མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ལྐོག་བྱུས།

བོད་ཀྱི་དུས་བབ།
༢༠༠༨/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཀྲང་ཆིན་ལིས་དམར་ཤོག་ཚོགས་པའི་ལས་བྱེད་ཚོར་གསང་བའི་གཏམ་བཤད་སྤེལ་བའི་ཡིག་ཆ་ལྟར་ན། ཨོ་ལིམ་པིག་རྩེད་འགྲན་དང་རྒྱལ་སྤྱིའི་དོ་སྣང་ལ་མ་ལྟོས་པར་རྒྱ་ནག་གིས་བོད་ནང་དུ་དྲག་རྡུང་གི་ལས་འགུལ་སྤེལ་འཆར་ཡོད་འདུག

ཕྱི་ཚེས་ ༡༣ ཉིན་ཧོང་ཀོང་ན་ཡོད་པའི་གཟའ་ཉི་མའི་དུས་བབ་ཅེས་པས་གནས་ཚུལ་སྤེལ་བ་ལྟར་ན། ཀྲང་ཆིན་ལིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ལས་བྱེད་ཚོར་བསམ་བློའི་སློབ་གསོ་སྐོར་གྱི་ལས་འགུལ་སྐོར་ལ་སྐྱ་ཐིག་ཕབ་ནས་བརྗོད་ཡོད་པ་དང་། ཁོའི་གསང་བའི་གཏམ་བཤད་དེ་དག་རྒྱ་ནག་གི་གསར་ལམ་ཁག་ལའང་གསང་རྒྱ་བྱས་ཤིང་། དམར་ཤོག་ཚན་པའི་ནང་ཁུལ་ཁོ་ནར་འགྲེམ་སྤེལ་བྱེད་ཀྱིན་པའི་བོད་ཀྱི་གསར་འཕྲིན་ཅེས་པ་དེའི་ཕྱི་ཟླ་ ༤ དང་ ༥ པའི་འདོན་ཐེངས་སྟེང་བཀོད་ཡོད་འདུག ཀྲང་ཅིན་ལི་ཡི་གཏམ་བཤད་ཀྱི་ཚིག་དོན་དབྱིན་བསྒྱུར་མ་ཞིག་ཧོང་ཀོང་ན་ཡོད་པའི་གཟའ་ཉི་མའི་དུས་བབ་ཅེས་པའི་གསར་འགོད་པར་རག་ཡོད་འདུག

ཀྲང་ཅིན་ལིས་ནང་ཁུལ་གཏམ་བཤད་ཀྱི་སྐབས་ངོས་ལེན་བྱས་དོན། ལྷ་སར་ཡོད་པའི་རྒྱ་གཞུང་གི་ལས་བྱེད་ཚོས་ཕྱོགས་ཡོངས་ཀྱི་ངོ་རྒོལ་རིམ་པ་ཞིག་ལ་གདོང་ལེན་བྱེད་དགོས་པར་འཁེལ་ཞིང་། ཟླ་གསུམ་པའི་རྒྱ་རྒོལ་ངོ་ལོག་དེས་སྤྱི་ཚོགས་ཀྱི་བདེ་འཇགས་གཏོར་བརླག་བྱས་ཡོད་ལ། འདིའི་མཐའ་མཇུག་གི་རྒྱལ་ཁ་ལ་ད་དུང་ཧ་ཅང་ཐག་རིང་སྐོར་ཉེན་བརྡ་བཏང་ཡོད་པ་རེད།

ཡིག་ཆ་དེ་དག་གི་ནང་བཤད་དོན། གསུམ་པའི་བཅུ་བཞིའི་ངོ་རྒོལ་སྐབས། རྒྱ་ནག་གི་དམག་མི་དང་ཉེན་རྟོག་པ་ ༢༤༢ བསད་པ་དང་རྨས་ཡོད་ཟེར་ལ། ཡིན་ནའང་གྲངས་ཀ་ངེས་ཅན་གྱི་སྒོ་ནས་བཤད་མེད། དེ་བཞིན་ཁྱིམ་ཚང་ ༡༢༠ དང་ཚོང་ཁང་ ༩༠༨ གཏོར་སྐྱོན་བཏང་ཡོད་ཚུལ་བཀོད་ཡོད་འདུག ཡིན་ནའང་བོད་མིའི་ཕྱོགས་སུ་ཆག་སྒོ་ཅི་ཙམ་ཞིག་བྱུང་ཡོད་མེད་སྐོར་བཤད་མི་འདུག

ཀྲང་ཆིན་ལིས་མའོ་སྐབས་ཀྱི་བྱེད་ཐབས་ཤིག་འཁྱེད་ཡོང་ནས་ལས་འགུལ་གྱི་སྐྱ་ཐིག་ཕབ་པ་ནི། དགོན་སྡེ་ཁག་ལ་སྟངས་འཛིན་བྱེད་མཁན་གྱི་ ༼འཛིན་སྐྱོང་ཚོགས་ཆུང་༽ཞིག་དང་། གྲོང་ཁྱེར་ནང་ལྟ་རྟོག་དང་དྲག་ཆས་ཉེན་རྟོག་པར་རོགས་འདེགས་བྱེད་མཁན་༼སྲང་ལམ་ཚོགས་ཆུང་༽ ཞེས་པ་ཞིག་བཙུགས་ཡོད་འདུག

རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་མཉམ་དུ་སྐད་ཆ་བཤད་ཀྱིན་རྒྱལ་སྤྱིའི་སྟེང་ཞི་མོལ་གྱི་རྣམ་པ་ཞིག་བསྟན་ཡོད་ནའང་། ཀྲང་ཆིན་ལིའི་སྐད་ཆ་དག་གིས་བོད་རྒྱའི་བར་གྱི་སྐད་ཆ་འདི་དག་ནི་རྒྱ་ནག་གིས་དོན་དངོས་ཐོག་བོད་ནང་བཟུང་བའི་སྲིད་བྱུས་ཀྱི་གདོང་རིས་འགེབས་ཐབས་བྱས་ཡོད་འདུག སྐབས་དེ་དག་གི་ཁོའི་སྐད་ཆ་དག་ནི་དྲང་གཏམ་དུ་སྣང་ཞིང་། དེས་བསྟན་པ་ནི་རྒྱ་ནག་གིས་བོད་ལ་བདམས་པའི་སྲིད་བྱུས་ནི་སྔོན་མའི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་དྲིལ་བསྒྲགས་དང་དམག་དཔུང་གིས་རྒྱབ་རྩ་བྱས་པའི་བསམ་བློའི་སློབ་གསོ་སྤེལ་རྒྱུ་དེ་རེད།

ཀྲང་ཆིན་ལིས་གཏམ་བཤད་གཅིག་གི་ནང་བཤད་དོན། གསུམ་པའི་ ༡༤ དོན་རྐྱེན་གྱིས་སྤྱི་ཚོགས་ཀྱི་བདེ་འཇགས་ཡོངས་སུ་གཏོར་ཡོད་ལ། དེའི་རྗེས་ནས་བཟུང་མི་རྣམས་ཞེད་སྣང་གིས་ཁེངས་འདུག ཐ་ན་ཁོང་ཚོ་དགོན་པར་ཕྱིན་ནས་སྨོན་ལམ་འདེབས་པ་དང་མ་ཎི་འཁོར་ལོ་བསྐོར་བ་སོགས་ཀྱང་མཚམས་བཞག་འདུག འདིས་ང་ཚོར་བཤད་པ་ནི། ཏཱ་ལའི་བླ་མ་ནི་ནང་བསྟན་ཆོས་ལུགས་ཀྱི་ཉེས་ཅན་པ་ངོ་མ་དེ་རེད་ཟེར།

ཀྲང་གིས་ནམ་རྒྱུན་གྱི་གཏམ་བཤད་ནང་དུ། ལྷ་ས་ཁུལ་གྱི་སློབ་གྲྭ་དང་ཚོང་ལས། ལས་ཁུངས་སོགས་རྒྱུན་ལྡན་ཡིན་ཚུལ་སྒྲོག་གི་ཡོད།

ཀྲང་གིས་དམར་ཤོག་ནང་ཁུལ་ལ་བཤད་དོན། ང་ཚོ་མཐའ་མཇུག་གི་རྒྱལ་ཁའི་ཕྱོགས་ལ་ད་དུང་ཐག་རིང་ལ། ནུབ་ཕྱོགས་དགྲ་བོའི་སྟོབས་ཤུགས་ཀྱིས་རྒྱབ་རྩ་བྱས་པའི་ཏཱ་ལའི་སྒྲིག་འཛུགས་ཀྱི་ཁ་བྲལ་གྱི་འཆར་གཞི་གསར་པ་ཞིག་འདིང་གི་ཡོད་པ་རེད། དེར་བརྟེན། ཁྱེད་ཅག་ལས་དོན་རུ་ཁག་གི་མགོ་བ་ཚོས་ངེས་པར་དུ་ང་ཚོའི་རྒྱལ་སྒོ་སྲུང་ཞིང་མི་རྣམས་བཀོད་སྒྲིག་ནན་པོ་བྱེད་དགོས་པ་རེད། སྲང་ལས་ཚོགས་ཆུང་གི་མགོ་ཁྲིད་ཚོས་དོགས་ཟོན་ནན་མོ་དང་ཕྱི་མི་ཚང་མར་ལྟ་རྟོག་ནན་ཏན་བྱེད་དགོས། ཅེས་བཤད།

ཁོས་མུ་མཐུད་དོན། དྲིལ་བསྒྲགས་དང་སློབ་གསོ་ནི་ང་ཚོའི་ཏང་གི་ཁྱད་དུ་འཕགས་པའི་ཁེ་ཕན་དེ་ཡིན་ལ། ང་ཚོས་རང་ཉིད་ཏཱ་ལའི་རུ་ཚོགས་ཀྱི་ཁ་གཏད་ནས་སྐྱོབ་པའི་མཚོན་ཆ་བེད་སྤྱོད་ཆེ་ཤོས་ཀྱང་འདི་ཡིན། དེར་བརྟེན་དྲིལ་བསྒྲགས་པུའུ་ཡིས་སྔར་ལས་ལྷག་པའི་ལས་དོན་སྒྲུབ་སྟེ་གསང་བའི་ལས་དོན་འདི་དག་མངོན་འགྱུར་ཡོང་བ་བྱེད་དགོས་ཟེར།

ནང་ཁུལ་གྱི་ཡིག་ཆ་དེ་ལྟར་ན། ཉེན་རྟོག་པ་དང་གཞུང་ཆོས་ལུགས་ལྷན་ཁང་། ཏང་གི་ཡན་ལག་ལས་ཁུངས་མཐའ་དག་གིས་ཀྲང་ཆིན་ལི་ཡི་སྒྲིག་འཛུགས་ཀྱི་འོག་མཉམ་རུབ་ཀྱི་ལས་ཀ་བྱེད་དགོས་ཏེ། ཁོས་བཤད་རྒྱུར། འཛིན་སྐྱོང་ཚོགས་ཆུང་གི་ལས་དོན་ལ་ནུས་པ་ཐོན་པའི་ཆེད་དུ། སྡེ་ཚན་རེ་རེའི་ངོས་ནས་མེས་རྒྱལ་ལ་དགའ་ཞེན་དང་ཆོས་ལུགས་ལ་དགའ་ཞེན་ཆེ་བའི་མི་སྣ་དག་ཡོངས་སུ་བེད་སྤྱོད་གཏོང་དགོས་ཟེར།

འཛིན་སྐྱོང་ཚོགས་ཆུང་དེ་ནི་ཏང་གི་ཚད་ལྡན་ལམ་ལུགས་ཏེ། སྒྲིག་འཛུགས་གང་དུ་ཕྱིན་ནའང་ཏང་གི་སྲིད་བྱུས་ལ་བརྩི་སྲུང་བྱེད་པའི་ཡིད་ཆེས་ཡོད་མཁན་གྱི་དམར་ཤོག་ཚོགས་མི་དག་འདེམ་སྒྲིག་བྱེད་སྲོལ་ལྟར་བསྐོས་ཡོད་པ་རེད།

ཕྱི་ཟླ་ ༦ པའི་ཚེས་ ༢ ཉིན་གྱི་བོད་ལྗོངས་ཉིན་རེའི་གསར་ཤོག་ནང་དུ་ལྷ་སའི་དྲིལ་བསྒྲགས་པུའུ་ཡི་མགོ་གཙོ་ ལི་ཆེ་ ཟེར་བ་དེ་བས་མངོན་གསལ་གྱིས་བཀོད་ཡོད་ལ། ཁོས་བཤད་དོན། ང་ཚོས་ཐོག་མར་དགོན་པ་དག་གཙང་མ་བཟོ་དགོས་པ་དང་འཛིན་སྐྱོང་ཚོགས་ཆུང་གི་ནུས་ཤུགས་སྲ་བརྟན་གཏོང་དགོས་པ་རེད། དེའི་རྗེས་ནས་ང་ཚོས་ཁོང་ཚོ་དོན་དམ་གྱིས་སྟངས་འཛིན་བྱེད་ཅེས་བརྗོད་ཡོད་པ་རེད།

དོན་དངོས་ཐོག་བོད་ནང་གི་དམར་ཤོག་ཚོགས་པ་དང་དམག་མིས་དབང་སྒྱུར་གྱིན་ཡོད། ལྷ་སའི་ཉེ་འཁྲིས་མཐའ་སྐོར་ནི་དམག་སྒར་གྱིས་བསྐོར་ཞིང་། ལམ་མདོ་ཡོད་ཚད་ལ་ལྟ་སྲུང་བ་བཞག་ཡོད། དབང་ཆ་ངོ་མ་ནི་ཀྲང་ཆིན་ལི་དང་བོད་ལྗོངས་དམག་སྤྱི་ཐོང་ཀའེ་ཧྲན་གཉིས་ཀྱི་ལག་ཏུ་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese