རྒྱ་ནག་སྐོར་གྱི་རྒྱུན་ཤེས་བརྒྱ་ཐམ་པ། ཚན་པ་གཉིས་པ།

དྲུག་པ། ཅིའི་ཕྱིར་རྒྱ་ནག་ནང་ད་དུང་ཆབ་སྲིད་བཙོན་པ་ཡོད་དམ།
རྒྱ་ནག་དམར་ཤོག་གིས་ཆབ་སྲིད་བཙོན་པ་ཞེས་པའི་ཐ་སྙད་འདི་ལ་ངོས་ལེན་བྱེད་ཀྱི་མེད། རྒྱ་ནག་དམར་ཤོག་གིས་ཉེས་ཁྲིམས་ནང་༡༩༩༧ ལོའི་སྔོན་དུ་ཆབ་སྲིད་བཙོན་པ་ལ་གསར་བརྗེ་ངོ་ལོག་པ་ཞེས་བའི་ཉེས་མིང་འདོགས་ཀྱི་ཡོད། ༡༩༩༧ ལོའི་རྗེས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ཉེས་མིང་འདོགས་ཀྱི་ཡོད། མིང་ཚིག་བརྗེ་བོ་བརྒྱབ་ཡོད་ན་ཡང་ངོ་བོ་ལ་འགྱུར་བ་ཅི་ཡང་བྱུང་མེད་ལ་དེ་ནི་མིག་སྒྲིབ་པའི་ཐབས་ལམ་ཞིག་ཡིན་ལ། དམིགས་ཡུལ་ནི་མི་རྣམས་ཀྱི་མགོ་སྙོག་པའི་ཆེད་དུ་རེད།

ཉེས་མིང་སྔ་རྗེས་དེ་གཉིས་ནི་རྒྱ་ནག་དམར་ཤོག་གི་ཉེས་ཁྲིམས་ཁྲོད་དོན་ཚན་ཨང་དང་པོར་བཞག་ཡོད། རྒྱ་ནག་དམར་ཤོག་གི་ཉེས་ཁྲིམས་དེ་ལྗིད་མོ་ནས་ཡང་མོའི་ཕྱོགས་སུ་བང་བསྒྲིགས་ཡོད་ལ། དེར་བལྟས་ན་རྒྱ་ནག་དམར་ཤོག་གི་ཐ་སྙད་ནང་ཆབ་སྲིད་བཙོན་པ་ཟེར་བ་དེ་ཆེས་ཚབས་ཆེན་གྱི་ནག་ཉེས་རིམ་པ་དང་པོ་རེད། དེ་ནི་གནའ་བོའི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་དབང་བསྒྱུར་མཁན་གྱི་ཐ་སྙད་དང་གཅིག་མཚུངས་ཡིན་ལ། ཁོང་ཚོས་ངོ་ལོག་པ་ནི་ཉེས་ཅན་ཆེ་ཤོས་དང་ཉེས་བ་ཀུན་གྱི་ཐོག་མ་རུ་བགྲང་བ་རེད། ཡིན་ན་ཡང་ལོ་ངོ་སྟོང་ཕྲག་མང་པོ་ཞིག་ཕྱིན་སོང་ན་ཡང་རྒྱ་ནག་དམར་ཤོག་དབང་འཛིན་པའི་བསམ་བློ་ལ་འགྱུར་བ་སྤུ་ཙམ་ཡང་ཕྱིན་མེད་པ་རེད།

རྒྱ་ནག་དམར་ཤོག་གིས་ཆབ་སྲིད་བཙོན་པ་ཁས་ལེན་གྱི་མེད་ན་ཡང་ཁོ་ཚོས་མུ་མཐུད་ཆབ་སྲིད་བཙོན་པ་བཟོ་བཞིན་ཡོད་ལ། དེའི་ཁྱབ་ཁོངས་ཤིན་ཏུཆེ་ཞིང་ཡོད་ཚད་འདུས་ཡོད་དེ། རྒྱ་ནག་དམར་ཤོག་སྒེར་སྡེམ་པར་སྐྱོན་བརྗོད་བྱེད་མཁན་དཔེར་ན་དམངས་གཙོ་དོན་གཉེར་བ་དང༌། སྨྲ་བརྗོད་རང་དབང་འཚོལ་སྙེགས་མཁན་དཔེར་ན་དྲ་རྒྱའི་གྲོགས་པོ། མི་རིགས་རང་སྲིད་རང་སྐྱོང་འཚོལ་སྙེགས་མཁན་དང་གྲངས་ཉུང་མི་རིགས་ཀྱི་ཁེ་ཕན་སྲུང་སྐྱོབ་མཁན་དཔེར་ན་བོད་དང༌། ཞིན་ཅང༌། ནང་སོག་སོགས་ས་ཁུལ་དུ་ལས་འགུལ་སྤེལ་མཁན་དང༌། ཆོས་ལུགས་མི་འདྲ་བར་དད་མོས་མཁན་དང་དབུགས་རྩལ་ཉམས་ལེན་མཁན་དཔེར་ན་ཡེ་ཤུའི་ཆོས་ཚོགས་ཀྱི་ཚོགས་མི་དང༌། ཆོས་འཁོར་རྩ་རླུང་ཚོགས་པའི་ཚོགས་མི་སོགས་དང༌། གཞན་སྤྱི་ཚོགས་ལས་འགུལ་མི་སྣ་དཔེར་ན་ཐོབ་ཐང་སྲུང་སྐྱོབ་མཁན་ཁྲིམས་རྩོད་པ་དང་ཁོར་ཡུག་སྲུང་སྐྱོབ་མཁན་སོགས། ཐ་ན་ཁྲིམས་གཏུགས་བྱེད་མཁན་མི་དམངས་དཀྱུས་མ་ཡང་ཆབ་སྲིད་བཙོན་པར་འགྱུར་ཏེ་བཙོན་འཇུག་དང་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་འཇུག་གི་ཡོད།

རྒྱ་ནག་དམར་ཤོག་གིས་ཆབ་སྲིད་བཙོན་པ་བཟོ་བཞིན་ཡོད་ལ་ཉེས་མིང་ཡང་རྣམ་པ་སྣ་ཚོགས་འདོགས་ཀྱི་ཡོད་སྟེ། གསར་བརྗེ་ངོ་ལོག་པ་དང་རྒྱལ་ཁབ་མགོ་རྟིང་སློག་པའི་ཉེས་མིང་ལས་གཞན། ད་དུང་གསང་ཉུལ་བ་དང༌། རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་གྱར་བའི་ཉེས་མིང༌། དབང་རྩ་འཁྲུག་པ་སོགས་ཀྱི་ཉེས་མིང་བཀལ་ཏེ་ལྟ་བ་མི་མཐུན་པའི་མི་ལ་མནར་གཅོད་གཏོང་གི་ཡོད་ལ། ཐ་ན་ཉེས་ཁྲིམས་གཞན་པ་ཡང་འགེལ་གྱི་ཡོད་དེ། དཔེར་ན། དཔལ་འབྱོར་གྱི་ནག་ཉེས་དང༌། བཤང་འཚོང་མ་བཙལ་བའི་ནག་ཉེས། བྱ་ངན་སྒྲུབ་པའི་ནག་ཉེས་སོགས་ལ་ཁག་བཀལ་ཏེ་ཆབ་སྲིད་བཙོན་པ་ནག་པོར་བསྒྱུར་ཐབས་བྱེད་ཀྱི་ཡོད།

རྒྱལ་ཁབ་ཞིག་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཡིན་མིན་གྱི་ཚད་འཇལ་བྱེད་ཞིག་ནི་ཆབ་སྲིད་བཙོན་པ་ཡོད་མེད་དེ་ཡིན་ལ། ཆབ་སྲིད་བཙོན་པ་ཞེས་པ་ནི་འཛམ་གླིང་གི་རྒྱལ་ཁབ་མང་ཤོས་ནང་རྩ་ཡལ་ཏུ་འགྲོ་བཞིན་ཡོད་ན་ཡང་རྒྱ་ནག་ནི་ཆབ་སྲིད་བཙོན་པ་ཡོད་མཁན་རྒྱལ་ཁབ་ཉུང་ཤས་ཤིག་ཡོད་པའི་གྲས་ཀྱི་གཅིག་ཡིན་པར་མ་ཟད། ཆབ་སྲིད་བཙོན་པ་ཆེས་མང་པའི་རྒྱལ་ཁབ་ཀྱང་ཡིན། རྒྱ་ནག་དམར་ཤོག་སྒེར་སྡེམ་པའི་དབང་བསྒྱུར་མཇུག་མ་སྒྲིལ་ཚེ་རྒྱ་ནག་མང་ཚོགས་ཀྱིས་ངོ་རྒོལ་ནམ་ཡང་མཚམས་མི་འཇོག་ལ། དེ་ལ་བརྟེན་ནས་རྒྱ་ནག་གིས་ཆབ་སྲིད་བཙོན་པ་ཁྲི་སྟོང་མང་པོ་བཟོ་ངེས་ཡིན་པ་རེད། དེར་བལྟས་ན་རྒྱ་ནག་དམར་ཤོག་གི་དབང་བསྒྱུར་འོག་གི་རྒྱ་ནག་ནི་ཆེས་ཀླ་ཀློ་དང་ཆེས་མུག་ནག་ཅན་ཞིག་ཡིན་པས་དཔལ་ཡོན་ལྡན་པའི་རྒྱལ་ཁབ་དང་བར་ཐག་ཤིན་ཏུ་རིང་ངོ༌།

བདུན་པ། ཅི་ཞིག་ནི་དགྲ་ཟླའི་སྟོབས་ཤུགས་ཡིན།
མའོ་ཙེ་ཏུང་གི་དུས་སྐབས་སུ་རྒྱ་ནག་དམར་ཤོག་གིས་གྲལ་རིམ་འཐབ་རྩོད་བྱས་པར་དགའ་མོས་བྱེད་ཀྱི་ཡོད་ལ་དེའི་དམིགས་ཡུལ་ནི་རང་ཉིད་ཀྱི་ནོར་འཁྲུལ་དང་མཇུག་འབྲས་ཡོད་ཚད་གྲལ་རིམ་དགྲ་བོས་གཏོར་བརླག་བཏང་བར་བརྗོད་ཀྱི་ཡོད། ཐབས་ཤེས་འདི་ཕན་ནུས་ལྡན་པ་ཡིན་པས་ཁོང་ཚོས་གྲལ་རིམ་འཐབ་རྩོད་ནི་ལམ་སེང་གྲུབ་འབྲས་འཐོན་པ་ཞིག་ཡིན་པར་བརྗོད། མའོ་ཙེ་ཏུང་རྗེས་སུ་རྒྱ་ནག་དམར་ཤོག་གིས་གྲལ་རིམ་འཐབ་རྩོད་མི་གླེང་བར་དེའི་ཚབ་ཏུ་དགྲ་ཟླའི་སྟོབས་ཤུགས་ཅེས་པའི་མིང་ཚིག་གསར་བ་ཞིག་བཀོལ་གྱི་ཡོད་ལ། དེའི་དམིགས་ཡུལ་ཡང་རྙོག་དྲ་དང་འགལ་ཟླས་བཟོས་བའི་ལྡོག་ཕྱོགས་ཀྱི་འབྲས་བུ་དེ་དག་དགྲ་ཟླའི་སྟོབས་ཤུགས་ཀྱིས་གཏོར་བརླག་བཏང་བ་ཡིན་ཚུལ་བརྗོད་ཀྱི་ཡོད། དཔེར་ན་རྒྱ་ནག་དམར་ཤོག་གིས་རྒྱལ་ནང་གི་འགལ་ཟླ་ཚང་མ་ཡང་དགྲ་ཟླའི་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱེད་ཚུལ་ཡིན་ལུགས་ཨུ་ཚུགས་ཀྱིས་བརྗོད་བཞིན་ཡོད།

རྒྱ་ནག་དམར་ཤོག་གིས་སྲིད་དབང་བཟུང་བ་དེ་ནི་འོས་འདེམས་བརྒྱུད་ནས་མང་ཚོགས་ཀྱིས་གནང་བ་ཞིག་མིན་ཕྱིར་ནམ་ཡང་ཞེད་སྣང་དང་སེམས་ཁྲལ༌། འདུག་བཟོད་མི་བདེ་བ་འབྱུང་གི་ཡོད་ལ། ཁོང་ཚོའི་མིག་ལམ་དུ་གང་སར་དགྲ་ཟླའི་སྟོབས་ཤུགས་གནས་ཡོད་ལ། ཁོང་ཚོ་ལ་ངོ་རྒོལ་བྱེད་མཁན་ནི་དགྲ་ཟླའི་སྟོབས་ཤུགས་ཡིན་ལ། ཁོང་ཚོ་ལ་སྐྱོན་བརྗོད་བྱེད་མཁན་ཡང་དགྲ་ཟླའི་སྟོབས་ཤུགས་ཡིན། ཐ་ན་ཁོང་ཚོ་ལ་དགོངས་ཚུལ་བཏོན་མཁན་ཀྱང་དགྲ་ཟླའི་སྟོབས་ཤུགས་ཡིན། ཚིག་གཅིག་གིས་བརྗོད་ན་ཁོང་ཚོས་ཁེ་ཕན་ལ་ཉེན་ཁ་བཟོ་མཁན་ཚང་མ་དགྲ་ཟླའི་སྟོབས་ཤུགས་རེད། མཚམས་རེ་དམར་ཤོག་དབང་འཛིན་པའི་དྲན་སྣང་ལ་འཆར་བའི་ཉེན་ཁ་ཚང་མ་ཡང་དགྲ་ཟླའི་སྟོབས་ཤུགས་ཡིན།

གང་སར་གནས་བའི་དགྲ་ཟླའི་སྟོབས་ཤུགས་ཏེ་གཅིག་བྱས་ན་ཕྱི་རྒྱལ་བ་ཡིན་ལ། གཅིག་བྱས་ན་རྒྱ་ནག་སྤུན་ཟླ་ཡང་ཡིན་སྲིད་པས་རྒྱ་ནག་དམར་ཤོག་གིས་དེ་ཚོ་ལ་རྒྱལ་ཕྱི་ནང་གི་དགྲ་ཟླའི་སྟོབས་ཤུགས་ཅེས་བརྗོད་ཀྱི་ཡོད། རྒྱ་ནག་དམར་ཤོག་གིས་དགྲ་ཟླའི་སྟོབས་ཤུགས་ཀྱི་ས་མཚམས་ཕྱེས་བའི་ཁྱབ་ཁོངས་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་ལ། དམངས་གཙོ་དོན་གཉེར་བ་དང༌། ཆོས་འཁོར་རྩ་རླུང་ཚོགས་པ། ཡེ་ཤུ་ཆོས་བ། ད་དུང་བོད་དང་ཐེ་ཝན། ཤིན་ཅང༌། ནང་སོག་སོགས་རང་སྐྱོང་དང་རང་བཙན་གྱི་ཕྱོགས་ཞེན་ཡོད་པ་ཚང་མ་དགྲ་ཟླའི་སྟོབས་ཤུགས་ནང་དུ་བཞག་ཡོད། ཐ་ན་དམར་ཤོག་རང་ཉིད་ཀྱིས་གཏན་འབེས་བྱས་པའི་བཅའ་ཁྲིམས་ལ་བརྟེན་ནས་མང་ཚོགས་ཀྱི་ཁེ་ཕན་དང་ཐོབ་ཐང་བརྩོན་ལེན་མཁན་གྱི་མི་སྣ་ཡང་དགྲ་ཟླའི་སྟོབས་ཤུགས་ནང་བཞག་ཡོད།

དེར་བརྟེན་དམར་ཤོག་རང་ཉིད་ཀྱི་མང་ཚོགས་དང་ཁ་གཏད་ལངས་ཏེ་མང་ཚོགས་དགྲ་རུ་འཛིན་གྱི་ཡོད་པ་ནི་འཛམ་གླིང་གི་འགྱུར་འགྲོས་ལ་ཡང་དགྲ་རུ་འཛིན་གྱི་ཡོད་པ་རེད། དོན་དངོས་སུ་དྲག་པོ་ལ་བརྟེན་ནས་རང་ཁྱིམ་བཙུགས་ཤིང་སྒེར་སྡོམ་མ་རྩ་བྱས་ཏེ་ལོ་རྒྱུས་ཀྱི་ལྡོག་ཕྱོགས་སུ་བགྲོད་བཞིན་པའི་རྒྱ་ནག་དམར་ཤོག་ནི་དཔལ་ཡོན་གྱི་དགྲ་བོ་ཡིན་པ་མ་ཟད༌། རྒྱ་ནག་དམར་ཤོག་རང་ཉིད་ནི་མིའི་རིགས་ཀྱི་དགྲ་ཟླའི་སྟོབས་ཤུགས་ཞིག་ཀྱང་རེད།

བརྒྱད་པ། རྒྱལ་ཁབ་ཀྱི་བདག་དབང་ནི་འགྲོ་བ་མིའི་ཐོབ་ཐང་ལས་མཐོའམ།
རྒྱ་ནག་དམར་ཤོག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པ་དེར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་བྱེད་ཀྱི་ཡོད་མོད། ཡིན་ན་ཡང་རྒྱ་ནག་དམར་ཤོག་གིས་ངོས་ལེན་བྱེད་ཀྱི་མེད་ལ། དེ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་འབྲེལ་བ་ཡོད་པར་བསྙད་དེ་གོམ་གང་ཡང་ཕྱིར་བཤོལ་བྱེད་ཀྱི་མིན་པར་བརྗོད། རྒྱལ་ཁབ་ཀྱི་བདག་དབང་དར་ཆ་བྱས་ཏེ་རྒྱལ་སྤྱིའི་སྟེང་མུ་མཐུད་གཡོ་འཁྲབ་བྱེད་བཞིན་པར་ལམ་ལྷོང་འབྱུང་གི་མེད་མོད། ཡིན་ན་ཡང་རྒྱ་ནག་ནང་ཁུལ་དུ་གཡོ་འཁྲབ་འདི་ལ་ད་དུང་ཚོང་ར་ངེས་ཅན་ཞིག་ཡོད་པས་རྒྱལ་ཁབ་ཀྱི་བདག་དབང་འུར་བསྟོད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་མཐོང་ཆུང་དང་དམའ་འབེབས་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་ཀྱི་བདག་དབང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཚབ་བྱས་ཏེ་མུ་མཐུད་དུ་རྒྱལ་ནང་གི་མི་དམངས་ལ་མགོ་སྐོར་གཏོང་གི་ཡོད།

སྤྱིར་བཏང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་དམར་ཤོག་གི་གདུག་རྩུབ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ནི་སྐབས་ཐོག་གི་གནད་དོན་གླེང་གི་ཡོད་པས་བདག་དབང་གི་གནད་དོན་དང་འབྲེལ་བ་གཏན་ནས་མེད། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་སྐྱོན་ཆ་ཡོད་པར་བརྗོད་པ་ནི་རྒྱ་ནག་གི་བདག་དབང་ལ་གནོད་འཚེ་གཏོང་བ་ཞིག་མིན། རྒྱ་ནག་དམར་ཤོག་གིས་ཆེད་དུ་བརྗོད་གཞི་རྙོག་འཛིང་དང་མི་གསལ་བ་བཟོ་བཞིན་ཡོད།

དྲང་མོར་བརྗོད་ན་འགྲོ་བ་མིའི་ཐོབ་ཐང་དང་བདག་དབང་གཉིས་ནམ་ཡང་འབྲེལ་བ་མེད་པ་ཞིག་མིན་སྟེ།  ཕྱིའི་མི་རིགས་ཀྱིས་བཙན་འཛུལ་བྱས་ཏེ་རྒྱལ་ཁབ་རྡོག་བརྫིས་གཏོང་སྐབས་རྒྱལ་ཁབ་ཀྱི་བདག་དབང་དང་འགྲོ་བ་མིའི་ཐོབ་ཐང་གཉིས་ཀ་ཤོར་འགྲོ་བ་དཔེར་ན་དམག་ཆེན་གཉིས་བའི་སྐབས་ཉི་ཧོང་གིས་རྒྱ་ནག་ལ་བཙན་འཛུལ་བྱས་པ་ལྟ་བུའི་གནས་སྟངས་ཐབས་རྡུགས་བྱུང་བ་ལས་གཞན། བདག་དབང་དང་འགྲོ་བ་མིའི་ཐོབ་ཐང་གཅིག་མཚུངས་ཡིན་པ་དཔེར་ན་རང་བཙན་ཡིན་པའི་དམངས་གཙོའི་རྒྱལ་ཁབ་ལྟ་བུ་དང༌། དེ་དང་རྒྱབ་འགལ་ཡིན་པ་རང་བཙན་ཡོད་པའི་སྲིད་དབང་གཅིག་སྡུད་ལམ་ལུགས་ཀྱི་རྒྱལ་ཁབ་ལྟ་བུ། དེང་སྐབས་ཀྱི་རྒྱ་ནག་ནི་ཕྱི་མ་དེར་གཏོགས།

མི་ཁ་ཤས་ཤིག་གིས་དོན་ངོ་མའི་རྒྱལ་ཁབ་ཀྱི་བདག་དབང་དེ་འགྲོ་བ་མིའི་ཐོབ་ཐང་ལས་མཐོའམ། ཡང་ན་འགྲོ་བ་མིའི་ཐོབ་ཐང་དེ་རྒྱལ་ཁབ་ཀྱི་བདག་དབང་ལས་མཐོ་བ་ཡིན་ནམ་ཅེས་དོགས་འདྲི་བྱེད་ཀྱི་ཡོད་མོད། ཡིན་ན་ཡང་ལན་དེ་ལས་སླ་བོ་ཞིག་རེད། རྒྱལ་ཁབ་གང་ཞིག་ཡིན་རུང་ཐོག་མར་མི་དམངས་ཀྱིས་གྲུབ་པ་དང༌། མི་དམངས་མེད་ཚེ་རྒྱལ་ཁབ་ཞིག་ཇི་ལྟར་འགྲུབ་བམ། དེ་ལྟར་ན་བདག་དབང་དེ་མི་དམངས་ཀྱི་ལག་ཏུ་ཡོད་ལ། གལ་སྲིད་མི་དམངས་ལ་དབང་ཆ་མེད་ན་བདག་དབང་དེ་གང་དུ་ཡོད་དམ།

དེང་སྐབས་རྒྱ་ནག་གིས་བརྗོད་བཞིན་པའི་བདག་དབང་དེ་ནི་རྒྱ་ནག་དམར་ཤོག་གི་ལག་ནང་གི་རྩེད་ཆས་ཤིག་ཡིན་པ་ལས། བྲན་བསྒྱུར་བྱེད་བཞིན་པ་དང༌། རྒྱལ་ཁབ་ཀྱི་ཆབ་སྲིད་དང་ལས་དབང་ཐད་ཤུགས་རྐྱེན་ཅི་ཡང་ཐེབས་མི་ཐུབ་པའི་རྒྱ་ནག་མི་དམངས་ལ་འབྲེལ་བ་ཅི་ཞིག་ཡོད་དམ། དེར་བརྟེན་འགྲོ་བ་མིའི་ཐོབ་ཐང་མེད་ཚེ་དོན་སྙིང་ལྡན་པའི་བདག་དབང་ངོ་མ་ཡང་མེད། བྲན་གཡོག་ལ་མེས་རྒྱལ་མེད་ཅེས་བརྗོད་བཞིན་པ་ལྟར། གོང་གི་རིགས་ལམ་དེ་དེད་ནས་སོང་ཚེ་འགྲོ་བ་མིའི་ཐོབ་ཐང་ནི་བདག་དབང་ལས་མཐོ་བ་ཡིན་པ་རྟོགས་ཐུབ་བོ།

དགུ་པ། རྒྱ་ནག་དམར་ཤོག་གིས་ཅིའི་ཕྱིར་བཙན་བྱོལ་མི་སྣ་བཟོ་བཞིན་ཡོད་དམ།
ལྟ་སྤྱོད་མི་མཐུན་པའི་མི་སྣ་ཕྱིའི་རྒྱལ་ཁབ་ཁག་ཏུ་རྒྱང་ཕུད་བཏང་བ་དང་མཉམ་དུ་མིང་ཐོ་ནག་པོ་ནང་བཀོད་དེ་ཕྱིར་རྒྱལ་ནང་དུ་ཡོང་མི་ཆོག་པ་བཟོ་བཞིན་པ་ནི་དབང་ཆ་གཅིག་སྡུད་ལམ་ལུགས་རྒྱལ་ཁབ་ཁག་གི་གཅིག་གྱུར་གྱི་བྱེད་ཐབས་ཤིག་ཡིན་ལ། ར་ཤི་ཡ་སྔོན་མ་ནི་བྱེད་ཐབས་འདི་ལག་ལེན་བསྟར་བར་མྱོང་གོམས་ཡོད་པའི་རྒྱལ་ཁབ་ཞིག་རེད། དེང་གི་འཛམ་གླིང་འདིར་བྱེད་ཐབས་འདི་ལག་ལེན་བསྟར་བཞིན་པའི་རྒྱལ་ཁབ་ཧ་ཅང་ཉུང་མོད། ཡིན་ན་ཡང་རྒྱ་ནག་དམར་ཤོག་ནི་བྱེད་ཐབས་འདི་མུ་མཐུད་མངོན་གསལ་དོད་པོའི་སྒོ་ནས་ལག་ལེན་བསྟར་བཞིན་པའི་རྒྱལ་ཁབ་ཉུང་ཤས་ཤིག་ཡོད་པའི་གྲས་ཀྱི་གཅིག་ཡིན་ལ། ཕྱིར་རྒྱལ་ནང་དུ་ཡོང་མི་ཆོག་པར་འགོག་སྡོམ་བྱས་ཡོད་པའི་བཙན་བྱོལ་མི་སྣའི་གྲངས་འབོར་དེ་འཛམ་གླིང་གི་རྩེ་མོར་སོན་ཡོད།

མེས་རྒྱལ་ནི་མི་དམངས་ཐུན་མོང་གིས་གྲུབ་པ་ཡིན་ལ། མི་སུ་ཞིག་ཡིན་རུང་རང་ཉིད་ནི་རང་ཉིད་སྐྱེས་ས་དང་འཚར་ལོངས་བྱུང་སའི་གནས་དེའི་རྒྱལ་ཁབ་ཀྱི་བདག་པོ་ངོ་མ་ཡིན། ཕན་ཚུན་བར་ལྟ་སྤྱོད་མི་མཐུན་པ་དང༌། མི་ཁ་ཤས་ཤིག་གིས་དབང་ཆ་བཟུང་ནས་མི་གཞན་དག་རྒྱལ་ཁབ་ཀྱི་སྒོ་ཆེན་ཕྱི་རོལ་ཏུ་རྒྱང་ཕུད་བཏང་བ་དེ་ནི་གཞུང་དབང་སྒེར་སྤྱོད་ཡིན་པ་མ་ཟད། ཐ་ན་རྒྱ་ནག་དམར་ཤོག་རང་ཉིད་ཀྱི་བཅའ་ཁྲིམས་ནང་དུ་ཡང་བྱེད་ཐབས་དེ་ནི་ཁྲིམས་མཐུན་རང་བཞིན་ཅན་ཡིན་པའི་དོན་ཚན་ཞིག་རྙེད་དཀའ་ལ། རང་ཉིད་ཀྱིས་བཟོས་བའི་མིང་ཐོ་ནག་པོ་འགོད་ཐབས་དེ་དག་བཅའ་ཁྲིམས་ཀྱི་དོན་ཚན་ནང་འཇོག་པར་རང་ཉིད་ངོ་གནོང་གི་ཡོད་པ་རེད།

རྒྱ་ནག་དམར་ཤོག་གིས་ལྟ་སྤྱོད་མི་མཐུན་པའི་མི་སྣ་ལ་ཁ་གཏད་གཅོག་ཆེད་བྱེད་ཐབས་གཉིས་ལག་བསྟར་བྱེད་ཀྱི་ཡོད་ལ། བཙོན་འཇུག་བྱེད་པ་དང་ཡང་ན་ཕྱིའི་རྒྱལ་ཁབ་ཁག་ཏུ་རྒྱང་ཕུད་གཏོང་གི་ཡོད། དེ་ལྟར་བྱེད་པ་ནི་ལྟ་སྤྱོད་མི་མཐུན་པའི་མི་སྣ་དང་མི་དམངས་བར་གྱི་འབྲེལ་ལམ་གཅོད་ཆེད་ཡིན་ལ། རྒྱ་ནག་དམར་ཤོག་རང་ཉིད་ཀྱིས་རང་ཉིད་ཀྱི་སྲིད་དབང་དེ་མི་དམངས་ཀྱི་ལག་ནས་ཡོང་བ་ཞིག་མིན་པ་ཤེས་ཀྱི་ཡོད་པས། ཁོ་ཚོ་ལ་སྐྱོན་བརྗོད་དང་ཁོ་ཚོའི་སྐོར་བགྲོ་གླེང་བྱེད་པར་ཞེད་སྣང་སྐྱེས་ཀྱི་ཡོད་ལ། ལྷག་པར་ཏུ་འོས་འདེམས་གནང་བར་དེ་ལས་ཀྱང་ཞེད་སྣང་སྐྱེས་ཀྱི་ཡོད།

ཁ་ཤས་ཀྱིས་ལྟ་སྤྱོད་མི་མཐུན་པའི་མི་སྣ་ནི་བེད་མེད་ཅན་ཞིག་ཡིན་པ་བསམ་གྱིན་ཡོད་པ་དེ་ནི་ཁོ་ཚོ་བཙོན་འཇུག་དང་ཕྱི་རྒྱལ་ཏུ་རྒྱང་ཕུད་བཏང་བའི་སྐབས་ཀྱི་ཕྱིའི་སྣང་ཚུལ་ཙམ་ཞིག་ཡིན་པ་ལས། ཁོང་ཚོ་བཙོན་འཇུག་དང་རྒྱང་ཕུད་མ་གཏོང་བར་མི་དམངས་དང་ཐད་ཀར་ཐུག་འཕྲད་གནང་བཅུག་ཚེ། ལྟ་སྤྱོད་མི་མཐུན་པའི་མི་སྣ་གཅིག་གིས་ཀྱང་རྒྱ་ནག་དམར་ཤོག་དབང་ཆ་གཅིག་སྡུད་ལམ་ལུགས་ཀྱི་རྨང་གཞི་ལ་འགུལ་བསྐྱོད་གཏོང་ཐུབ་ངེས་ཡིན་པ་རེད། གལ་སྲིད་ལྟ་སྤྱོད་མི་མཐུན་པའི་མི་སྣ་དེ་ཚོ་མི་དམངས་ཁྲོད་ཕྱིན་ཏེ་རང་ཉིད་ཀྱི་བསམ་ཚུལ་བརྗོད་པ་དང༌། རང་ཉིད་དང་རིགས་མཐུན་པ་རྣམས་ལ་འབོད་སྐུལ་བྱས་ཏེ་རྒྱ་ནག་དམར་ཤོག་ཚོགས་པ་དང་འདྲ་མཉམ་གྱིས་འགྲན་བསྡུར་གནང་བཅུག་ཚེ། རྒྱ་ནག་དམར་ཤོག་གི་ཁྲིམས་མཐུན་མིན་པའི་ས

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply