ཨུ་རུ་སུའི་རྩོམ་པ་པོ་ཞིག་གྲོངས་པ།

ནོ་ཝེལ་རྩོམ་རིག་བྱ་དགའ་ཐོབ་མཁན་སྐུ་ཞབས་  solzhenitsyn སོལ་ཛེལ་ནེ་ཙིན་ལགས་ནི་ཨུ་རུ་སུའི་མི་ཡིན་ཞིང༌། གཟའ་ཉི་མའི་ཉིན་གྱི་དགོང་མོར་ཨུ་རུ་སུའི་རྒྱལ་ས་མོའོ་སུ་ཁོ་རུ་སྐུ་སྙུང་གཞིས་རྐྱེན་བྱས་ཏེ་འདས་ཀྲོངས་སུ་ཕྱིན་ཡོད་པ་དང་དགུང་ལོ་ ༨༩ ཡིན་འདུག

ཁོ་བོ་སྤྱི་ལོ་ ༡༩༡༨ ལོའི་ཟླ་༡༢པའི་ཚེས་༡༡ཉིན་ཨུ་རུ་སུར་སྐྱེས་ཤིང༌། སྤྱི་ལོ་ ༡༩༦༢ ལོར་བཙོན་པའི་གནས་སྟངས་སྐོར་གྱི་སྒྲུང་གཏམ་ཨར་ཝན་ཅེར་ནེ་སི་ཡི་ཉིན་གཅིགཞེས་པའི་དཔེ་དེབ་ཞིག་ཆབ་སྲིད་རྙོག་འཛིང་ཆེ་བའི་དུས་སྐབས་སུ་འགྲེམས་སྤེལ་བྱས་པས་སྙན་གྲགས་རྒྱས་ཤིང༌། ལོ་དེར་ཁོ་རང་ཨུ་རུ་སུ་རྩོམ་པ་པོ་མཐུན་ཚོགས་སུ་འདེམས་ཐོན་བྱུང༌། སྤྱི་ལོ་ ༡༩༦༩ ལོར་ཕྱི་ཕྱོགས་ནས་ཨུ་རུ་སུ་དམར་ཕྱོགས་ཚོགས་པས་སྲིད་དབང་གཅིག་སྡུད་ལམ་ལུགས་ལ་ངོ་རྒོལ་རྩོམ་ཡིག་སྤེལ་བ་དང༌། ཡ་ང་སྙིང་རྗེ་མེད་པའི་ཨུ་རུ་སུ་དམར་པོ་གཞུང་གི་མི་མང་ལ་མནར་གཅོད་གཏོང་བའི་དངོས་བྱུང་གི་ལོ་རྒྱུས་ཡིག་ཐོག་ཏུ་བཀོད་མཐར། ཨུ་རུ་སུ་འི་རྩོམ་པ་པོ་མཐུན་ཚོགས་ནས་ཕྱིར་ཕུད་བཏང་བ་ཡོད་པ་དང༌། སྤྱོ་ལོ་ ༡༩༧༠ ལོར་ཨུ་རུ་སུའི་དངོས་ལུགས་རིག་པའི་ཆེད་མཁས་པ་སཱ་ཧཱ་ལོ་ཧཕུ་ཡི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འགོ་འཛུགས་སྐབས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་མཁན་ཡིན་ལ། དམར་པོའི་གཞུང་དང་ལོགས་སུ་འགལ་བའི་ལྟ་བ་དང་བསམ་ཚུལ། དྲང་བདེན་ལ་རྒྱབ་སྐྱོར། ཨུ་རུ་སུའི་དངོས་བྱུང་འཁྲུལ་མེད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་གནད་དོན་ཁག་སུན་འབྱིན་བྱས་མཐར། མི་ལོ་ ༢༠ རིང་ཨུ་སུ་རུ་རྒྱལ་ཁབ་ནས་ཕྱིར་ཕུད་བཏང་བ་རེད། རྗེས་སུ་ཨ་རིར་གནས་སྤོར་བྱ་དགོས་བྱུང་ཡོད།  ཡིན་ནའང༌། ཁོང་གི་བློ་སྟོབས་དང་ཆོད་སེམས་ལ་འཛམ་གླིང་མི་དམངས་མི་དམངས་གིས་བསྔགས་བརྗོད་ཐོབ་པས་ནོར་ཝེ་རྩོམ་རིག་བྱ་དགའ་ཐོབ་ཅིང་སྙན་གྲགས་འཛམ་གླིང་ལ་ཁྱབ་པར་གྱུར། ཕྱིར་རང་རྒྱལ་དུ་ལོག་རྗེས། ཨུ་རུ་སུ་མི་དམངས་ལ་མི་བུ་སྒེར་བ་ཞིག་གིས་བློ་སྟོབས་དང༌། ཆོད་སེམས། དྲང་བདེན་གྱི་ནུས་པས་རང་གི་མི་ཚེའི་ལམ་བུ་ལ་འོད་སྟོང་གི་མདུན་ལམ་ཞིག་གསར་རྙེད་ཐུབ་པའི་བདེན་དཔང་དང་ར་སྤྲོད་གནང་ཡོད་ལ། ནུས་ཤུགས་ལྡན་པའི་སྲིད་དབང་གཅིག་སྡུད་ཅི་འདྲ་ཞིག་ཡིན་ཡང༌། མཐའ་མའི་དུས་སུ་ཕམ་ཉེས་སུ་འགྲོ་བའི་དབང་ཤུགས་དེ་མི་མང་ལ་གསལ་སྟོན་གནང་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply