རང་བཙན་ཕར་ཞོག བོད་ལ་དམངས་གཙོའང་མི་དགོས།

ལུང་རིགས་རྒྱལ་ནས།

ནེ་ཁོལ་ལགས་ཡང་བསྐྱར་སླེབས་སོང་། ༧གོང་ས་མཆོག་གི་ཨ་རུ་རའི་ཡལ་ག་དེ་ཁྱེར་ནས་སླེབས་སོང་། ཉིན་འདི་ཚོར་པེ་ཅིན་ནས་ཨོ་ལིམ་པིག་རྩེད་འགྲན་འདིའི་གསེར་གྱི་རྟགས་མ་རྩོད་སྐབས། ནེ་ཁོལ་གྱིས་ཧུའུ་ཅིན་ཐའོ་ལ་བོད་དོན་ཐག་གཅོད་ཀྱི་གསེར་གྱི་རྟགས་མ་དེ་ངོམ་གྱིན་འདུག

ནེ་ཁོལ་གྱི་ཡིད་ཆེས་གཙོ་བོ་ནི། རྒྱ་ནག་གིས་ལོ་འདིའི་ཕྱི་ཟླ་ ༡༡ པའི་ནང་དུ་༧གོང་ས་མཆོག་གདན་ཞུ་བྱས་ཏེ་སི་ཁྲོན་ས་ཡོམ་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ལ་མྱ་ངན་མཆོད་འབུལ་གནང་རྒྱུ་དེ་ཡིན་ལ། ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་འདི་འདྲ་ཞིག་ལ་བསྟུན་ནས་ལོ་ ༥༠ རིང་གི་ཆབ་སྲིད་ཀྱི་འཁྱགས་རོམ་དེ་གཏོར་རྒྱུ་དེ་ཡིན་ལ། ཁོས། ༼འདི་ནི་ལོ་ངོ་ ༥༠ རིང་རྒྱ་ནག་གི་དབུ་ཁྲིད་ཚོ་དང་ཏཱ་ལའི་བླ་མའི་བར་མཇལ་འཕྲད་གནང་བ་ཐེངས་དང་པོ་ཆགས་རྒྱུ་ཡིན་ལ། བོད་ཀྱི་གནད་དོན་སེལ་ཕྱོགས་ལ་ནུས་ཤུགས་ཆེན་པོ་ཞིག་སྤྲོད་གི་རེད་༽ཟེར།

༼གོ་སྐབས་འདི་ནི་བདུན་ཕྲག་སྔོན་མའི་ནང་དུ་ཏཱ་ལའི་བླ་མ་མཆོག་གིས་ཐེངས་དང་པོར་ཁོང་ཉིད་ནས་རྒྱ་ནག་གུང་ཁྲན་ཏང་གི་དབང་བསྒྱུར་ལ་ངོས་ལེན་གནང་ཐུབ་པའི་ཡོངས་ཁྱབ་ཀྱི་ངོས་ལེན་གནང་བ་ལས་བྱུང་བ་རེད། སྔོན་ཆད་ཏཱ་ལའི་བླ་མ་མཆོག་གིས་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ལུགས་ལྟ་བུ་ཞིག་གི་དགོས་འདུན་འདོན་གྱི་ཡོད་པ་རེད། འོན་ཀྱང་། ཐེངས་འདིའི་ཞལ་བཞེས་ནི་ཁོང་གིས་རྒྱ་ནག་གཞུང་མཉམ་དུ་ཐག་གཅོད་ཅིག་འབྱུང་བར་ཐུགས་རེ་ཆེན་པོ་གནང་གིན་པའི་བརྡ་ལན་རེད།༽

གྷོལ་ཌི་སི་ཐན་ལགས་ཀྱིས་ཀྱང་ཐེངས་འདིར། ༼ཏཱ་ལའི་བླ་མས་ཐུགས་ཐག་གཅོད་སྟངས་འདི་ནི་ལོ་རྒྱུས་ཀྱི་གཉན་འཕྲེང་གི་དུས་སྐབས་སུ་རླབས་ཆེན་གྱི་སྲིད་དོན་པ་དག་གིས་ཐག་གཅོད་ཕྱོགས་ཤིག་རེད། ལོ་ ༢༠ རིང་གི་འགག་མཚམས་འདིར་ཏཱ་ལའི་བླ་མ་མཆོག་གིས་ནུབ་ཕྱོགས་དང་བཙན་བྱོལ་བོད་མིར་ལྟ་ཚུལ་ལ་མ་འཛེམས་པར་ཁོང་གི་དགོངས་གཞི་གསལ་སྟོན་གནང་ཞིང་། ཁོང་སྐུ་སྒེར་གྱི་ཕྱོགས་ནས་པེ་ཅིན་གྱི་དབུ་ཁྲིད་ཚོར་དཀའ་རྙོག་འདི་སེལ་བའི་དོན་དུ་ད་ཆ་ཁོང་གིས་དཀའ་ཁག་གི་གྲོས་གཞི་དེར་ཞལ་བཞེས་གནང་རྒྱུའི་བརྡ་ལན་གསལ་བོ་ཞིག་ཕུལ་བ་རེད། ལོ་རབས་འདི་འདྲ་ཞིག་གི་རིང་སེལ་མ་ཐུབ་པའི་འདུམ་འགྲིག་དེར་ད་ནི་དོན་དངོས་ཀྱི་གོ་སྐབས་ཤིག་འདུག༽ཅེས་ཕྱི་ཚེས་ ༡༤ ཉིན་གྱི་ནེ་ཁོལ་གྱི་རྩོམ་ཡིག་ནང་བཤད་འདུག

ནེ་ཁོལ་གྱིས་བཤད་པ་ལྟར་ན། ད་ནི་དྲི་བ་གལ་ཆེ་ཤོས་དེ་ཧུའུ་ཅིན་ཐའོ་ཡི་ལག་ན་ཨ་རུ་རའི་ཡལ་ག་ཡོད་མེད་དེ་རེད་ཟེར། ༼ཕྱི་ཚེས་ ༡༣ ཉིན་གྱི་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་གསར་འགོད་འདུ་འཛོམས་ཤིག་གི་སྟེང་། མགྲིན་ཚབ་པ་ཆིན་ཀང་གིས་བཤད་པ་ནི། བོད་དང་འབྲེལ་བའི་གནད་དོན་ཐོག་ང་ཚོའི་ལངས་ཕྱོགས་དང་སྲིད་བྱུས་ནི་གསལ་བོ་དང་གཅིག་ཆོད་ཡིན། ང་ཚོས་ཏཱ་ལའི་བླ་མས་གང་བཤད་པ་དེ་ཁོ་ནར་ལྟས་ན་འགྲིག་གི་མ་རེད། ཁོས་གང་སྒྲུབ་གི་འདུག་དེ་ལ་ལྟ་དགོས་པ་རེད། ང་ཚོས་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་མཐོང་དགོས་ཀྱི་ཡོད།༽ ཟེར།

འདི་ནི་ནམ་རྒྱུན་གྱི་སྐྱོན་བརྗོད་ཙམ་རེད། ནེ་ཁོལ་གྱིས་ ༼ངའི་བསམ་ཚུལ་ཡིན་ན་རྒྱ་ནག་གཞུང་གི་ལས་བྱེད་ཚོས་གོང་རིམ་གྱི་མཛུབ་སྟོན་ལ་སྒུག་ཡོད་པ་རེད།༽ ཅེས་བརྗོད་ཡོད།

འདི་ལྟར་ནེ་ཁོལ་གྱིས་རྒྱ་བོད་ཕར་ཚུར་གཉིས་དང་ཐ་ན་རྒྱ་ནག་གཞུང་གི་ལས་བྱེད་དང་དཔོན་རིགས་ཚོའི་བར་ནའང་དུས་ཚོད་དང་བཀའ་བཀོད་ཀྱི་རིམ་པ་ཙམ་ལྷག་ཡོད་པ་མ་གཏོགས་གསར་ལམ་ཁག་ལ་དོན་དངོས་ཀྱི་གསལ་བཤད་ཅིག་ཡོད་པའི་གོ་བརྡ་སྤྲོད་གི་འདུག

ཁོའི་རྩོམ་ཡིག་སྔོན་མའི་ནང་བཤད་པ་ལྟར། ནེ་ཁོལ་གྱིས་ད་ནི་རྒྱ་རི་རིན་པོ་ཆེས་སྣེ་ཁྲིད་པའི་སྐུ་ཚབ་ཚོ་དང་། འཐབ་ཕྱོགས་གཅིག་གྱུར་ཁང་བར་གྱི་གྲོས་མོལ་གྱི་རིམ་པ་འདི་གང་དུའང་མི་སླེབས་སྟབས། རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་རིམ་པའི་དབུ་ཁྲིད་དང་ཏཱ་ལའི་བླ་མའི་བར་ཐད་ཀའི་བཀའ་མོལ་གནང་དགོས་པ་རེད་ཟེར།

 

ནེ་ཁོ་ལ་སི་ ཌེ་ ཁེ་རེ་སི་ཊོ་ཧྥུ་ NICHOLAS D. KRISTOF ནི་ནེའུ་ཡོག་དུས་བབ་ཀྱི་ཆེད་བརྗོད་འབྲི་མཁན་ཡིན།

བསྐྱར་བཅོས།: ༢༠༠༨/༠༨/༡༤

Leave a Reply

8 thoughts on “རང་བཙན་ཕར་ཞོག བོད་ལ་དམངས་གཙོའང་མི་དགོས།

  1. རྩོམ་སྒྲིག་པ་རྣམས་པ
    དུས་བབས་ཀྱི་དྲ་གནས་འདི་གྲ་ཇེ་དག་དང་དོན་ཇེ་རྒྱས། སྤུས་ཇེ་ལེགས་སུ་འགྲོ་བཞིན་པ་འདིར་སྙིང་ཐག་པ་ནས་དགའ་བསུ་དང་ཁྱེད་རྣམ་པའི་ལག་རྗེས་འདིར་རྗེས་སུ་ཡི་རངས་ཡོད །།

  2. ཨ་རིག་དགེ་མཐོང་།

    ཨ་རོ་འབྲོག་པ་ཆོས་གྲགས།ཨ་རིག་པ་ཚོ་ལ་མི་དགའ་དོན་ཅི།ནགས་ཆུའི་ཞི་མོའི་བསླུསཔ་་མིན་ནམ།མ་གཞི་ཀླ་མོ་ཚོས་གྲོགས་པོའི་མཐུན་སྒྲིལ་ལ་གཏོར་ཤིག་གཏོང་སྲིད་།འུ་ཚོ་ངོ་ཤེས་རེད།ཡིན་ན་ཡང་གནས་ཚང་གིས་ཏཱ་ལའི་བླ་མས་ཁ་གཅིག་ལས་ཚིག་གཉིས་གསུང་དོན་ཅི།ཞེས་པའི་ཚིག་ངས་རྣ་བའི་གོ་ན་མི་འདོད་ཀི།

  3. འབྲོག་རུ་ཆོས་གྲགས།

    ཨོ་ ཨ་རིག་དགེ་མཐོང་ལ་དེ་འདྲའི་ཁ་ཕོ་ཆེ་ལ། དེ་འདྲ་མ་བཤད་དང་ང་ཚོ་ཚང་མས་ལྷག་བསམ་རྣམ་དག་གིས་དོན་དག་ཡག་པོ་ཞིག་ཨེ་ཡོང་གི་ལྟ་གི་ཡོད་ན། དེ་འདྲ་གི་མི་གཞི་ལ་དམའ་འབེབ་བྱས་ནས་ཁྱེད་ལ་ཅི་ཞིག་ཡོང་རྒྱུ་ཡོད་ཁུ། དང་པོ་ཁ་གྲགས་དུས་ནས་ཤེས་ཡོན་པ་ཞིག་གི་སྐད་ཆ་བཤད་སྟངས་ལ་མི་རིགས་གི་རྩྭ་ཐང་གི་ཟོག་རྫི་མགོ་སྟོང་ཅིག་ལ་རིགས་གི། ཡིན་ན་འང་ངས་མྱི་སྨྱོན་ངོ་མི་ཤེས། འདི་ནི་གསལ་བཤད་ཅིག་ཡིན།

  4. ཨ་རིག་དགེ་མཐོང་།

    བདག་པོ་མེད་པས་གནས་ཚང་ལགས།ངོ་མ་ཁྱེད་འཐོམས་འདུག་༸གོང་ས་མཆོག་མི་སུ་ཞིག་གི་གཡོ་འོག་ཏུ་ནམ་ཡང་ཚུད་མི་སྲིད།རྒྱུ་མཚན་མང་ཡང་ཁྱེད་ལྟ་བུ་ལ་བཀོད་ན་ཕན་འབྲས་མེད།