གི་མ་རེད། ཅེས་གསུངས་བྱུང་། མཐའ་མ་དེར། རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་ཟུར་རྣམ་པ་ཚོར་བོད་གཞུང་གི་སྲིད་བྱུས་ཐོག་ལ་གྲོས་བསྡུར་དང་བསམ་ཚུལ་འདོན་རོགས་ཞེས་བཀའ་གནང་ཡོད་པ་རེད། དེ་བཞིན་བཀའ་ཟུར་རྣམ་པ་ཚོས་ཀྱང་དུས་ནས་དུས་སུ་འདུ་འཛོམས་དང་གྲོས་བསྡུར་བརྒྱུད། བཀའ་ཤག་ལ་དགོངས་ཚུལ་རེ་འབུལ་གྱིན་ཡོད་ཚོད་འདུག དེས་ན་ཁོང་ཚོས་ཡར་ཕུལ་བའི་ལམ་སྟོན་དེ་དག་ལ་ནུས་པ་འདྲ་ཐོན་གྱིན་ཡོད་མེད་དྲིས་པར་ཁོང་གིས། ཅི་གང་ཡོང་གིན་མི་འདུག བཀའ་ཟུར་ཚོར་ནུས་པ་གང་ཡང་མི་འདུག དེ་སྔ་ཐེངས་མང་པོར་འཚོགས་པ་རེད། བཀའ་ཟུར་ཚོས་བཀའ་བསྡུར་གནང་ཡོད་པ་རེད། བཀའ་བསྡུར་གནང་ནས་ཡར་ཞུས་པ་དེ་ཚོ་ལག་ལེན་བསྟར་གྱིན་འདུག་དང་མི་འདུག་ལྟ་སྐབས་ཅི་གང་ཡང་བྱེད་ཀྱིན་མི་འདུག ཁ་ཉིན་འཚོགས་ཤོག་གསུངས་ཡོད་པ་རེད། ང་ཚོ་འཚོགས་གི་ཡིན་ཞེས་ཞུས་ཤིང་། ཉིན་གསུམ་གྱི་རིང་འཚོགས་ཏེ་བསམ་ཚུལ་དོན་ཚན་བཅུ་ཕུལ་ཡོད། དེ་ལའང་ད་ལྟའི་ཆར་བལྟས་ན་དགོངས་བཞེས་གནང་གིན་མེད་པ་འདྲ། ད་ལྟའི་སྐུ་ཚབ་གཏོངས་ཕྱོགས་ཀྱི་སྐོར་ཡང་དོན་ཚན་ཞིག་གི་ནང་རོབ་ཙམ་ཞིག་ཞུས་པ་ཡིན། དེ་ཚོ་ལ་ཆ་འཇོག་པ་རེད་མི་འདུག ཅེས་གསུངས་བྱུང་།
ངས་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ལགས་ལ་བཅར་འདྲི་ཞུས་ནས་སྐར་མ་ ༩༠ ཙམ་འགོར་འདུག་ལ། ཁོང་གི་བཞུགས་ཤག་ནས་ཕྱིར་ཐོན་དུས་དགོང་དྲོའི་ཆུ་ཚོད་ ༨ པ་རེད། གློག་གི་ཕྲ་རྒྱན་བཏབས་པ་ལྟ་བུའི་ཅོན་ཏ་རའི་ལུང་གཤོངས་འདི་ལྷིང་འཇགས་གེར་འདུག་ལ། ཕྱི་རོལ་གྱི་གནམ་ཟླ་འཇམ་ཞིང་ཚ་དྲོད་སྙོམས་པོ་འདུག འོན་ཀྱང་། གཞུང་ལམ་བརྒྱུད་དེ་ཕྱིར་ཡོང་སྐབས། ངས་སྔར་ལས་ལྷག་པའི་དྲི་བ་མང་པོ་ཞིག་ཁུར་ཏེ། ཐག་རིང་ཐག་རིང་ཞིག་ལ་འགྲོ་བཞིན་ཡོད་པའི་སྣང་བ་སྐྱེས།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese