བསམ་ཚུལ་བརྗེ་རེས་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བཞག་སོང་།

མཛའ་བརྩེ་ལྡན་པའི་བོད་ཀྱི་དུས་བབ་རྩོམ་སྒྲིག་ལྷན་རྒྱས་ལ།
བོད་ཀྱི་དུས་བབ་གསར་ཤོག་སྤེལ་ནས་ལོ་བཅུ་འཁོར་བའི་ཉིན་མོ་འདིར།  གསར་ཤོག་འདིའི་ཐོག་ལ་ཆེད་གཉེར་གྱིས་སྐུ་ངལ་བསྐྱོན་གནང་བའི་ལས་བྱེད་གསར་རྙིང་ཚང་མར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ།   དེ་ཡང་ལོ་བཅུའི་དུས་ཡུན་ནང་ཚགས་པར་དུས་ལྟར་བཏོན་པ་དང༌། སྤུས་དག་པ། ཕྱོགས་སུ་མ་ལྷུང་བར་རང་དབང་གི་གསར་འགོད་གསར་ཤོག་ཅིག་གི་ལས་འགན་ལེགས་པར་སྒྲུབ་ཡོད་པས།  གསར་ཤོག་འདིས་བཙན་བྱོལ་སྤྱི་ཚོགས་ནང་ལ་གསར་གནས་མཁོ་འདོན་དང༌།  བསམ་ཚུལ་བརྗེ་རེས་སོགས་ཀྱི་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོའི་དགའ་འོས་བསྔགས་འོས་ཐོབ་ཡོདན།   ལོ་བཅུ་འཁོར་བའི་དྲན་གསོ་འདི་ཡང་དངོས་གནས་བྱ་རིན་ཡོད་པ་ཞིག་རེད་ལ།  ད་དུང་མུ་མཐུད་དེ་དུས་བབ་གསར་ཤོག་གི་བསྟན་པ་དར་ཞིང་རྒྱས་པའི་རེ་སྨོན་དང་ལྷན་དུ་རྒྱ་ཆེའི་ཀློག་པ་པོ་ཚོས་ཀྱང་མང་ཉོ་མང་ཀློག་ཡོང་བའི་རེ་བསྐུལ་དང་བཅས།
ས་རྭ་བོད་ཀྱི་མཐོ་སློབ་སློབ་གཉེར་ཁང་གི་ཡིག་ཚང་ནས༢༠༠༧ཟླ ༡ ཚེས༨ཉིན།  

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply